TueFebTue2017

སྤེལ་དུས་མཐའ་མ།08:34:18 AM GMT

རྩོམ་གསར།:

དཔེ་ཀློག་དང་མྱོང་བ།

དཔེ་ཀློག་དང་མྱོང་བ།<<ཡ་ཧུ་དཱ་པའི་སློབ་གསོའི་མན་ངག>>བཀླགས་རྗེས་ཀྱི་མྱོང་བ་ཐན་ཐུན།

___ གཞི་བདག

ཡ་ཧུ་དཱ་པའི་སློབ་གསོའི་མན་ངག་བཀླགས་རྗེས་ངས་རང་ཉིད་ཀྱི་འདས་སོང་དང་འཚར་ལོངས་ལའང་ཕྱིར་མིག་རེ་མི་ལྟ་རང་ལྟ་ཆགས་ཡོད་ལ། འབྱུང་འགྱུར་ལའང་བསམ་གཞིག་གི་དྲི་རྟགས་རེ་དགོད་དགོས་བྱུང་། སྤྱིར་ན་མི་རེ་ལ་སློབ་གསོའི་འཚར་ལོངས་གི་མྱོངས་བ་མ་འདྲ་བ་རེ་ཡོད་མོད། ཡ་ཧུ་དཱ་པའི་སློབ་གསོའི་དམིགས་འབེན་དང་ངེད་ཅག་གི་སློབ་གསོའི་འཚར་ལོངས་གཉིས་ལ་ཧེ་བག་ཆེན་པོ་ཤོར་འདུག དེ་ནི་ཡ་ཧུ་དཱ་པའི་སློབ་གསོའི་ཁ་ཕྱོགས་ནི་དོགས་སློང་དང་རང་རྟོན། མཚར་འཛིན་གྱི་བྱིས་བློ། དཀྱེལ་ཡངས་དང་བསམ་གཞིག རང་རྩིས་དང་དུས་ཚོད་སོགས་ལ་རིན་ཐང་བླ་ལྷག་སྤྲོད་ཅིང་། དེ་དག་གི་ཁྲོད་ནས་བྱིས་པའི་རང་རྒྱུད་ལ་ཆུང་དུས་ནས་ཐུན་མིན་ཁྱད་དུ་འཕགས་པའི་སློབ་གསོའི་ས་བོན་བཏབས་པས། ད་སྐབས་ཀུན་པོས་རྣ་བ་ཅོར་ཅོར་དང་མིག་ཟུང་རིག་རིག་གིས་ཁོང་ཅག་གི་སློབ་གསོའི་ཁྱད་འཕགས་ཀྱི་ནུས་པ་ལ་བསྔགས་བརྗོད་བྱེད་ཀྱིན་ཡོད། ང་ཚོ་ནི་དེ་ལས་ལྡོག་ཏེ་བྱིས་པའི་མཚར་འཛིན་གྱི་བློ་ལ་སྣང་མེད་གཏོང་ཞིང་སུན་སྣང་བྱེད། ད་དུང་ནང་དུ་མགྲོན་པོ་རེ་ཡོང་ཚེ་བྱིས་པ་ཞིག་གིས་ཅི་ཤེས་ཟེར་བཞིན་གཞན་གྱི་སྐད་ཆ་ལའང་ཉན་དབང་མེད་པར་ཧ་ཅང་འཁོས་ཞན་དུ་བརྩི་བས་བྱིས་པའི་རང་རྒྱུད་ལའང་རང་ཉིད་ནི་ཅི་ཡང་མི་འཇོན་མཁན་དང་ཅི་ཡང་མི་ནུས་པའི་བག་ཆགས་ངན་པ་ཞིག་གི་ས་བོན་བཏབས་ཟིན་པ་ཡིན། དེའི་རྐྱེན་གྱིས་ངེད་ཅག་ནར་སོན་ནའང་གཞན་མདུན་ནས་སྐད་ཆ་བཤད་པའི་བློ་སྤོབས་དང་ལས་ཀ་གང་ཞིག་བརྩམ་པར་ཧ་ཅང་ཞེད་སྣང་དང་གདོང་གཏོད་ཀྱི་ནུས་ཤུགས་དབེན་པ་སོགས་ཀྱང་མདོར་དེད་ན་བྱིས་དུས་ཀྱི་སློབ་གསོ་ལ་རག་ལས་འདུག་པར་སྙམ་པའི་རང་ཉིད་ལ་དོགས་གཞི་རེ་ངང་གིས་སྐྱེས།

ཡ་ཧུ་དཱ་པ་བ་རྣམས་ཀྱིས་རང་ཉིད་ཀྱི་བུ་ཕྲུག་དག་དཀའ་ངལ་ཞིག་ལ་འཕྲད་ཚེ་དཀའ་ངལ་ལས་ལྡོག་པར་བྱེད་དུ་མི་འཇུག་ལ། ཕ་མས་བརྩེ་བ་ཆེན་པོའི་ངང་ནས་བུ་ཚབ་བྱས་ནས་དཀའ་ངལ་དག་སེལ་བར་ཡང་མི་བྱེད། ཁོང་ཚོས་བུ་ཕྲུག་དག་དཀའ་ངལ་ལ་གདོང་ཇི་ལྟར་གཏོད་པའི་རིམ་པ་དང་དཀའ་ངལ་ལས་ཐར་བར་བྱེད་པའི་ཐབས་ལམ་མམ་རིག་པ་བསླབས་ནས་བུ་ཕྲུག་རང་ཉིད་དེ་ལས་བགྲོད་པར་བྱེད་དུ་འཇུག་པ་ལས་ཕ་མའི་རོགས་འདེགས་ལས་བུ་ཕྲུག་གི་དཀའ་ངལ་སེལ་བར་བྱེད་པ་མིན། ཡ་ཧུ་དཱ་པ་རྣམས་ཀྱིས་དུས་རྒྱུན་རང་ཉིད་མཐོང་བར་བྱ། རང་ངོ་ཟིན་པར་བྱ། རྣམ་པ་ཀུན་ཏུ་བཤད་པ་ཡིན། དེ་ལྟར་བཤད་པའི་དམིགས་ཡུལ་ནི་རང་རྟོན་དང་རང་ལ་ཡིད་ཆེས་ཆགས་པར་བྱ་ཕྱིར་ཡིན་ཞེས་དང་། རང་རྟོན་ནི་བྱ་བ་ཐམས་ཅད་ལམ་འགྲོ་ཡོང་བའི་ཐོག་མའི་ཆ་རྐྱེན་ཡིན་ཞེས་ཀྱང་སྨྲའོ། ཡ་ཧུ་དཱ་པ་རྣམས་ཀྱིས་བུ་ཕྲུག་དག་ལ་ཆུང་དུས་ནས་རང་རྟོན་དང་རང་གཤིས་འཇགས་པར་བརྩོན་པ་ཡིན་ལ་བུ་ཕྲུག་གི་སློབ་གསོའི་ཕྱིར་རང་ཉིད་ཀྱིས་ཀྱང་དཀའ་སྤྱོད་བྱས་ནས་སློབ་སྦྱོང་བྱེད་པ་ཡིན། ཁོང་ཅག་གིས་རང་རྩིས་ལ་རིན་ཐང་བླ་ལྷག་སྤྲོད་པས་གཞན་ལ་མགོ་བོ་མི་སྒུར་ལ་རང་མགོར་གཞན་གྱི་རྡོག་རྫིས་ཀྱང་ཐེབས་སུ་མི་འཇུག ཁོང་ཚོས་འདི་ལྟར་དགོངས་ཏེ་མི་ཞིག་ལ་མཚོན་ན་མི་ཚེ་གང་ལ་ནོར་འཁྲུལ་མི་འབྱུང་བའི་ངེས་པ་གཏན་ནས་ཡོད་མ་རེད། ཐ་ན་ཁྲིམས་དང་འགལ་བའི་ཉེས་པ་ཆེན་པོ་བཟོ་སྲིད་པའང་ཡོད་ངེས་རེད། འོན་ཀྱང་། ནོར་བ་དང་འཁྲུལ་བ། ཉེས་པ་དེ་རྒྱུ་མཚན་དུ་བྱས་ནས་གང་དེར་འགྱོད་བཤགས་བྱེད་པའི་ཐོབ་ཐང་མི་སྟེར་བའམ། ཡང་ན་གང་དེའི་མི་ཡི་རྩིས་ཐང་འཕྲོག་པར་རྩོམ་པ་ནི་ཀླ་ཀློའི་སྤྱོད་པ་ལས་མ་འདས། དེ་དོན་བྱིས་པའི་སློབ་གསོ་ནས་མགོ་རྩོམ་དགོས་ཞེས་གདམས་པ་ཡིན་ལ། ཁོང་ཅག་གིས་ནོར་འཁྲུལ་ནོར་འཁྲུལ་དུ་བརྩི་བ་ལས་ནག་ཉེས་སུ་མི་བརྩི་བས་ཁོང་ཅག་ནོར་འཁྲུལ་བཟོ་བར་ཞེད་སྣང་མེད། ད་དུང་ནོར་འཁྲུལ་ལས་ཁོང་ཅག་གིས་ལེགས་ཆ་མང་པོ་ཞིག་སྦྱང་ངེས་ཡིན། ཡ་ཧུ་དཱ་པའི་ཕ་མ་དང་དགེ་རྒན་རྣམས་ཀྱིས་བྱིས་པའི་མཚར་སྣང་གི་བློ་ཤིན་ཏུ་གཅེས་སུ་འཛིན་པ་ཡིན་ལ། བྱིས་བློའི་མཚར་འཛིན་གྱི་བློ་ལ་བརྟེན་ནས་ཁོང་ཅག་གིས་བྱིས་པའི་རྒྱུད་ལ་ཤེས་བྱ་ཡི་གཏེར་ཆུ་བགོ་བར་བྱེད། དེང་སྐབས་ཡ་ཧུ་དཱ་པའི་སློབ་གསོ་ཞེས་ས་གྲགས་གནམ་གྲགས་སུ་སོང་བ་འདིའི་གཞི་རྩའང་མདོར་དེད་ན་ཁོང་ཅག་གིས་བྱིས་པའི་སློབ་གསོ་གཙུག་འཛིན་བྱས་པ་དང་། ཆུང་བྱིས་དུས་ནས་བཟུང་ལེགས་ཉེས་མང་པོ་ཞིག་བྱིས་པ་རང་ཉིད་ལ་མྱོང་དུ་བཅུག་པས་ཡིན་པར་འདོད།

དཔེ་ཆ་ལེགས་པོ་ཞིག་ཀློག་པ་ནི་མི་ཞིག་ལ་བགྲོ་གླེང་བྱས་པ་དང་ཀུན་ནས་མཚུངས་ཟེར་མོད། ཡིན་ཡང་ངས་དཔེ་ཆ་འདི་ཀློག་སྐབས་རང་ཉིད་ལ་ལྟ་ཚུལ་ཅི་ཡང་མི་འདུག་པར་ཁོང་ཅག་གི་སློབ་གསོ་གཏོང་སྟངས་དང་ཐབས་ལམ་དག་གིས་ཡིད་དབང་འཕྲོག་པར་བྱས། དེ་ནི་ངེད་ཅག་ལ་ཆུང་དུས་ནས་བྱིས་པའི་སློབ་གསོ་ལེགས་པོ་ཞིག་གི་མཁའ་དབུགས་ཡོད་མ་མྱོང་བས་ཀྱང་ཡིན་ངེས། ངེད་ཅག་གིས་མྱངས་ཡོང་བའི་སློབ་གསོ་ནི་ཡ་ཧུ་དཱ་པའི་སློབ་གསོ་ལས་ལྡོག་འདུག་སྟེ་མ་མི་མིན་མེད་ཀྱི་དགག་སྒྲས་ཡོངས་སུ་ཟིན་པའི་སློབ་གསོ་ཞིག་ཡིན་པས་ངེད་ཅག་ནི་ནམ་ཡང་ནོར་འཁྲུལ་བཟོ་བར་ཞེད་ཀྱིན་པ་དེའོ།། མདོར་ན་ངེད་ཅག་གི་སློབ་གསོ་དང་ཡ་ཧུ་དཱ་པའི་སློབ་གསོའི་བར་གྱི་སྟོང་ཆ་ནི་ཡ་ཧུ་དཱ་པ་བ་རྣམས་ཀྱིས་བྱིས་པར་གསེར་འཚོལ་སྟངས་ཀྱི་ཐབས་ཤེས་བསླབ་པ་དང་། ངེད་ཅག་གིས་བྱིས་པར་རང་ཉིད་ལ་གང་ཡོད་པའི་གསེར་སྤྲོད་པ་ལས་བྱིས་པ་རང་ཉིད་ཀྱི་འཇོན་ཐང་བསྔོག་འདོན་བྱས་ནས་གསེར་ཇི་ལྟར་འཚོལ་བའི་ཐབས་ཤེས་སློབ་ཀྱིན་མེད་པས་སོ།།

༢༠༡༧/༠༢/༡༦

དཔེ་ཀློག་དང་མྱོང་བ།«རྒྱང་འཕེན་པའི་སྙིང་སྟོབས།»བཀླགས་རྗེས་ཀྱི་དྲན་འཆར།

___ འུག་མིག

ལོ་ངོ་འགའི་ཡར་སྔོན་ཞིག་ལ་ན་གཞོན་གསར་པའི་གྲས་ཀྱི་རྩོམ་པ་པོ་མཁྱེན་རབ་བམ་སྨྱུག་མིང་ལ་རྣོ་སྦྲེང་དུ་འབོད་པ་གང་དེས་བརྩམས་པའི་«རྒྱང་འཕེན་པའི་སྙིང་སྟོབས།»ཞེས་པ་དེ་བཀླགས་པ་ཡིན་མོད།  སྐབས་དེར་ང་ལ་ཞེད་སྣང་ཞིག་སྐྱེས་སོང་།  རེད་དེ།  ཕ་མེས་ཡང་མེས་ཀྱི་བཤད་སྟངས་ཙམ་གྱི་རྗེས་སུ་གཡམ་རྒྱུགས་བྱས་པ་ལས་ང་ལ་རྒྱང་འཕེན་པ་ཟེར་བ་དེ་ངན་པ་ཞིག་ཡིན་པའི་གཏན་ཚིགས་ཁྱོན་ནས་ཡོད་པ་མ་ཡིན།  འུ་ཅག་ལ་གོམས་གཤིས་སྡུག་ཅག་ཅིག་བདོག་པ་ནི་བརྩམས་ཆོས་གང་ལ་ལྟ་ཀློག་མ་བགྱིས་པར་སྡིགས་དམོད་བྱ་རྒྱུར་བྲེལ་བ་དེ་རེད། 
དེ་རིང་ཡང་བསྐྱར་ཁོ་བོས«རྒྱང་འཕེན་པའི་སྙིང་སྟོབས།»བམ་ཀློག་ཙམ་བྱས་པ་ཡིན།  དུས་ད་ལྟ་མནོ་བསམ་ཞིབ་ཏུ་བགྱིས་ན་རྒྱང་འཕེན་པའི་རིག་པ་ནི་དོགས་སློང་གི་རིག་པ་ཡ་མཚན་ཞིག་ཅི་ལ་མིན་ཨང་།  ཡིན་ནའང་ང་ཚོའི་སེམས་རྒྱུད་ལ་འདག་ཐབས་བྲལ་བའི་ཨུ་ཚུགས་ཀྱི་བག་ཆགས་ཤིག་ཡོད་པ་ནི“དད་པའི་རང་དབང”ཡོད་པ་དང“མི་དད་པའི་རང་དབང”མེད་པ་དེ་རེད་འདུག  སུ་ཞིག་གིས་ཆོས་ལུགས་དང་བརྒལ་བའི་དཔྱོད་ཤེས་ཀྱི་རིག་པ་རྙེད་ཚེ་དེ་ལ་འབུར་འཇོམས་ཅི་ཐུབ་བྱ་བའི་གོམས་གཤིས་སྡུག་ཅག་ཅིག་འདུག  འཛམ་གླིང་ན་ངུ་མྱོང་དགོད་མྱོང་བའི་ཡ་ཧུ་དཱ་པ་བ་ཚོའི་སློབ་གསོ་ལ་ཨེན་ཙམ་བལྟས་ན་བློ་བསྐྱེད་མི་དམན་པ་ཡོད་མོད།  ཁོ་ཚོའི་བྱིས་པ་དག་གིས་རང་བྱུང་གི་བྱ་དངོས་ལ་དོགས་འདྲི་བྱས་ཚུལ་ཙམ་གྱིས་འཐུས།  རྒྱང་འཕེན་པའི་རྣམ་དཔྱོད་ནི་རང་གར་རྨེག་མེད་དུ་གཏོང་ཐུབ་པ་ཞིག་ག་ལ་ཡིན།  རྒྱང་འཕེན་པའི་དོགས་སློང་གིས་འཇིག་རྟེན་ཧྲིལ་བོ་སྒུལ་ཡོད་ཚོད་རེད།  སྐྱེ་བ་སྔ་ཕྱི་མི་འདོད་པའི་རིག་པ་ནི་དངོས་ཡོད་སྨྲ་བ་ལས་རྗེས་དཔག་གི་རིག་པ་སྨྲ་བ་ཞིག་མ་རེད།  རྒྱང་འཕེན་པས་མི་འདོད་པ་ནི“སྐྱེ་བ་སྔ་ཕྱི་མེད་དེ་མ་མཐོང་བའི་ཕྱིར།”ཅེས་པའི་དངོས་མཐོང་ལག་ཟིན་མེད་པར་སྨྲ་བ་དེ་རེད་མོད།  འོན་ཏེ་དེ་ལ་འུ་ཅག་གིས་ཚད་མ་རྣམ་འགྲེལ་གྱི་ལུང་ཚིག་སྤྱད་དེ། “མ་མཐོང་ཕྱིར་ན་མེད་པ་མིན།”ཞེས་འདྲེན་བགྱིས་ནས་སྒམ་ཚུགས་དཔེ་མེད་ཅིག་བགྱིས་འདུག  དེས་ན་ཁོ་བོས་འདི་ལྟར་ཟེར་འདོད།  མ་མཐོང་ཕྱིར་ན་ཡོད་པའང་མ་ཡིན་ནོ་ཟེར་འདོད།  དོན་དམ་པར་ཡོད་མེད་གཉིས་ཀ་སུས་ཀྱང་ཐག་ཆོད་དཀའ་བས་སོ།།

ད་ལྟ་ངའི་ཡིད་ནས་འདོར་མི་ཐུབ་པའི་འདྲི་ཚིག་ཅིག་ཡོད་པ་ནི་རྒྱང་འཕེན་པ་ད་ལྟ་དངོས་སུ་མདུན་དུ་ལྷགས་ན་འུ་ཅག་གིས་རིག་ཤེས་ཀྱིས་རྒོལ་ཐུབ་བམ།  གལ་ཏེ་མ་ཐུབ་ན་ནི་འུ་ཅག་གིས་རྒྱབ་བཤད་བྱས་པ་ཙམ་ལས་ཅི་ཞིག་ཡོད།  རྒྱང་འཕེན་པའི་དོགས་སློང་གི་བསམ་གཞིགས་ཀྱིས་གནའ་བོའི་རྒྱ་གར་གྱི་ཤེས་རིག་ལ་རམ་འདེགས་ཆེན་པོ་བྱས་ཡོད་ངེས་རེད།  སྐབས་དེར་རྒྱ་གར་ལ་ཆོས་ལུགས་སྣ་ཚོགས་དར་བའི་དུས་ཤིག་ཏུ་ཁེལ་བ་མ་ཟད་སངས་རྒྱས་ཆོས་ལུགས་གཙོས་པའི་ལྷ་གཙོ་ཞིང་ལྐོག་གྱུར་སྨྲ་བའི་གྲུབ་མཐའ་མང་ཚོད་རེད།  རྒྱང་འཕེན་པས་མི་གཙོ་བོར་བྱས་ཏེ་མངོན་སུམ་གྱི་བདེན་པ་བརྡར་ཏེ་སྲིད་ན་འབར་བའི་བགྲོ་གླེང་ལྷུག་པོ་བགྱིས་ཚུལ་འདུག  ཡིད་ཀྱིས་བཟོད་དཀའ་བ་ཞིག་ནི་ལོ་ངོ་སྟོང་ཕྲག་གི་རིང་ལ་རྒྱང་འཕེན་པའི་གྲུབ་མཐའ་ལ་དམའ་ཕབ་པ་དེ་རེད།  མ་གྱུར་སེམས་ཅན་ཐམས་ཅད་ལ་གཅིག་ཏུ་ལྟ་བའི་འདུ་ཤེས་ཀྱི་དམ་བཅའ་དེ་ཤུགས་ཀྱིས་ཤོར་བའི་བཟོ་ཞིག་འཆར་འོང་གི  སངས་རྒྱས་ཆོས་ལུགས་ཀྱི་ཤན་ཤུགས་བོད་ལ་ཐེབས་ཏེ་དགེ་མཚན་ཆེན་པོ་ཐོབ་ཡོད་པ་ནི་སྨོས་ཅི་དགོས་མོད།  འོན་ཏེ།  རྒྱ་གར་དུ་བྱུང་བའི་གྲུབ་མཐའ་སྣ་མང་དང་ཆོས་ལུགས་ཐ་དད་བར་གྱི་གུ་ཡངས་བསལ་བློའི་ཤུགས་རྐྱེན་བོད་ལ་དྲངས་མ་ཐུབ་པ་ནི་ཤིན་ཏུ་རབ་ཏུ་ནས་ཕངས་པའི་གནས་སོ།།  ལོ་རྒྱུས་ཀྱིས་ར་སྤྲོད་བྱས་པའི་བན་བོན་དང་ཧ་ཞང་བར་གྱི་འགལ་འདུ་དང་ས་ཕག་རིན་གཙང་ནས་དགའ་ལྡན་ཕོ་བྲང་བར།  ད་ལྟའི་ཆར་ཆོས་ལུགས་སྣ་མང་ཕར་ཞོག  ཆོས་བརྒྱུད་ཀྱི་འགལ་ཟླའི་གུ་དོག་གི་མཁའ་དབུགས་རྫོབ་པོ་ལས་མི་དང་མིའི་བར་ཕན་གནོད་གང་འབྱུང་གསལ་བོ་རེད།

ཕྱི་རོལ་པ་དང་ནང་བའི་ས་མཚམས་བགོས་ནས་བཟུང་སྟེ་མི་དང་མིའི་བར་ལ་རྣམ་རྟོག་གི་ལྟ་ཚུལ་བྱུང་དང་འབྱུང་བ་རྒྱུན་ལྡན་རེད། གང་ལྟར་ཡང་ཁོ་བོས་བལྟས་ན་ཕྱི་རོལ་རྒྱང་འཕེན་པའི་རིག་པའི་རྣོ་དབལ་ཏེ། “ཐམས་ཅད་མཁྱེན་པ་ཟེར་བ་མེད་དེ་ཤེས་བྱ་ལ་མཐའ་མེད་པའི་ཕྱིར།”ཞེས་པའི་རིག་པ་ལ་ཅི་འདྲའི་གནས་ལུགས་ཤིག་འདུག་སྙམ་ནས་མགོ་ནང་ལ་གུག་གུག་བྱེད་ཀྱིན་ཡོད།  རིག་པ་ནི་སུས་ཀྱང་ཁས་ལེན་ཐུབ་པ་ཞིག་སྟེ།  དགེ་ལྡན་བསྟན་པའི་སྲོལ་འབྱེད་གངས་སེང་དཀར་མོ་སྲབ་མེད་གནམ་དུ་འཕྱོ་འདྲའི་སྐྱེས་ཆེན་ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་གྱིས་ཀྱང་རིག་པ་ཁས་མི་འཆེ་བ་ནི་ཚད་མའི་སྐྱེས་བུར་བསྙད་མི་རུང་བ་གསུངས་ཡོད་མོད།  མདོར་དྲིལ་ཏེ་བཤད་ན་སྐྱེ་བ་སྔ་ཕྱི་ཡོད་མེད་དེ་གཙོ་བོ་ཞིག་མ་རེད་ལ་རིག་ལོག་བཏང་བ་ཙམ་གྱིས་ཐག་ཆོད་པ་ཞིག་དེ་བས་ཀྱང་མ་རེད།  ང་ཚོ་ལ་དགོས་པ་ནི་ལྟ་ཚུལ་གང་ལ་ཁྱད་གསོད་མེད་པར་མཉམ་གནས་དགོས་པ་དེ་རེད།  དེ་མིན་དེང་སང་རྒྱུགས་ཆེ་བའི་སྐད་ཆ་ལྟར།  ངག་ཐོག་ནས་ཆིག་སྒྲིལ་ཟེར་ཞིང་དོན་ལ་གཅིག་ཆོད་ཀྱི་འདུ་ཤེས་ལས་མེད་པ་དེར་སུན་འབྱིན་གྱི་བློ་ཞིག་ངང་གིས་སྐྱེས་པས་སོ།།   ཚན་རིག་དང་དམངས་གཙོ་དར་བའི་དེ་རིང་སང་ཉིན་རྒྱང་འཕེན་པའི་བློ་གཤོག་དེ་ངེས་པར་མཁོ་ཆེ་བ་ཞིག་རེད་སྙམ།  སློབ་མ་ཞིག་ལ་མཚོན་ན་རང་གི་བསམ་ཚུལ་བརྗོད་རྒྱུ་དེ་གལ་ཆེན་ཡིན་པས་ཁོ་བོས་དཔེ་ཀློག་དང་འབྲེལ་ཏེ་སྐད་ཆ་ཐན་ཐུན་ཞིག་བཤད་པ་དེ་ཡིན་ནོ།།
༢༡༤༣/༡༢/༢༢
༢༠༡༧/༠༢/༡༧
རེས་གཟའ་པ་སངས།

དཔེ་ཀློག་དང་མྱོང་བ།ཐོག་ཁང་དམར་པོའི་རྨི་ལམ།

___ སློང་མོ་བ།

•བརྩམས་ཆོས་དང་རྩོམ་པ་པོའི་ལོ་རྒྱུས་སྙིང་བསྡུས།

དེ་ཡང་རྒྱ་ནག་གི་རྩོམ་པ་པོའི་ཁྲོད་དུ་བརྩམས་སྒྲུང་འདིའི་རྩོམ་པ་པོ་སུ་ཡིན་མིན་གྱི་སྐོར་ལ་བཤད་སྲོལ་མི་མཐུན་པ་དུ་མ་ཞིག་འདུག ལྷག་པར་དུ་མང་པོ་ཞིག་གིས་བརྩམས་སྒྲུང་འདི་ལ་རྩོམ་པ་པོ་གཉིས་ཡོད་རབས་བཤད། གང་ལྟར་བརྩམས་སྒྲུང་འདི་ནི་ཆིང་རྒྱལ་རབས་སྐབས་སུ་ཚའོ་ཤེང་ཆིན་(曹雪芹)གྱིས་ཐོག་མར་ལག་འབྲི་བགྱིས་ནས་ལེའུ་བརྒྱད་བཅུ་བརྩམས་ཤིང་ཕྱིས་སུ་གཱིང་ཨུར་(高鹗) དང་ཁྲིན་ཝེ་ཡོན་(程伟元) གཉིས་ཀྱིས་ལེའུ་བཞི་བཅུ་ཁ་སྣོན་ལྟར་བྱས་ཏེ་ཁྱོན་བསྡོམས་ལེའུ་བརྒྱ་དང་ཉི་ཤུ་ཡིག་འབྲུ་བསྒྲིགས་ཏེ་དཔར་དུ་བཏབ་ནས་ལེགས་པར་འགྲེམས་སྤེལ་བྱས། ཡིན་ནའང་། གདོད་མའི་རྩོམ་པ་པོ་ལུའུ་ཞུན་(鲁迅)སོགས་ཀྱིས་བརྩམས་སྒྲུང་འདིའི་རྩོམ་པ་པོ་ནི་ཚའོ་ཤེང་ཆིན་ཡིན་པ་ལས་གཱིང་ཨུར་ཞེས་པའི་རྩོམ་པ་པོ་ཞིག་བྱུང་མེད་པར་བཤད་ཅིང་དེ་བཞིན་དུ་དེང་རབས་རྩོམ་པ་པོ་མང་དག་ཅིག་གིས་བརྩམས་སྒྲུང་ཧྲིལ་བོ་གཱིང་ཨུར་གྱིས་མཛད་པར་བཤད་དེ་ཉེ་ཆར་བརྩམས་སྒྲུང་འདིའི་རྩོམ་པ་པོ་སྐོར་ལ་ཉམས་ཞིབ་བྱེད་མཁན་གྱི་སྨྱུག་ཐོགས་པ་རྣམས་ཀྱི་བློ་ངོར་དོགས་སློང་ཞིག་ངང་གིས་སྐྱེ་དགོས་པ་ཞིག་བྱས་འདུག་སྟེ་སྐབས་འདིར་བདག་གིས་ནི་དེ་ཙམ་གལ་ཆེན་མ་མཐོང་པས་རྒྱས་པར་མི་བཤད།
ཐོག་མར་བརྩམས་སྒྲུང་འདིའི་དངོས་མིང་ལ་༼རྡོའི་ཟིན་ཐོ༽ཟེར་ཞིང་ཕྱིས་སུ་དེབ་ཡོངས་ལེགས་པར་ཕྱོགས་བསྒྲིགས་བྱེད་དུས་༼ཐོག་ཁང་དམར་པོའི་རྨི་ལམ༽་ཞེས་བསྒྱུར། བརྩམས་སྒྲུང་འདི་ནི་ཀྲུང་གོའི་རིག་གནས་ཀྱི་དེབ་གཙོ་གྲས་ཆེན་པོ་བཞི་ཡོད་པའི་ནང་གི་ཕུལ་བྱུང་གཅིག་ཡིན་པ་དང་དེའི་ནང་སྲིད་ཀྱི་ལམ་ལུགས་དང་། བཟའ་བཏུང་གྱོན་ཆས། ཆོས་ལུགས་དད་མོས། ཡུལ་སྲོལ་གོམས་གཤིས་སོགས་རྣམ་པ་སྣ་ཚོགས་འཛོམས་པས་དེ་ནི་རྒྱ་ནག་གི་གནའ་བོའི་རིག་གནས་ཀྱི་བང་མཛོད་ལྟ་བུ་ཞིག་ཡིན།


•བརྩམས་སྒྲུང་གི་བསྟན་དོན་གཙོ་བོའམ་བསམ་བློའི་ཁ་ཕྱོགས།

༡༽བརྩམས་སྒྲུང་འདི་ནི་མི་སྣ་དང་དོན་དངོས་ཀྱི་བར་ལ་བསྡུམ་དུ་མེད་པའི་འགལ་བ་བྱུང་བས་ཡ་ང་བའི་མཇུག་འབྲས་བྱུང་ཚུལ་རྩ་བའི་ཁྱད་ཆོས་སུ་བྱས་པའི་སྐྱོ་གར་ཞིག་ཡིན། བཀས་བཀོད་རྒྱུད་འཛིན་ནམ་སྲོལ་རྙིང་གི་དྲ་བར་ཚུད་པའི་སྐུ་དྲག་གི་ཁྱིམ་རྒྱུད་ཆེན་པོ་ཁག་གི་བྱུང་འཕེལ་རྒུད་གསུམ་ཕྲ་ཞིང་ཞིབ་པར་བྲིས་ཏེ་མི་ཐོག་གསུམ་གྱི་འཚོ་བ་སྐྱོ་བའི་ཡོལ་བས་ཡོངས་སུ་བསྒྲིབས་པ་ལས་བདེ་སྐྱིད་ཀྱི་ཉི་འོད་ཐིགས་པ་ཙམ་ཡང་ཟགས་མེད་པར་མཚོན་ཐུབ་བྱས་ཡོད་པ་མ་ཟད། རྩོམ་པ་པོས་སྙིང་སྟོབས་ཆེན་པོ་བསྐྱེད་དེ་སྐབས་དེའི་བཀས་བཀོད་རྒྱུད་འཛིན་གྱི་སྐུ་དྲག་གི་ཁྱིམ་རྒྱུད་ཀྱི་ཁྲེལ་མེད་མི་ཆོས་བྲལ་བ་དང་མུན་ནག་རུལ་སུངས། གཡོ་ཟོལ་དང་མགོ་སྐོར། འདོད་རྔམ་དང་ནག་ཉེས་བཅས་ཀྱི་བྱ་སྤྱོད་སོགས་དཔྱིས་ཕྱིན་ཅིང་གཏིང་ཟབ་པའི་ལམ་ནས་མངོན་སུམ་དམར་རྗེན་དུ་བཏོན་ཡོད་པ་དང་། བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་ལ་ཁ་རྡུང་དྲག་པོ་བཏང་པ་མ་ཟད་སྲོལ་རྒྱུན་དང་ལྟ་རྙིང་ལ་ཡང་ཤུགས་སུ་ངོ་རྒོལ་ཆེན་པོ་བྱེད་འདུག་སྙམ། དོན་དངོས་སུ་བརྩམས་སྒྲུང་འདིས་བཀས་བཀོད་རྒྱུད་འཛིན་གྱི་སྐུ་དྲག་གི་ཁྱིམ་རྒྱུད་ལ་ཤི་མཚམས་སླེབས་པའི་སྔོན་བརྡ་བཏང་པ་ཞིག་ཡིན་ཡང་ཤུགས་སུ་སྐབས་དེའི་རྒྱ་ནག་གི་སྤྱི་ཚོགས་ཧྲིལ་བོའི་ཁ་གཏད་དུ་ལངས་ཏེ་ངོ་རྒོལ་བྱས་ཡོད།

༢༽བརྩམས་སྒྲུང་འདི་གསར་རྩོམ་བྱེད་པའི་བརྒྱུད་རིམ་ཁྲོད་རྩོམ་པ་པོ་ཚའོ་ཤེང་ཆིན་གྱིས་དུས་རབས་ཀྱི་རྒྱབ་ལྗོངས་དང་མི་སྣའི་མྱོང་ཚོར། བསམ་པའི་འཆར་སྣང་། མི་སྣའི་ཁ་བརྡ་སོགས་བྲིས་པར་མ་ཟད། ད་དུང་སྒྲ་མཚུངས་པའི་ཡི་གེ་བཀོལ་ནས་མི་སྣ་ལ་མིང་འདོགས་པ་སོགས་ཀྱི་ཐབས་ལ་བརྟེན་ནས་མི་སྣའི་ལས་དབང་ཞིབ་འབྲི་བྱས་ཡོད། ལྷག་པར་དུ་བརྩམས་སྒྲུང་འདིའི་ནང་དུ་ཁྱིམ་ཚང་ཆེན་པོ་བཞི་སྟེ་ཅཱ་ཚང་(贾)དང་། ཝང་ཚང་།(王)ཤོའེ་ཚང་།(薛)ཧྲི་ཚང་།(史)བཅས་ཀྱི་དར་རྒུད་མངོན་པར་མཚོན་ནས་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་ཉམས་ཆགས་སུ་འགྲོ་བཞིན་པའི་ཆེས་མཐའ་མཇུག་གི་སྤྱི་ཚོགས་ཀྱི་རང་བཞིན་ངོ་མ་ཕྱིར་བཏོན་པ་དེ་བརྩམས་སྒྲུང་གི་རྒྱབ་ལྗོངས་བྱས་ཤིང་ཅཱ་པོ་ཡུས་(贾宝玉)དང་། ལིན་ཏེ་ཡུས་(林黛玉)ཞུའེ་པོ་ཁྲེ་(薛宝钗)བཅས་བར་གྱི་བརྩེ་དུང་དང་གཉེན་སྒྲིག་གི་སྐྱོ་གར་དེ་བརྩམས་སྒྲུང་འདིའི་བསྟན་དོན་གཙོ་བོར་བཟུང་སྟེ་གཡོག་པོ་དང་གཡོག་མོའི་བར་གྱི་གཉེན་སྒྲིག་དང་། ཕ་དང་བུའི་བར་གྱི་འགལ་ཟླ། གཅེན་གཅུང་བར་གྱི་ཁེ་ཕན་འཐབ་རྩོད། ཆེན་ཆུན་བར་གྱི་གཡོ་སྒྱུ། རིག་གནས་དང་སློབ་གསོ། ཀུན་སྤྱོད་དང་དཔལ་འབྱོར། ཆབ་སྲིད་ཀྱི་མུན་ནག དཔོན་རིགས་ཀྱི་རུལ་སུངས་སོགས་ཀྱི་ཐད་ལ་སྣེ་མང་རྙོག་འཛིང་གི་མིའི་ཚུལ་ལུགས་སམ་འཇིག་རྟེན་མི་ཆོས་དང་འབྲེལ་བའི་བྱ་བ་མཐའ་དག་ཞིབ་ཅིང་རྒྱས་པར་བྲིས་ཏེ་སྐབས་དེའི་རྒྱ་ནག་གི་སྤྱི་ཚོགས་དང་སྲིད་གཞུང་། མི་དམངས་ཀྱི་འཚོ་བ་དང་བསམ་བློ། ཐོབ་ཐང་དང་འདྲ་མཉམ། རང་དབང་དང་ལས་དབང་དག་ནི་ཉམ་ཐག་པ། འཇིགས་སུ་རུང་བ། ཡ་ང་བ་ཞིག་ཡིན་པར་བརྩམས་ཆོས་ནང་གི་བཀས་བཀོད་རྒྱུད་འཛིན་གྱི་ཁྱིམ་ཚང་ཆེན་པོ་བཞི་ཡིས་སྤྱི་ཚོགས་ཏེ་མི་སྣའི་འཚོ་བས་རྒྱ་མི་རིགས་ཀྱི་འཚོ་བ་མཚོན་པར་བྱས་ཏེ་བྲིས་ཡོད།

༣༽འདི་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་ཁྲོད་ཤུགས་རྐྱེན་ཆེས་ཆེར་ཐེབས་པའི་དངོས་ཡོད་རིང་ལུགས་ལ་ངོ་རྒོལ་བྱས་པའི་བརྩམས་སྒྲུང་ཞིག་ཡིན་པ་དང་། རྩོམ་པ་པོས་ཚིག་ཉུང་ཡང་བརྡ་སྤྲོད་ཀྱི་འགྲོས་གསལ་བ་དང་། དོན་གནད་ལ་ཁེལ་ཞིང་བློ་ལ་ཇི་བཞིན་འཆར་སླ་བ། སྙན་ཚིག་དང་གླུ་དབྱངས། བཅད་ལྷུག་སྤེལ་མའི་འབྲི་ཐབས་སྣ་ཚོགས་བཀོལ་སྤྱོད་བྱས་ཏེ་སྤྱི་ཚོགས་ཀྱི་འཚོ་བ་ཞིབ་འབྲི་བྱས་ཏེ་འགལ་འདུའི་ཁྲོད་དུ་ཚུད་པའི་མི་སྣ་གང་མང་ཞིག་གི་གཤིས་ཀ་དང་བསམ་བློ་སོགས་བཞེངས་བསྐྲུན་བྱས་ནས་ཀྲུང་གོ་ནི་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་དང་སྲོལ་རྙིང་གི་དྲ་བ་ལས་ཁ་བྲལ་ཐུབ་མེད་པའི་མི་རིགས་ཤིག་ཡིན་པར་སུན་འབྱིན་དང་ངོ་རྒོལ། དམའ་འབེབས་དང་འཐབ་འཛིང་བྱས་ཏེ་ནམ་ཞིག་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་ལ་འགྱུར་བ་ཞིག་ཐེབས་ནས་མིི་མང་གི་ཐོབ་ཐང་དང་འདྲ་མཉམ་སོགས་ལ་བཟུང་བའི་དགོས་འདུན་དང་དམངས་གཙོ་རིང་ལུགས། ཁ་ཕྱོགས་གསར་བ་ཞིག་གི་སྣེ་ལ་འཇུས་ཏེ་གསར་གཏོད་ཀྱི་སྙིང་སྟོབས་དང་མདུན་སྐྱོད་ཀྱི་སྤོབས་པ་ཞིག་བསྐྱེད་ཐུབ་པའི་རེ་བ་དང་འབོད་སྐུལ་བྱས་སོ།།

•ཟུར་བཀོད།
བརྩམས་སྒྲུང་འདི་ཡང་དག་པ་ཞིག་རྟོགས་དགོས་ན་ངེས་པར་དུ་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་ལ་ཆ་རྒྱུས་ཅུང་ཙམ་ཡོད་དགོས་པར་མ་ཟད། ད་དུང་དུས་རབས་ཀྱི་རྒྱབ་ལྗོངས་དང་མི་སྣའི་རུས་མིང་གི་དོན་སྙིང་ལ་སོགས་པར་ཡང་རྒྱུས་ལོན་བྱེད་དགོས་འདུག་སྙམ།

༢༠༡༧/༠༢/༢༠

རྩོམ་སྒྲིག་པ།   སྒྲེ་བོ།

འབྲོང་གི་གཏམ་རྒྱུད།

འབྲོང་གི་གཏམ་རྒྱུད། __ འབྲོང་རུ་ལྡོམ།

འབྲོང་ནི་སྲོག་ཆགས་ཤིག་སྟེ།   འབྲོང་བྲེ་སེར།  འབྲོང་རུ་དམར།   གནའ་བོོའི་ངག་རྒྱུན་ཙམ་མ་ཡིན་པར་མཐོ་སྒང་གི་ལྷགས་རླུང་དང་རི་སྤྱང་རྒོད་པའི་ས་ཆ་ན་འབྲོང་འཚོ་ཞིང་། འབྲོང་གིས་གནས་ཚང་བཅས་ཡོད། འབྲོང་ནི་རུས་པ་དང་སྒལ་ཚིགས་སྲ་ཞིང་རང་གཤིས་བརྟན་པའི་སྲོག་ཆགས་སྒམ་པོ་ཞིག་ཡིན་པར་ཀུན་ལ་གྲགས།
དེ་ལྟ་ན་ཡང་འབྲོང་ནི་བླུན་སྒོམ་ཞིག་ཀྱང་ཡིན་ཏེ། རང་རང་གི་ས་ནས་རང་གཤིས་ཉི་ཚེ་བ་རེ་གདོས་སུ་ཁུར། རི་ཁ་ཁས་ཁ་ནས་ཁེར་འགྲེངས་ཀྱིས་སྤུ་ཁ་རླུང་གིས་གསུག་གིན་རུ་ཐུར་བྲག་ལ་བརྡར།  རྔ་གཟེངས་རེ་བྱས་ཤིང་ལྕི་རྒན་རེ་བཏང་སྟེ། ནག་ཡོར་རེ་འགྱིངས་ནས་འདུག་རྒྱུ་ལས་འཕག་རྒྱུར་དེ་ཙམ་དགའ་བོ་མེད།   གཞན་ལ་འབྲེལ་འདྲེས་ཀྱང་མི་བྱེད། རྐྱང་ཁྱུ་དང་། གནའ་ཁྱུ། རྒོ་ཁྱུ་སོགས་ལྟ་བུ་དུད་འགྲོ་གཉོམ་ཆུང་ཡིན་ནའང་མཉམ་འདུས་དང་། རྒྱག་གཅིག་མཆོངས་གཅིག་གིས་ཁ་མཐུན་གྲོས་འགྲིག་གི་འཚོ་བ་རོལ་ཚེ་གཡོ་སྒྱུ་ཆེ་བའི་ཝ་ཚོགས་དང་། སྙིང་ཁམས་གནག་པའི་སྤྱང་ཚོགས་སོགས་རྒྱུ་འབྲས་དང་བདེན་དོན་རྒྱབ་ཏུ་བོར་བའི་གདུག་རྩུབ་ཅན་གྱི་སྲོག་ཆགས་དེ་ཚོས་ཞི་བདེ་ལ་དགའ་ཞིང་སྲོག་གཅོད་ལ་སྐྲག་པའི་རི་དྭགས་འདི་ཚོའི་ཁྱུ་ཚོགས་ལ་གནོད་འཚེ་ཚབས་ཆེན་གཏོང་མི་ནུས་བར་མ་ཟད། འཛམ་གླིང་གི་ས་སྒང་འདིའི་སྟེང་ན་ཁོ་ཚ་ོལ་དབང་བའི་གནས་མལ་རེ་ཡང་ཡོད་ཆོག་ཆོག་ཡིན།

དེ་ལས་མང་བ:

མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ་གསར་པ།

མཁན་ཆེན་ཚུལ་ཁྲིམས་བློ་གྲོས།མ་གཞི་སྤྲུལ་སྐུ་ཟེར་བ་འདིའི་ནང་དུ་ལོ་རྒྱུས་ཀྱི་སྟེང་དུ་ཡིན་ན་འདྲ། མ་ཟད་དེང་སྐབས་སྙིགས་མའི་དུས་ཡིན་རུང་བསམ་གྱིས་མི་ཁྱབ་པ་མང་པོ་ཡོད་པས་ཚང་མ་སྡུག་པོ་མ་རེད། ང་སྒེར་ལ་མཚོན་ནའང་དད་པ་ཡོད། དེར་བརྟེན་ངས་སྤྲུལ་སྐུ་ཡོད་ཚད་པོ་སྡུག་པོ་རེད་ཟེར་བ་མིན། འོན་ཀྱང་ལམ་ལུགས་འདིས་ང་ཚོ་ཆེན་པོ་ཞིག་བརྫད་འདུག མ་ཟད་རྣམ་པ་ཚོས་གཟིགས་དང་མ་འོངས་པ་ནའང་ལམ་ལུགས་འདིས་དེ་ལས་ཀྱང་རྙོག་དྲ་མང་པོ་ཕུད་ངེས་པ་ཡིན། དེ་ཡང་དེང་སང་གི་དགོན་པ་དག་གི་ནང་དུ་མི་གཞན་ལ་བཤད་ནའང་ཁ་ལེན་དང་ཚིག་བརྩི་ཡོད་པ། རང་གི་ངོས་ནས་ཀྱང་མི་ཞིག་ལ་བཤད་ན་ལོས་བཤད་བསམ་རྒྱུའི་མི་དེའི་རིགས་ཇེ་བས་ཇེ་དཀོན་རེད། དེ་བས་འདིའི་རིགས་ལ་ཅུང་ཙམ་བཤད་དགོས་ནའང་དཀའ་མོ་ཡིན་པ་རེད། ཁྱད་པར་དུ་འདིའི་རིགས་ལ་ཅུང་ཙམ་བཤད་ན་ཡང་ཁ་ཟེར་བ་སོགས་འབྱུང་ངེས་ཤིང་། འདྲ་མིན་མང་པོ་བྱེད་འོང་བས་ལུས་སྲོག་ལ་བསྡོས་ཏེ་བསྟན་པར་གཅེས་ནས་སྨྲ་ཐུབ་མཁན་ཡང་དཀོན་མོ་རེད།

དེ་ལས་མང་བ:

དགེ་འདུན་ཆོས་འཕེལ་དང་རང་གྲོལ་གཤིབ་བསྡུར།

དགེ་འདུན་ཆོས་འཕེལ་དང་རང་གྲོལ་གཤིབ་བསྡུར།གསུང་བཤད་གནང་མཁན་ཨ་ཁུ་པདྨ་འབུམ་གྱི་གཏམ་བཤད་དངོས་གཞི།
དེ་རིང་ཁ་བརྡ་ཡིན། གཏམ་བཤད་མིན། བརྗོད་གཞི་འདི་ལ་ནམ་རྒྱུན་བསམ་བློ་བཏང་མྱོང་བ་ལས་བང་རིམ་མ་བསྒྲིགས་པ་ཞིག་ཡིན་པས། དེ་རིང་བང་རིམ་འགྲིག་མོ་དང་གསལ་བོ་ཞིག་བཤད་རྒྱུ་མེད་པ་འདྲ།  ཕྱི་ལོ་ ༢༠༠༤ ནས་ལོ་རེར་ཐེངས་རེར་ང་ཕ་ཡུལ་ལ་འགྲོ་གི་ཡོད་པ་རེད། ཡུལ་ལ་འགྲོ་དུས་གཙོ་བོ་དཔེ་ཆ་ཉོ་གི་འགྲོ་གི་ཡོད། དེའི་སྐབས་སུ་རེབ་གོང་དང་ཟི་ལིང་ནས་སྒེར་གྱི་ཚོང་ཁང་དུ་རྩིག་ངོས་ལ་སྦྱར་རྒྱུའི་པར་མང་པོ་མཐོང་རྒྱུ་ཡོད་པའི་ནང་ནས་རྒྱུན་དུ་མཐོང་བའི་པར་གཅིག་ནི་དོན་གྲུབ་རྒྱལ་དང་དགེ་འདུན་ཆོས་འཕེལ་གཉིས་ཀྱི་པར་དང༌། ཡང་ན་མི་རིགས་ཀྱི་ལར་ཞེན་ཡོད་པའི་ཁོང་གཉིས་ཀྱི་གསུང་ཚིག་དུམ་བུ་རེ་ཡི་པར་དང་ཁོང་གཉིས་མཉམ་དུ་ཡོད་པའི་པར་མཐོང་གི་འདུག

དེ་ལས་མང་བ:

རྩེ་ཁོག་དགེ་རྒན་ཞིག་གིས་སློབ་ཆུང་མཐར་ཕྱིན་མཛད་སྒོའི་སྟེང་སྤེལ་བའི་གཏམ་བཤད་ཅིག

རྩེ་ཁོག་དགེ་རྒན་ཞིག་གིས་སློབ་ཆུང་མཐར་ཕྱིན་མཛད་སྒོའི་སྟེང་སྤེལ་བའི་གཏམ་བཤད་ཅིགམཐར་ཕྱིན་ཞུ་ཚིག སྙིང་ཉེ་བའི་སློབ་གྲོགས་ཚོ། ཕྱི་དྲོ་བདེ་ལེགས། ལོ་རེ་རེའི་དེ་རིང་གི་དུས་ཚོད་ནི་ང་ཚོ་དགེ་སློབ་ཚང་མས་ཧ་ཅང་བརྗེད་དཀའ་བ་ཞིག་ཡིན་ལ། དགའ་སྐྱོ་ཟུང་དུ་འབྲེལ་བའི་དུས་ཚོད་ཁྱད་པར་བ་ཞིག་ཀྱང་རེད། དེ་ཡང་ཡིན་ཏེ། དེ་རིང་འདིར་ཡོད་ཀྱི་སློབ་གྲོགས་རྣམས་ཀྱིས་ལོ་ངོ་དྲུག་རིང་གི་དཀའ་བ་དང་དུ་བླངས་ཤིང་ངལ་བ་གདོང་གིས་བསུས་ཏེ་རྒྱལ་ཁའི་ངང་སློབ་མཐར་ཕྱིན་པ་དང་། མཛེས་སྡུག་རྨི་ལམ་ལྟ་བུའི་བྱིས་དུས་ལའང་གྱེས་ཕྱག་ཕུལ་བ་རེད། སྙིང་ཉེ་བའི་ཁྱོད་ཚོ། དེ་རིང་ནས་བཟུང་མི་ཚེའི་ལམ་བུ་གསར་བ་ཞིག་ཏུ་ཞུགས་ཏེ་རང་རང་གི་མི་ཚེའི་འདུན་མ་གང་ཞིག་མངོན་འགྱུར་ལ་མུ་མཐུད་འབད་པ་བྱ་དགོས་པས། བདག་གིས་འདིར་ཐེངས་འདིའི་མཐར་ཕྱིན་འཛིན་གྲྭའི་དགེ་གྲོགས་རྣམ་པའི་ཚབ་བྱས་ཏེ་ཁྱོད་ཅག་སློབ་གྲོགས་ཚོ་ལ་ལྷག་བསམ་རྣམ་པར་དག་པའི་རྟེན་འབྲེལ་ཞུས་པ་ཡིན།

དེ་ལས་མང་བ:

ལྷ་བྱམས་རྒྱལ་གྱི་ལྷུག་རྩོམ། བུ་ཆུང་དང་གཞིས་ཀ་རྩེའི་ཉི་འོད།

ལྷ་བྱམས་རྒྱལ་གྱི་ལྷུག་རྩོམ། བུ་ཆུང་དང་གཞིས་ཀ་རྩེའི་ཉི་འོད།ལྷ་བྱམས་རྒྱལ་གྱི་ལྷུག་རྩོམ། བུ་ཆུང་དང་གཞིས་ཀ་རྩེའི་ཉི་འོད།
བུ་ཆུང་ལོ་གཉིས་ལ་སོན་ཞིང་།   གནས་སྐབས་སུ་གཞིས་ཀ་རྩེ་རུ་བསྐྱུར་ཡོད།

ན་ནིང་པེ་ཅིན་ནས་གྱེས་རྗེས།  ཕལ་ཆེར་ལོ་ཡི་འཁོར་མོ་གཅིག་ཙམ་ལ་བུ་ཆུང་བསམ་པའི་དོན་གྲུབ་པོ་ངའི་མཐོང་ཡུལ་དུ་མ་གྱུར་ཅིང་།  ཐེངས་འདིར་ལས་ཀའི་དགོས་མཁོ་ཡི་སྐབས་གླགས་དང་བསྟུན་ནས་ངས་ཆེད་དུ་ལམ་བསྐོར་ཏེ་གཞིས་ཀ་རྩེ་རུ་བསྐྱོད་ནས་་མ་མཇལ་ཡུན་རིང་སོང་པའི་བུ་ཆུང་ལ་བསྐོར་རྒྱག་ཏུ་ཕྱིན་པ་ཡིན།   དང་ཐོག་པེ་ཅིན་གྱི་རྫབ་རྫུབ་ཀྱི་དུད་སྨིག་གིས་ཡོངས་སུ་ཟིན་པའི་གནམ་གཤིས་དང་ཁོར་ཡུག་ལས་ཐར་བ་དང་།  བར་དུ་སྨིག་པ་བན་བུན་འཐིབས་པའི་གཤོང་ཁུལ་ཁྲིན་ཏུའུ་བརྒྱུད་ནས་མཐའ་མར་ས་མཐོའི་གྲོང་ཁྱེར་གཞིས་ཀ་རྩེ་རུ་བརྟོལ་དུས།   སྣང་བ་ཞིག་ལ་རབ་རིབ་དང་འཐམ་འཐོམ་གྱི་ཀླད་ཁེབས་ཤིག་དེ་མ་ཐག་མགོ་ཐོག་ནས་ཕར་བཤུས་སོང་པ་ལྟར་གྱུར་ཅིང་།  ངའི་བར་སྣང་གི་རྒྱ་མཐོངས་ནི་གཙང་དག་དང་ཁོབས་ཡངས་པོར་གྱུར་སོང་།

དེ་ལས་མང་བ:

བོད་ཀྱི་ཡི་གེ་འདི་འང་སྐད་ཡིག་གཞན་དང་འདྲ་བར་གང་སར་བཀོད་ཆོག་གོ

བོད་ཀྱི་ཡི་གེ་འདི་འང་སྐད་ཡིག་གཞན་དང་འདྲ་བར་གང་སར་བཀོད་ཆོག་གོལོ་ངོ་ཉིས་སྟོང་ལྷག་གི་རིང་དུ་ཆོས་ཀྱི་བྱེད་སྒོ་ལས་བོད་མི་རིགས་ཀྱི་ཡི་གེ་ལ་རྡོག་བརྫིས་བཟོས་འདུག་བསམ། དེ་ནི་རང་མི་རིགས་ཀྱི་ཕམ་ཉེས་ཤིག་དང་རྨོངས་དད་ཆེན་པོ་ཞིག་ཡིན་པར་སྨྲ་སྟེ། སྔོན་བཙན་པོ་སྐབས་སུ་རང་རིགས་ཀྱི་སྐད་ཡིག་ལ་བླ་ན་མེད་པའི་སྲོག་ཅིག་ཡོད་དེ།   བཙན་འབངས་ཡོངས་ཀྱིས་ཡི་གེ་འང་ཡི་གེར་ངོས་ཟིན་པ་དང་། ཡི་གེ་ནི་རང་དབང་གིས་གང་སར་བཀོད་ཆོག་པ་ཞིག་དང་ཡི་གེ་ལ་དད་གུས་བྱས་ཏེ་གང་སར་བཀོད་མི་ཆོག་པའི་འཆིང་བ་ཅན་ཞིག་མ་ཡིན་པ་དེའོ། མདོར་ན་དེ་ནི་ཡི་གེ་ཅེས་པའི་ཡང་སྙིང་ངོ་མའང་ཡིན་ལ་བོད་མི་རིགས་ཀྱི་ཡི་གེ་ནི་འཛམ་གླིང་གི་གང་སར་བསྐྱོད་ཆོག་པའི་ལམ་རྟགས་ཤིག་ཀྱང་ཡིན། འོན་ཏེ་དུས་རབས་བརྒྱད་པའི་ནང་དུ་བོད་ལ་ཆོས་ཀྱི་བྱེད་སྒོ་མང་ཆེར་དར་བ་དང་དེ་དང་འབྲེལ་བའི་ཡི་གེའི་བཀོད་སྤྱོད་ལའང་གཡོ་འགུལ་ཆེན་པོ་ཐེབས། ལྷག་པར་དུ་སྐབས་དེར་བོད་ཀྱི་ཡུལ་དུ་སངས་རྒྱས་ཀྱི་མདོ་སྔགས་གཉིས་ཀྱི་ཆོས་ལུགས་ཤུགས་ཆེར་དར་བའི་སྐབས་དང་། དེ་འབྲེལ་གྱིས་སངས་རྒྱས་ཆོས་ལ་དད་མོས་བྱེད་མཁན་དང་ཉམས་སུ་ལེན་མཁན་འང་མང་དུ་བྱུང་སྟེ་ཆོས་ཀྱི་ཆོ་ག་སྣ་ཚོགས་ཤིག་དར་བ་དང་།

དེ་ལས་མང་བ:

རྒྱ་གར་རྡོ་རྗེ་གདན།

རྒྱ་གར་རྡོ་རྗེ་གདན།གྲངས་མེད་གསུམ་ན་དཀའ་ཐུབ་བརྟེན་པའི་རིགས་བཟང་ཤཱཀྱའི་རྒྱལ་པོའི་སྲས།།
རྟེན་འབྱུང་གཏམ་གྱིས་མ་རྣམས་འགྲོ་བའི་སྡུག་ཀུན་ཉེར་བར་ཞི་མཛད་དེ།།
ཡང་དག་ལམ་ནས་གནས་ལུགས་ཟབ་མོ་གསལ་བའི་ལམ་བཟང་སྟོན་མཛད་པ།།
རྣམ་འདྲེན་བཞི་པ་ཤཱཀྱའི་སེངྒ་བདག་བློ་གཙུག་གི་རྒྱན་དུ་མཆོད།།

དེ་ལས་མང་བ:

གྲོང་ཁྱེར་གྱི་རྨི་ལམ།

གྲོང་ཁྱེར་གྱི་རྨི་ལམ།དང་པོ། སྨག་མུན་གྱི་ཁྲོ་ཉམས།
སྟོན་མཇུག་བར་ཁམས་ཀྱི་ལྷུམས་སུ་ཆུ་འཛིན་རྒོད་པོས་སྨྱོ་གར་ལང་ལོང་དུ་རོལ་ཞིང༌། དྭངས་གཙང་ཀུན་གསལ་ཡངས་པོར་གནག་སེམས་ཀྱིས་ལྷན་པ་གང་སར་བརྒྱབས་ཏེ་བདེ་སྟེར་རྟ་བདུན་དབང་པོའི་གསེར་མདོག་གི་ཟེར་བརྒྱ་བཙན་གྱིས་བཅོམས་པས། མཁའ་དབྱིངས་བུ་མོའི་སྐྱོ་གདུང་གི་རང་མདོག་ཡལ་ཏེ་འུ་ཐུག་ནས་མི་སྡུག་པའི་སྨག་མུན་གྱི་ཁྲོ་ཉམས་ཤིག་མི་མངོན་ཁག་མེད་རེད།

དེ་ལས་མང་བ:

དཔེ་དེབ་ཅིག་གི་བཀླགས་འཆར།

དཔེ་དེབ་ཅིག་གི་བཀླགས་འཆར།__ ཨ་འབྲུག་དཀོན་མཆོག

For the love of a son
One Afghan women’s quest for her stolen child.
<<བུ་ལ་བཅངས་པའི་བརྩེ་བ། བརྐུ་འཕྲོག་པའི་ལག་ནས་རང་བུ་འཚོལ་བའི་ཨ་ཧྤི་གྷ་ནི་སི་ཐན་གྱི་བུད་མེད་ཅིག>>ཅེས་པའི་དཔེ་དེབ་འདི་ནི་ཁ་ཆེའི་ཆོས་ལུགས་ཀྱི་ཤུགས་རྐྱེན་ཆེ་བའི་སྤྱི་ཚོགས་ཁྲོད་བུད་མེད་ཀྱི་དཀའ་སྡུག་དང་ལས་དབང་གི་གནས་སྟངས་ཐད་ཀྱི་དཔེ་མཚོན་དཔེ་དེབ་ཅིག་རེད།
དཔེ་དེབ་འདིར་ཨ་ཧྤི་གྷ་ནི་སི་ཐན་གྱི་བུད་མེད་མར་ཡཱན་གྱི་རྨོ་མོ་དང་། མོའི་ཨ་མ། མོ་རང་ཉིད་བཅས་བུད་མེད་གཙོ་རྐང་དུ་བཟུང་བའི་མི་རབས་གསུམ་གྱི་ལོ་རྒྱུས་དང་ལས་དབང་ལྷུག་བརྗོད་རྒྱས་གླེང་བྱས་ཡོད་ཅིང་། ཆོས་ལུགས་དང་རིག་གཞུང་། ཆབ་སྲིད་དང་མི་སྒེར་གྱི་འཚོ་བའི་ཁྲོད་གང་དུའང་ཨབ་གྷན་གྱི་བུད་མེད་ཚོ་ནི་རེ་བ་དང་རྨི་ལམ་གང་ཡང་མངོན་གྱུར་བྱ་ཐབས་མེད་པའི་གནས་བབ་ཅིག་ཏུ་ཡོད་པ་སྟེ། དཔེ་དེབ་ཀྱི་མགོ་མཇུག་གཉིས་སུ་བསྟན་པ་ལྟར། ཨབ་གྷན་གྱི་བུད་མེད་ཚོར་རྨི་ལམ་ཡོད་ཆོག་ཀྱང་། མངོན་གྱུར་ཡོང་བ་ནི་སྐྱེས་པ་ཚོ་ཁོ་ན་ཡིན་པའི་གནས་སྟངས་གསལ་འདོན་དང་། ཡང་ན་དཔེ་དེབ་དུ་ནན་བཤད་བྱས་པའི་སྐད་ཆ་སྟེ། ཨབ་གྷན་གྱི་རིག་གཞུང་ཁྲོད་བུད་མེད་བཅིངས་གྲོལ་གྱི་ལམ་ཁ་མེད་པའི་ངང་ཚུལ་ཁུངས་སྐྱེལ་བྱས་འདུག

དེ་ལས་མང་བ:

བྱང་ཤམ་བྷ་ལ་བཙལ་བའི་གསང་བ།

དམག་མི་ཁ་ཤས་ཤམ་བྷ་ལ་འཚོལ་དུ་བཏང་།འཇར་མན་ནེའི་རྒྱལ་ཁབ་ཀྱི་སྲིད་འཛིན་ཧི་ཁྲི་ལེར་གྱིས་ཤམ་བྷ་ལར་དབང་སྒྱུར་བྱེད་འདོད་བྱུང་སྟེ། དམག་མི་ཁ་ཤས་ཤམ་བྷ་ལ་འཚོལ་དུ་བཏང་།

དེ་ལས་མང་བ:

སྙན་ངག་ཀློག་ཞོར་ཕྲན་བཤད་འབྲི།

སྙན་ངག་ཀློག་ཞོར་ཕྲན་བཤད་འབྲི།[ཕྲན་བཤད། ཁྲོ་གཏུམ།]

ང་ལ་ཕྲན་དཔྱད་ཅེས་པའི་ངོས་ནས་སྙན་ངག་ཅིག་གི་ཚེ་སྲོག་གླེང་བར་སྤོབས་པས་མི་འདང་བས་ན། ཕྲན་བཤད་ཅེས་གླེང་བར་སྤྲོ་སོང་། དཔྱད་པ་ནི་ནམ་ཡང་རང་ཉིད་ཀྱི་ཚོར་ངོས་སུ་འཆར་བའི་ཀློག་ཚོར་དེ་གཅིག་པུ་མ་ཡིན་པར་སྙན་ངག་གི་ཚེ་བླ་སྲོག་གསུམ་ལ་ཤ་ཐིམ་རུས་ཐིམ། ཡང་ན་སྒྱུ་རྩལ་གྱི་ཉམས་འགྱུར་ལ་ངེས་ཆ་གསལ་ཐག་ཆོད་དང་། གནའ་དེང་ཉིས་ཆའི་སྒྱུ་རྩལ་གྱི་ཁྱད་ཆོས་སོགས་སུ་སྦྱང་བ་མི་དམན་པ་ཞིག་མཆིས་ན། ད་གཟོད་སྙན་ངག་གི་ཕྱིའི་པགས་པ་བཤུས་ཏེ་ནང་གི་རྒྱུ་མ་ལྡུག་པ་དང་དེ་ཟ་མཁན་གྱིས་རོ་མཆོག་གི་བྲོ་བ་བླ་ན་མེད་པ་དང་། སྙན་ངག་འབྲི་བ་དང་ཀློག་པ། ཚོར་བ་མྱོང་བ་བཅས་སུ་ལམ་སྟོན་སྒྲོན་མེ་སྦར་ཐུབ་མཁན་ཞིག་ཏུ་གྱུར་བ་རེད། དེ་བས་ང་ལ་དེ་འདྲའི་སྤོབས་པ་མེད་དུས། ངས་གྲོགས་མཆོག་གི་ཁ་ངོ་མ་ལྡོག་ཙམ་དུ། ཕྲན་བཤད་ཅེས་པའི་ངོ་བོ་ཞིག་གི་ཐོག་ནས་བཤད་འདོད།

དེ་ལས་མང་བ:

བལྟ་ཞིབ་ཉིན་ཐོ།

བདག་གིས་ལན་ཏུ་མིན།   ང་བོད་པ་ཡིན་ཞེས་བཤད།    ༢༠༡༦།༠༣།༣༡ཉིན་གནམ་གཤིས་དྭངས་ཤིང་ཉི་འོད་རབ་ཏུ་འཇམ། ཨོ་གླིང་གི་གྲོང་ཁྱེར་སེད་ནེ་ནུབ་ཕྱོགས་ཁུལ་གྱི་རི་སྔོན་པོའི་གནམ་གཤིས་ཀྱི་དྲོ་གྲང་ལས་མཐོ་སྒང་གི་ཚོར་བ་ནམ་ཞར་དུ་བསྐྱེད་ཐུབ་པ་དང་། འགྲོ་འདུག་གི་སྐབས་སུ་བོད་ཀྱི་ས་ཁུལ་ཞིག་ཏུ་ཡོད་པའི་ཚོར་སྣང་བླ་ལྷག་ཏུ་འཕེལ་བས་ཕ་ཡུལ་མང་བ་དྲན་སོས་པ་ཡིན།

དེ་ལས་མང་བ:

རང་གི་དཔེ་ཀློག་བརྒྱུད་རིམ་དང་འབྲེལ་ཏེ་དཔེ་ཀློག་གླེང་བ།

རང་གི་དཔེ་ཀློག་བརྒྱུད་རིམ་དང་འབྲེལ་ཏེ་དཔེ་ཀློག་གླེང་བ། འཛི་གུར་ཀུམ།

ལར་དཔེ་ཀློག་ཟེར་དུས་བརྒྱ་གོ་གཅིག་ཆོག་གིས་གླེང་ཐུབ་པ་ཞིག་ཁྱོན་ནས་མ་ཡིན་པར་འདོད། རྒྱུ་མཚན་ནི། རང་གི་དཔེ་ཀློག་གོམས་འདྲིས་རིང་ཐུང་དང་། རང་གི་རྣམ་དཔྱོད་གསལ་མི་གསལ་རང་གི་ཤེས་ཚད་མཐོ་དམན་སོགས་ཕྱོགས་མང་པོ་ཞིག་ནས་ཀློག་མཁན་ཚོའི་འཇོན་ནུས་མི་འདྲ་བས། དཔེ་ཀློག་ལས་ཐོབ་པའི་ཤེས་བྱ་དཔེ་ཀློག་གི་ཕན་འབྲས་དང་དཔེ་ཀློག་ལ་བཟུང་བའི་ལྟ་ཚུལ་སོགས་ཀྱང་གཞི་ནས་མི་མཚུངས་པར་སྐས་ཐེམ་ལྟ་བུའི་རིམ་པ་སྣ་ཚོགས་ཤིག་ཡོད་ངེས་ལ་ཡོད་ཆོག་པ་ཞིག་ཀྱང་རེད་དོ།།

དེ་ལས་མང་བ:

སྡུག་བསྔལ་གྱིས་རབ་ཏུ་མནར་བའི་གཉིད།

སྡུག་བསྔལ་གྱིས་རབ་ཏུ་མནར་བའི་གཉིད།    རྔམ་ཞིང་བརྗིད་པའི་རི་ཚོགས་ཡ །  
མགོ་བོ་ཁྱོགས་དང་། བདག་གི་རེ་བ་དང་རྨི་ལམ་མཐའ་དག་ཁྱེད་ཀྱི་བུ་ཡུག་དང་རླུང་འཚུབ་རྒོད་པའི་བྲང་གཞུང་ལ་བཞག་སྟེ །   ང་རང་ཅི་ཙམ་གྱིས་ཁྱེད་ཀྱི་ལྷིང་འཇགས་ཀྱི་གམ་དུ་བཅར་ཡང་ལྷོ་གླིང་གི་མེ་དཔུང་ལྟར་འཕྱུར་བའི་མི་ཚོགས་ཀྱི་ཡོ་ལང་དབུས་སུ།   གྲི་སོ་ལས་རྣོ་བའི་འགྲན་རྩོད་ཀྱི་གནས་བབ་དེས་རང་ཉིད་བོར་བ་ཡང་མིན་པར་ཅི་བྱ་གཏོར་མེད་དུ་གྱུར་ཡོད །  

དེ་ལས་མང་བ:

ཁྲོ་གཏུམ་གྱིས་སྙན་ངག་ཅིག་ལ་ཕྲན་བཤད་སྤེལ་བ།

ངས་མཐོང་བའི་འཛུམ་ཆུང་དུམ་བུ།

__ ཁ་བ་སྐམ་པོ།

དྭངས་གཙང་ཆུ་མོ་ལྷོད་དང་སིམ་གྱིས་འབབ་དུས།།
སེམས་ཀྱི་བུ་ཆུང་ལུ་གུ་བཞིན་དུ་རྩེད་དུས།།
ཁྱེད་ཀྱིས་གནང་བའི་ལུས་སེམས་མཉེན་མོ་ཞིག་སྟེ།།
བདག་གི་ནང་ནོམ་གོས་ཆེན་འབྲུག་མ་ཞིག་ཡིན།།

དེ་ལས་མང་བ:

སྦྲགས་སྐད་ཀྱི་ཡོང་ཁུངས་འཚོལ་བ།

ཨེ་མ་བཅུ་ཕྲག་རིག་པའི་སྲོལ་འབྱེད་འཇམ་དབྱངས་ཁྱེད་ལ་མཆོད།  རིང་ནས་འཁྲུལ་བྲལ་འཇམ་དཔལ་དབྱངས་ཀྱི་ངོ་བོར་གནས་པ་ཡིས།  །
དམ་ཆོས་མདོ་སྔགས་མ་ལུས་རྫོགས་པའི་སྙན་པ་ཕྱོགས་བཅུར་གྲགས།  །
ཉལ་འགྲོའི་རྒྱུན་བཞིན་མཆིས་པའི་མཛད་བཟང་བླ་མེད་མཐའ་ཡས་སོགས།  །
ཨེ་མ་བཅུ་ཕྲག་རིག་པའི་སྲོལ་འབྱེད་འཇམ་དབྱངས་ཁྱེད་ལ་མཆོད།  །

དེ་ལས་མང་བ:

འབྲོག་ཁྱི་ཞིག་དྲན་པ།

འབྲོག་ཁྱི་ཞིག་དྲན་པ།___ སྒྲེ་བོ།
ལོ་དེར་ང་ནི་རང་ལོ་བཅུ་གསུམ་ལ་སོན་མ་ཐག་པའི་བྱིས་པ་པྲ་ཚགས་ཤིག་ཡིན་ལ་དེ་ལོར་པར་ང་རང་ལོ་གེགས་ལའང་འཁེལ་ཡོད།    ལོ་དེ་གསར་དུ་ཚེས་ནས་བཟུང་ང་ཡི་ཨ་མྱེས་ཐོ་རིས་པོས་ང་ལ་མོ་པྲ་རིམ་གྲོ་ཞུ་བ་སོགས་གང་དྲག་གིས་གེགས་དེ་ཕར་ལ་ཟློག་ཐབས་བྱེད་པ་ང་ལ་ད་དུང་གསལ་བྱུང་། ངེད་ཀྱི་ཁྱིམ་མཚེས་ཏེ་ཚེ་རིང་བསམ་འགྲུབ་ཚང་གི་བུ་མོ་ལྷ་མོ་ཆོས་སྒྲོན་ཡང་དེ་ལོར་པར་རང་ལོ་བཅུ་གསུམ་སོན་པ་དང་ལོ་གེགས་སུ་ཐོན་པ་ཡིན་ཡང་།   དེ་བ་ཚང་གིས་དེ་ལྟར་མོ་པྲར་ཕབ་པ་དང་རིམ་གྲོ་ཞུ་བ་སོགས་གང་ཡང་མ་བྱས་པའམ་བྱས་པ་དེ་ཙམ་ང་ལ་མི་གསལ་མོད།   ཡིན་ཡང་།  ལོ་རེར་དེ་བ་ཚང་གིས་ཆགས་མེད་ཀྱི་གྲྭ་བ་འགའ་གདན་དྲངས་ཏེ་མཎ་ཌལ་མཆོད་པ་འདོན་པ་དང་ཤེལ་སྙིང་བདུན་ཟློག་འཕེན་པ་སོགས་ནི་སྔ་སྲོལ་བཞིན་དེ་ལོར་ཡང་ཚེ་རིང་བསམ་འགྲུབ་ཚང་གིས་བྱས་བྱས་པོ་ང་ལ་རབ་ཏུ་གསལ་བྱུང་།  དེ་ནི་མོའི་ལོ་གེགས་ཀྱི་ཆེད་དུ་མ་ཡིན་པར་ལོ་ལྟར་སྡེ་བ་ཡོངས་ཀྱིས་ངེས་པར་བྱ་བའི་ཆོས་ལུགས་ཀྱི་ཆོ་ག་ཞིག་ཡིན།  དེ་བས་ཕྱིས་ཕྱིས་སུ་ངས་དེའི་སྐོར་གྱི་དོན་དག་ཅིག་ཨ་མར་དྲིས་པ་ཡིན་མོད།  ཨ་མས་ང་ཡི་དྲི་བ་དེ་སྣང་མེད་དུ་བཞག་སྟེ་ལན་ལྡོན་པ་ཡེ་མ་བྱུང་ཡང་།   ཨ་མྱེས་མཐོ་རིས་པོ་མེད་ནས་ལོ་ཤས་འགོར་རྗེས་དེ་ལོར་ང་ལ་མོ་པྲ་ཕབ་པ།   རིམ་གྲོ་བྱེད་པ་སོགས་ནི་ང་ཡི་ལོ་གེགས་ཀྱི་ཆེད་དུ་ཡིན་འདུག་ལ་ལོ་གེགས་དེ་ནི་ལྷ་མོ་ཆོས་སྒྲོན་གྱི་ལོ་གེགས་དང་མི་འདྲ་བར་ང་ནི་ཡ་མ་ཡིན་པས་རེད་ཟེར།   ཡ་མ་ཞེས་པའི་དོན་ནི་ང་རང་འཇིག་རྟེན་འདིར་མ་སྐྱེས་གོང་དུ་ང་ཡི་ཕུ་བོའམ་ཨ་ཅེ་སུ་ཞིག་ང་ཡི་ཨ་མར་སྐྱེས་ནས་མི་འགྱང་བར་དགུན་ཁའི་ཆམ་ནད་ཀྱིས་ཁ་ལས་མ་ཟིན་པར་མེད་འདུག   དེ་བས་རྣམ་ཀུན་དུ་ང་ནི་བྱིས་པ་གཞན་དང་མི་འདྲ་བར་སྲུང་འཁོར་དང་ཕྱག་མདུད་སོགས་མང་པོ་འདོགས་དགོས་པ་དེ་ཡིན་འདུག  ལྷག་ཏུ་ལོ་གེགས་ཞེ་ཨ་མྱེས་མཐོ་རིས་པོས་འཇིགས་འཇིགས་བྱེད་པའི་རྐྱེན་ནི་དེ་རང་ངོ་།།

དེ་ལས་མང་བ:

པེ་ཅིན་གྱི་བོད་པ།

ལྷ་བྱམས་རྒྱལ།  སྤྱི་ལོ༡༢༦༤ལོར། ས་སྐྱ་བ་འཕགས་པ་བློ་གྲོས་རྒྱལ་མཚན་པེ་ཅིན་དུ་སླེབས།          
དེ་དུས་པེ་ཅིན་ལ་པེ་ཅིན་དུ་མི་འབོད་པར་ཏ་ཏུའུ་རུ་འབོད་དེ། བོད་སྐད་དུ་ཕལ་ཆེར་རྒྱལ་ས་ཆེན་མོ་ཟེར་བ་མིན་ནམ་སྙམ། དེ་དུས་བྱང་ཕྱོགས་ཀྱི་རྩྭ་ཐང་ཁོབས་ཡངས་ས་དེ་ནས་རི་གཟར་རྦབ་རྡོ་བཞིན་འགྲིལ་ཡོང་བའི་སྐྱ་དམག་གི་དཔུང་ཚོགས་དེས་ཨེ་ཤ་ཡའི་སྐམ་ས་ཆེན་པོ་རྨིག་འོག་ཏུ་བརྫིས་ནས་རིང་ཙམ་ཕྱིན་ཡོད་ཅིང་། མཁུར་མགོ་མཐོ་ལ་དཔྲལ་བའི་དབྱེས་ཆེ་བའི་སོག་དམག་གི་རྟུལ་ཕོད་ཆེན་པོའི་དྲག་སྤྱོད་ཀྱིས་ངོ་ཚུགས་དང་སྐད་རིགས་མི་གཅིག་པའི་མི་རྣམས་བག་ཡོངས་སུ་ཁུམ་པར་བྱས་ཏེ། དེའི་དབང་འོག་དུ་བསྡུས་ཡོད་པར་སྐད།

དེ་ལས་མང་བ:

ལྷ་བྱམས་རྒྱལ་གྱི་ལྷུག་རྩོམ་གསར་བ། ༢༠༡༦ལོའི་བརྗེད་ཐོ།

ལྷ་བྱམས་རྒྱལ་གྱི་ལྷུག་རྩོམ་གསར་བ། 2016ལོའི་བརྗེད་ཐོ། ཉི་ནུབ་ཀྱི་ཕྱི་མིག་ངའི་ཁ་གཏད་ཀྱི་ཐོག་ཁང་གི་རྩེ་མོར་ཐོགས་འདུག སེར་ལམ་མེའི་འོད་ཉི་ཚེ་བ་དེ་ནི་2016ལོའི་དུས་ཚོད་ཀྱི་ལྷག་མ་རེད།  དུས་ཚོད་ནི་ངའི་ཕ་ཡུལ་གྱི་གྲོ་ཞིང་གི་རྣང་མའི་བར་ན་རྒྱུ་བའི་སྲོག་ཆགས་གྲུམ་པ་ཟེར་པ་དེ་དང་མཚུངས་ཏེ།  མདུན་དུ་འགྲོ་རྐྱང་བྱེད་པ་ལས་དུས་ནམ་ཡང་ཁ་ཕྱིར་འཁོར་མི་ཤེས།

དེ་ལས་མང་བ:

ང་ཡུལ་དུ་ལོག་ནས་ལོ་མང་ཡིན།

ང་རང་ཡུལ་དུ་ལོག་ཏེ་ལོ་མང་ཡིན།ངའི་ཕ་མ་དང་ཕུ་ནུ་མིང་སྲིང་རྣམ་པ་ང་རང་ཡུལ་དུ་ལོག་ནས་ལོ་མང་ཡིན །
ལྟོས་ཚོད་ཙམ་ལ་རང་ས་རང་ཡུལ་རང་གི་སྐྱེ་ཡུལ་ལམ་ཕ་ཡུལ་མ་ཡིན་པ་འདྲ་བར་ཡོད་པས །

དེ་ལས་མང་བ:

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།