WedNovWed2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

ས་གཏེར་བརྐོ་མཚམས་འཇོག་རོགས།

ཆགས་འཇིག་མགོ་ལ་ལྷུང་རྗེས།། རྒྱལ་ཁབ་ཀུན་གྱི་གཞུག་མ།།

མདོ་དབུས་ས་མཐོའི་སྒང་ལ་ལོ་རེ་བཞིན་ས་ཆུ་མེ་རླུང་གི་འཇིག་པ་བསྟུད་མར་བྱུང་བ་ལ་ཁོར་ཡུག་གི་བཙོག་སྐྱོན་དང་གཏོར་བཅོམ་བཟོས་པས་རེད། རང་བྱུང་ཁམས་ཆེན་མོར་སྲུང་སྐྱོབ་བྱེད་རྒྱུ་ནི་སྐྱེ་འགྲོ་ཀུན་གྱི་འགན་བབས་ཡིན། དེ་བས་མདོ་དབུས་མཐོ་སྒང་ནི་འཛམ་གླིང་གི་ལྟེ་བ་ཡིན་པས་འདི་ལ་གནོད་སྐྱོན་ཆགས་འཇིག་ཤོར་བ་ཡིན་ན། གོ་ལ་ཧྲིལ་བོའི་ཆགས་འཇིག་ལ་གནོད་ཚབས་ཆེ་བས། ང་ཚོས་ད་ནས་བཟུང་རིག་གནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ལ་དོ་སྣང་བྱས་ཏེ། རང་བྱུང་ཁོར་ཡུག་ལ་གནོད་པའི་ལས་རིགས་ཚང་མ་མཚམས་འཇོག་རོགས་ཞེས་འབོད་སྐུལ་གཏོང་དགོས། སྐྱེ་འགྲོ་ཡོངས་ཀྱི་བདེ་སྡུག་གོ་ལ་ཧྲིལ་བོའི་ཆགས་འཇིག་གི་ཆེད་དུ་ང་ཚོས་རང་བྱུང་ཁམས་ཆེན་མོར་སྲུང་སྐྱོབ་བྱེད་དགོས།

མདོ་དབུས་ས་མཐོའི་སྒང་ལ།།
ས་འགུལ་ལོ་རེ་ཇེ་མང་།།
ལོ་རེ་ས་འགུལ་ཡོང་བ།།
ས་གཏེར་བྲུས་པའི་རྐྱེན་རེད།།

ས་གཏེར་མ་འབྲུ་བཟེས་ན།།
རྒྱལ་ཁབ་ཁྲིམས་ཀྱི་གཉའ་ཤིང་།།
ས་གཏེར་བྲུས་པའི་རྗེས་ལ།།
ས་འགུལ་ཀུན་གྱི་གཉའ་ཤིང་།།

བྱས་ཉེས་རང་གིས་བཟོས་ན།།
བྱས་འབྲས་རང་མགོར་སླེབས་འོངས།།
རང་མགོར་ལྷུང་བའི་དུས་ལ།།
ལས་བདའ་སུ་ལ་བྱེད་ཨང་།།

ཁོར་ཡུག་གཏོར་བརླགས་བཟོ་དུས།།
རྒྱལ་ཁབ་ཀུན་གྱི་སྔ་མ།།
ཆགས་འཇིག་མགོ་ལ་ལྷུང་རྗེས།།
རྒྱལ་ཁབ་ཀུན་གྱི་གཞུག་མ།།

ཞེས་མདོ་དབུས་མཐོ་སྒང་གཙོ་བྱས་ཏེ་ཡུལ་ཕྱོགས་ཀུན་གྱི་ནད་ཡམས་དང་དམག་འཁྲུག  ས་ཆུ་མེ་རླུང་གི་གནོད་འཚེ་སྣ་ཚོགས་ཀྱི་འཇིགས་སྐུལ་ལ་སྔོན་འགོག་བྱ་རྒྱུ་ནི་སྐྱེ་འགྲོ་ཡོངས་ལ་འགན་འཁྲི་ཡོད།  འཆམ་མཐུན་ཞི་བདེ་ལ་རེ་འབོད་དང་།  གོ་ལ་ཧྲིལ་བོའི་ཆགས་འཇིག་ལ་གནོད་པའི་ལས་ཚང་མར་ངོ་རྒོལ་བྱེད་དགོས།  
༢༠༡༦།༠༡།༢༡

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།