SunFebSun2017

སྤེལ་དུས་མཐའ་མ།08:34:18 AM GMT

རྩོམ་གསར།:

ཐག་གཅོད་དཀའ་བའི་རྒན་གཞོན་གཉིས་ཀྱི་ཁྱད་པར།

ཐག་གཅོད་དཀའ་བའི་རྒན་གཞོན་གཉིས་ཀྱི་ཁྱད་པར།

༡༽    བསམ་བློ་རྙིང་རུལ་ལ་རྒོལ་བའི་སྔོན་གླེང༌།
འུ་ཅག་བོད་མི་རིགས་ཀྱི་བསམ་བློ་ཞིག་གམ་ཡང་ན་བགས་ཆགས་ཤིག་གིས་གནའ་དེང་གི་སྤྱི་ཚོགས་གསར་རྙིང་གང་ཞིག་ཡིན་རུང་བོད་མི་ཚོས་ལོ་རྒན་ནར་སོན་ཞིག་ཡིན་ཕྱིན་བསམ་བློ་གཏོང་སྟངས་བཟང་བ་དང༌། སྒོ་གསུམ་གྱི་བྱ་སྤྱོད་ཕུན་སུམ་ཚོགས་པོ་ཞིག་ཡོད་ཤག་ཤག་ཏུ་བརྩིས་ཏེ་གྲལ་འགོ་བཞག་རྐྱང་དང་གོང་ནས་གོང་དུ་བཀུར་བའི་གུས་བརྩི་ཞུ་སྟངས་ཀྱང་ཇི་རྙེད་ཅིག་ཡོད་པ་དེ་རིགས་བཟང་བའི་ཆ་ཞིག་ཏུ་སྒོམ་ནས་མགོ་དམའ་དམའ་དང་དཔའ་ཞུམ་ཞུམ་གྱིས་རྒན་པས་གང་ཞིག་བྱས་ནའང་འཁྲུལ་མེད་འགྲིག་རྐྱང་བྱས་པ་དེ་ཙམ་གྱིས་རང་རེ་བོད་པའི་སྤྱི་ཚོགས་རྗེས་ལུས་ཇི་ཙམ་ཐེབས་ཡོད་མེད་དང༌། ད་དུང་ཡང་ཇི་ཙམ་རིང་རྗེས་ལུས་ཐེབས་རྒྱུ་ཡིན་མིན་ཕལ་ཆེར་རྟོགས་ཐུབ་སྙམ། ལྷག་པར་དུ་སློབ་གྲྭ་ལྟ་བུའི་བསམ་བློ་གུ་ཡངས་དང་ཤེས་ཡོན་གྱི་ལྟེ་གནས་སུ་དབང་འཛིན་མཁན་གྱི་རྒན་རབས་རྣམ་པས་རང་ལྟ་མཆོག་འཛིན་དང་ཀླད་རྙིང་མཁྲེགས་བཟུང་གིས་ནོར་འཁྲུལ་རིགས་མང་དུ་བཟོ་བཞིན་ཡོད་པ་དེར་ངེས་པར་དུ་ཕར་རྒོལ་བྱེད་པའི་གདེང་སྤོབས་ཡོད་དགོས་པ་དང་སྐྱོན་འཛུགས་བྱེད་ཕོད་པའི་དཔའ་ངལ་ལྡན་དགོས་པ་ལས་མགོ་སྒུལ་དགོས་པའི་གནས་སྟངས་སླེབས་མེད། ཡིན་ཡང་དེ་ལྟར་བྱ་ཕོད་པའི་བསམ་བློ་འཁོར་ཐུབ་མཁན་གྱི་སློབ་ཕྲུག་སྒེར་ཚུགས་ཅན་རེ་ཟུང་ཡང་རང་རེ་བོད་པའི་སློབ་གྲྭ་ཁག་ཏུ་ཧ་ཅང་དཀོན། དེས་ན་ན་ཚོད་གཞོན་ལ་སློབ་ལ་བརྩོན་པའི་བོད་རིགས་སློབ་ཕྲུག་དག་གིས་སྤྱི་ཚོགས་ཡར་ཐོན་གྱི་བསམ་བློ་ཆེར་བསྐྱེད་ཀྱིས་རྒོལ་འགོག་ནན་པོ་ཅི་ནས་ཀྱང་བྱེད་ཕོད་པ་བྱེད་དགོས་པ་རེད་མ་གཏོགས་འགན་དབང་འཛིན་མཁན་རྣམས་ཀྱི་མིག་ལམ་དུ་འགྲོ་ཐབས་བྱས་ཏེ་མིག་གཉིས་ཡོད་ཀྱག་ལོང་བ་ལྟར། ཨ་ཆོག་ཡོད་ཀྱང་འོན་པའི་བཟོ་འདྲ་བོས་གྲགས་མེད་འགུལ་མེད་དུ་སྡོད་མི་ཉན། ཅིའི་ཕྱིར་ཞེས་ན། དེ་ནི་ཕ་གི་དགྲ་ལ་རྒྱབ་སྐྱོར་གྱི་ཚུལ་དུ་རང་ཉིད་གསོད་བྱེད་ཀྱི་མེ་མདའ་སྟེར་ནས་རང་ཉིད་གསོད་པར་བྱེད་དུ་འཇུག་པ་དང་ཀུན་ནས་མཚུངས་པས་སོ།

༢༽   བསམ་བློའི་ཁྱད་པར་དངོས་ལ་འཇུག་པ།

སྤྱིར་བཏང་རང་རེ་བོད་པའི་སྤྱི་ཚོགས་སུ་གཞོན་པས་རྒན་པར་གུས་བཀུར་དང་རྒན་པས་གཞོན་པར་བྱམས་སྐྱོང་བྱེད་པའི་སྲོལ་བཟང་ཞིག་ཡོད་པ་བཟང་མོད། འོན་ཀྱང་རྒན་པས་བྱས་པའི་ནོར་འཁྲུལ་ལ་གཞོན་པས་དང་བླངས་བྱེད་རྐྱང་དང་དེ་ལུགས་ཡིན་ཤག་གིས་ཞག་འགྱངས་ཉིན་འགྱངས་བྱེད་དགོས་དོན་མེད་ལ། སྐྱོན་འཛུགས་རྒོལ་འགོག་བྱེད་ཕོད་པའི་དཔའ་ཡང་ཞུམ་དགོས་དོན་དེ་བས་མེད། གང་ལེགས་ཤེ་ན། རྒན་པ་དེ་རིགས་ཀྱིས་བསམ

བློར་རང་ཉིད་ངོ་གདོང་འགེབས་སྲུང་བྱེད་རྒྱུར་གཙོ་གཉེར་བྱས་ཏེ་ཕྱི་ཚུལ་རྫིག་པོ་སྟོན་ཐུབ་ཙམ་ལས་དོན་དམ་པར་ནང་གི་སྐྱོན་ཆ་ཇི་བྱུང་ལ་བཅོས་བསྒྱུར་གྱི་བསམ་བློ་མི་ལྡན་པས་སོ། དེ་དང་དེ་འདྲ་བའི་འགན་འཛིན་དང་འགོ་འཁྲི། དགེ་རྒན་རྒན་པ་དག་ནི་ལོ་ན་རྒན་པ་ཙམ་ལས་བསམ་བློ་རྒན་པ་མིན་སྟབས། བདེན་པ་འཚོལ་ཐབས་བྱེད་མཁན་གྱི་ན་གཞོན་དག་གིས་བྱིས་བློ་ཅན་གྱི་མི་བུ་དེ་རིགས་ལ་གུས་བཀུར་མཚོན་བྱེད་མགོ་སྒུལ་སྒུལ་ངང་སྤྲེལ་ལས་ཅིས་ཀྱང་བྱེད་་མི་འོས་སྙམ། དེ་ལས་བསམ་བློ་དང་ཀུན་སྤྱོད་གཉིས་ཐད་ནས་གནས་ཚད་སྤུས་ལེགས་ཅན་ན་མཉམ་སློབ་གྲོགས་དག་ལ་གུས་བཀུར་དང་ཡི་རང་བྱེད་རྒྱུ་དེ་བས་གལ་འགངས་ཆེའོ།

༣༽   སྤྱི་སེམས་དོ་ཁུར་གྱི་བསམ་བློ་གླེང་བ།

སྤྱི་སེམས་དོ་ཁུར་བཤད་དུས་རྒན་གཞོན་ཕོ་མོ་སུ་ལའང་དམིགས་བསལ་མེད་ལ་ཚང་མས་བྱེད་དགོས་པའི་ལས་འགན་ལས་ལྷག་པའི་འོས་འགན་ཞིག་ཅིས་ཀྱང་ཡིན་པས། མཐོ་འགོ་འཁྲི་དང༌། འགན་འཛིན། དགེ་རྒན་ནས་བཟུང་སྟེ་སྨད་སློབ་ཕྲུག་དང་མི་མང་ཡོངས་ནས་སྤྱི་ཚོགས་རམ་འདེགས་ཀྱི་བསམ་བློ་ལྡན་དགོས། དེ་མིན་སྒེར་སེམས་དོ་ཁུར་གཙོ་གཉེར་བྱེད་མཁན་གྱི་འགོ་འཁྲི་དང༌། འགན་འཛིན། དགེ་རྒན་ནི་སུ་ལའང་མི་མཁོ་སྙམ། དེང་སང་སྤྱི་ཚོགས་ཆེ་འབྲིང་ཆུང་གསུམ་གང་ཞིག་ཡིན་རུང་མི་འབོར་མང་ཤོས་ཤིག་གིས་མི་རབས་རྒན་པ་ཡིན་ཚད་ཐམས་ཅད་བསམ་བློའི་གནས་ཚད་མཐོ་བ་བརྩིས་ཤག་དང༌། མི་རབས་གཞོན་པ་ཡིན་ཚད་ཐམས་ཅད་བསམ་བློའི་གནས་ཚད་དམའ་ཤོས་ཤིག་ཏུ་བརྩིས་རྐྱང་བྱེད་པའི་བགས་ཆག་རྙིང་པ་ཞིག་གམ་བསམ་བློ་རྙིང་པ་ཞིག་ཡོད་པ་གསལ་པོ་རེད། དེ་འདྲའི་བསམ་བློ་དེ་ད་དུང་བསམ་བློ་རྙིང་པ་རེད་ཅེས་བསྙད་ཆོག་སྙམ། དེ་མིན་དངོས་ནས་བོད་མི་རིགས་ལ་ཞེན་ཁོག་དང་རྒྱལ་ཞེན་ཆེ་བའི་མི་རབས་རྒན་པ་ཁག་ཅིག་གིས་གདམས་པའི་མན་ངག་འགའ་ལ་བསམ་བློ་རྙིང་པ་དང་ཀླད་རྙིང་མཁྲེགས་བཟུང་བྱེད་པ་རེད་ཟེར་ཉེས་འདོགས་སྐྱོན་འཛུགས་བྱེད་ན་བོད་པའི་ཁ་རྒྱུན་ལ"ཨ་མ་དང་གདོན་འདྲེ་ནོར"ཟེར་བ་དང་ཁྱད་ཅི་ཡོད། དེའི་ཕྱིར་མཁས་པ་གཟུ་བོར་གནས་པ་དག་གིས་བརྟག་པར་འཚལ།།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།