SatDecSat2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

ང་རང་འབྲུག་པ་བ་ལ་དགའ་པོ་མེད།

གཞན་པས་བཤད་ན།   འབྲུག་རྒྱལ་ཁབ་ནི་སེམས་ལ་བདེ་སྐྱིད་ཆེ་བའི་ཞི་མཐུན་ནང་འགྲིག་ཅན་གྱི་རྒྱལ་ཁབ་ཅིག་རེད་ཟེར། རྗེས་ལུས་ཀྱི་སྡུག་གྱོང་དང་ངོ་ཚས་སེམས་པ་རྩད་ནས་རྨས་ཟིན་པའི་ང་རང་ལ་ཆ་མཚོན། བག་མེད་སྒྱིད་ལུག་གི་རྒྱལ་ཁབ་འདི་ལྟ་བུ་ལ་གཏན་ནས་མི་དགའ། འབྲུག་པ་བའི་རྒྱུད་ལ་ཧམ་སེམས་དང་ཕྲག་དོག་མངོན་གྱུར་མེད་པ་བདེན་སྲིད་པའི་དབང་དུ་བཏང་ནའང་དེ་ནི“ཕོ་ནུས་མེད་སེམས་ལ་ཆོས་སྐུ་ཤར་སོང་བ་མ་གཏོགས་དོན་དམ་དུ་དེང་རབ་རང་བཞིན་གྱི་ལོངས་སྤྱོད་ལ་ཞེན་པའི་སྲེད་པ་མེད་སོང་བ་གཏན་ནས་མ་རེད།

དཔེར་ན་སྤྱང་ལྟོགས་རྨས་མ་ལ་རྔོན་པའི་ལག་གི་རི་དྭགས་ཀྱི་ཚོ་ཤ་འཕྲོག་པའི་སྙིང་སྤོབས་དང་འཇོན་ནུས་མེད་པས་ན། ཕར་ཚད་ཀྱི་ལུང་ཕུག་ཏུ་གབ་ཉལ་བྱེད་པ་མ་གཏོགས་སྤྱང་ལྟོགས་ཚོར་ཤ་ལ་དགའ་བའི་སྲེད་པ་མེད་སོང་བ་གཏན་ནས་མ་རེད།    དཔེ་དེ་བཞིན་དུ། བོད་དང་འབྲུག་པ་བ་དག་ལ་དེང་རབས་ཀྱི་དཔལ་ཡོན་སྒྲུབ་པའི་བློ་ནུས་དང་ལག་རྩལ་མེད་སོང་པ་མ་གཏོགས། ཞི་མཐུན་བག་ཡོད་ཀྱི་བསླབ་པ་གཤིས་ལ་འབྱོར་ནས་རྒྱུ་ནོར་ལ་ཞེན་པ་ཆོད་སོང་བས་གཏན་ནས་མ་རེད།   

གཏམ་འདི་ཡིས་ལོག་རྟོག་གང་ཞིག་བཟློག་དགོས་ཞེ་ན། བོད་ཁ་གཅིག་གིས། འབྲུག་པ་བའི་མི་ལ་ཕྲག་དོག་དང་འགྲན་སེམས་མེད་སྟབས་དེང་ལོངས་སྤྱོད་སྒྲུབ་ཕྱིར་དྲག་འགུལ་དང་འུར་ཟིང་མི་རྒྱག་པར་རང་ས་ན་ལྷོད་པོར་སྡོད་པ་རེད་སྙམ་པའི་ལོ་རྟོག་དེ་དག་བཟློག་དགོས་པ་རེད།  

ནན་གྱིས་བཤད་ན།   འུ་ཅག་བོད་པའི་རིགས་དང་སྤྲང་ཚུགས་གཅིག་པའི་འབྲུག་པ་བ་དག    རྨོངས་དད་དང་གུས་ལུགས་ཀྱི་མུན་འཐོམས་འོག་ཏུ་ལྷོད་ཉལ་བྱེད་པ་འདིར་ང་གཏན་དུ་དགའ་པོ་མེད། ལྷག་པར་དུ་ཆོས་ཀྱི་ཆས་དང་སྲིད་ཀྱི་གྱོན་པ་སྦྲགས་གྱོན་བྱེད་པའི་འབྲུག་པའི་གཙོ་བདག་མུག་གྱོང་དེ་དང༌། དམར་པོའི་གཟན་དང་དཀར་པོའི་ཤམ་ཐབས་སྦྲགས་གྱོན་བྱེད་པའི་
བོད་ས་སྐྱ་བའི་བཟའ་ཉོབ་དེ་ཚོར་ང་གཏན་ནས་དགའ་པོ་མེད།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།