WedOctWed2019

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

གས་ཁ་ཅན་གྱི་རྫ་བུམ།

གས་ཁ་ཅན་གྱི་རྫ་བུམ།

རྒྱ་གར་ནང་ཆུ་ལེན་མཁན་ཞིག་ལ་རྫ་བུམ་ཆེན་པོ་གཉིས་ཡོད་པ་དང༌། དེ་གཉིས་ནི་ཆུ་ལེན་མཁན་དེའི་ཕྲག་པར་འཁྱེར་བའི་ཆུ་འཁུར་ཤིང་གི་སྣེ་གཉིས་སུ་སྦྲེལ་ཡོད།

རྫ་བུམ་གཉིས་ཀྱི་གཅིག་ལ་གས་ཁ་ཤོར་ཡོད་པ་དང༌། གཅིག་ཤོས་ལ་གས་ཁ་ཅི་ཡང་མེད་པས་རྟག་དུ་ཆུ་ལེན་མཁན་གྱིས་ཆུ་མིག་ནས་གོམས་བགྲོད་ཡུན་རིང་བྱས་མཐར་ཆུ་བུམ་པ་ལྟེམ་མེ་བ་རེ་ནང་དུ་ཁྱེར་ཐུབ་ཀྱི་ཡོད། གས་ཁ་ཅན་གྱི་རྫ་བུམ་དེས་ཆུ་བུམ་ཕྱེད་ཙམ་མ་གཏོཊ་ཁྱེར་མི་ཐུབ།

ཉིན་རེ་བཞིན་ལོ་ངོ་ཧྲིལ་པོ་གཉིས་ཀྱི་རིང༌། ཆུ་ལེན་མཁན་གྱིས་འདི་ལྟར་ཆུ་བུམ་པ་གང་དང་ཕྱེད་རེ་ཁོའི་སྦྱིན་བདག་གི་ཁྱིམ་དུ་ཁྱེར་ནས་ཕྱིན་པ་རེད། ཨ་ཅང་ཅང༌། གས་སྐྱོན་མེད་པའི་རྫ་བུམ་དེས་རང་ཉིད་ཀྱི་ལེཊ་འགྲུབ་དག་དེ་ལྟར་མཐའ་འཁྱོངས་པར་སྤོབས་པ་བྱེད་ཀྱི་ཡོད། འོན་ཀྱང་སྙིང་རྗེ། གས་ཁ་ཅན་གྱི་རྫ་བུམ་དེས་རྟག་པར་རང་གིས་ཆུ་བུམ་པ་ཕྱེད་ཙམ་རེ་ལས་ཁྱེར་མ་ཐུབ་པར་སེམས་པ་སྐྱོ་ཞིང་རང་གི་མ་འདང་བའི་ཆ་ལ་ངོ་ཚ་སྐྱེས།

ལོ་ངོ་གཉིས་ཀྱི་རྗེས་སུ་ཁོས་རང་ཉིད་ཀྱིས་ཡིད་སྐྱོ་ལ་ལམ་ལྷོང་མེད་པ་ཞིག་བྱས་དོན་རྟོགས་བྱུང༌། ཉིན་ཞིག་ཆུ་མིག་འགྲམ་ནས་གས་ཁ་ཅན་གྱི་རྫ་བུམ་དེས་ཆུ་ལེན་མཁན་ལ་འདི་ལྟར་བཤད། "ང་ནི་རང་ཉིད་ལ་ངོ་ཚ་ཞིང༌། ཁྱེད་ལ་ཡང་དགོངས་དག་ཞུ་འདོད་བྱུང༌།" ཆུ་ལེན་མཁན་གྱིས། " ག་རེ་བྱས་ནས། ཁྱོད་ཅི་ཞིག་ལ་ངོ་ཚ" ཞེས་དྲིས། "ལོ་ངོ་གཉིས་ཀྱི་རིང་ངའི་གས་ཁ་འདིས་རྐྱེན་པས་ངའི་ནང་གི་ཆུ་རྣམས་ཐིགས་ནས་སྦྱིན་བདག་གི་ཁྱིམ་དུ་ཆུ་བུམ་པ་ཕྱེད་ཙམ་རེ་ལས་ཁྱེར་ཐུབ་མེད་པ་དང༌། ངས་རྐྱེན་པས་ཁྱེད་ཀྱིས་དཀའ་ཚེཊ་དེ་འདྲ་མང་པོ་བསྐྱོན་དགོས་ཁེལ་བ་ཞིང༌། ངས་ཁྱེད་ཀྱི་ངལ་རྩོལ་ཆུད་ཟོས་སུ་བཏང་བ་རེད།" ཞེས་བཤད།

ཆུ་ལེན་མཁན་དེས་གས་ཁ་ཅན་གྱི་རྫ་བུམ་གྱིས་བསམ་བློ

དེ་ལྟར་བཏང་པར་བློ་ཕམ་དང་སྙིང་རྗེ་བའི་ངང་འདི་ལྟར་བཤད། " ངེད་ཅག་ཕྱིར་སྦྱིན་བདག་གི་ཁྱིམ་དུ་འགྲ་དུས་ལམ་འགྲམ་དུ་མཛེས་སྡུག་ལྡན་པའི་མེ་ཏོག་གིས་ཁེངས་ཡོད་པ་ངས་ཁྱེད་ཀྱིས་ཤེས་ན་འདོད"ཟེར། ཁོ་ཚོ་རི་ཆུང་ཞིག་ལ་ཡར་འགོས་པ་ན། གས་ཁ་ཅན་གྱི་རྫ་བུམ་གྱིས་ལམ་འགྲམ་གྱི་རང་བྱུང་གི་མེ་ཏོག་དག་ནི་དོན་ངོས་སུ་ཉི་དྲོད་ཀྱིས་བསྐྱངས་པ་རྟོཊ། མཐར་ལམ་མདོར་སླེབས་པ་ན་རྫ་བུམ་དེའི་ནང་གི་ཆུ་ཕྱེད་ཀ་བཞུར་ཚར་ཡོད་པས་ཁོ་རང་དོགས་མ་བདེ་ནས། ཆུ་ལེན་མཁན་ལ་རང་གི་མ་འདང་བའི་ཆ་ལ་དགོངས་སེལ་ཞུས།

ཆུ་ལེན་མཁན་གྱིས། " ལམ་འགྲམ་དུ་ཁྱེད་རང་གི་ཐད་ཀྱི་ལམ་ཟུར་གཅིག་པུར་མེ་ཏོག་སྐྱེས་ཡོད་པར་ཁྱེད་རང་དོ་སྣང་མ་བྱུང་ངམ། ངས་ཁྱེད་ལ་གས་ཁ་ཡོད་པ་ཤེས་པས་དེའི་ལེཊ་ཆ་བླངས་ནས་ཁྱེད་ཕྱོཊ་ཀྱི་ལམ་ཟུར་དུ་ས་བོན་བཏབ་པ་ཡིན། ཉིན་ལྟར་ང་ཚོས་ཆུ་ཁུར་ནས་ཕྱིར་ལོག་སྐབས་ཁྱེད་ཀྱིས་མེ་ཏོག་ལ་ཆུ་གཏོར་བས་ད་གཟོད་ལོ་ངོ་གཉིས་ཀྱི་རིང་ལ་ངས་མེ་ཏོག་ཐུས་ནས་སྦྱིན་བདག་གི་མདུན་འཇོག་སྟེང་དུ་མེ་ཏོག་གི་མཛེས་རྒྱན་སྤྲས་རྒྱུ་བྱུང༌། གལ་ཏེ་ད་ལྟའི་ཁྱོད་ལྟ་བུའི་རྫ་བུམ་ཞིག་མེད་ཚེ། ང་ཚོའི་བྱིན་བདག་ལ་འདི་ལྟར་མེ་ཏོག་གི་དྲི་ཞིམ་འཐུལ་བའི་ཁང་པ་སྙིང་རྗེ་པོ་ཞིག་ག་ལ་ཡོད་ཅེས་ལབ་པ་རེད།

རྐ་འབྲོང་ཕྲུག་གམ་རྐ་འོད་ཀྱིས་བསྒྱུར་ཁུལ་བྱས།
༢༠༡༥།༩།༡༥།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།