TueAugTue2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

ལང་ཚོའི་རྨི་ལམ།

འགྲོ་བཞིན་་་་་་་རི་རབ་བརྒལ་ཡོད་་་་་་ཆུ་མོ་ཡང་བརྒལ་ཡོད།

ཟླ་འོད་མེད་པའི་ཁུ་སིམ་སིམ་སྐྱོ་གདུང་གིས་མནར་བའི་མཚན་མོ་ཞིག་ལ་འཁྲུལ་སྣང་གིས་ཁེངས་པའི་རྨི་ལམ་གྱི་ཡུལ་ན་བསམ་རྒྱུ་དྲན་རྒྱུ་མེད་པའི་ཉམ་ཐག་བའི་ཁེར་རྐྱང་དུ་ལུས་པའི་ང་རྒྱུས་མེད་ཀྱི་ས་མཐའི་གྲུ་ཁ་རུ་འཁྱམས་པོ་བཞིན་དུ་ལང་ཚོའི་རྨི་ལམ་དང་འདས་ཟིན་པའི་ལོ་ཟླའི་རི་མོ་འཚོལ་དུ་འགྲོ།

འགྲོ་བཞིན་་་་་་འགྲོ་བཞིན་་་་་་་རི་རབ་བརྒལ་ཡོད་་་་་་ཆུ་མོ་ཡང་བརྒལ་ཡོད།འོན་ཀྱང་རྨི་ལམ་ནང་གི་ཁྱེད་ད་དུང་མ་མཇལ།དེ་དུས་ངས་སྨྲ་བསམ་བརྗོད་དུ་མེད་པའི་ཚོར་ཤེས་དེ་མུན་པའི་ཁྲོད་ནས་རླུང་ལ་བསྐུར་ཡོད།རྡོ་ལ་བཀོད་ཡོད།ལས་དབང་ལ་བསྙད་ཡོད།འོན་ཏེ་གནས་ལུགས་འདི་ང་གཅིག་པུ་མ་གཏོགས་འཆར་སྣང་དུ་བཀོད་མཁན་ཡོད་ག་ལ་སྲིད།མི་འདོད་པའི་རྣམ་འགྱུར་ཞིག་དང་ཡུན་རིང་དུ་མནར་བའི་རྨ་ཁ་ཞིག་འཁྱེར་ཏེ་མདུན་ནས་འགྲོ།

མི་ཚེ་ཡང་འགྲོ་བཞིན་དུ།ལང་ཚོ་ཡང་སྐད་ཅིག་ཏུ་འགྱུར།ཡོད་ཚད་ཐག་རིང་ཐག་རིང་དུ་སོང།མཐར་རང་ཉིད་ལ་དབང་པའི་གཅེས་པའི་ལུས་ཕུང་ཡང་དབང་མེད་དུ་བོར་དགོས་ཙ་ན།སྡུག་བསྔལ་གྱི་རང་བཞིན་ལས་གྲུབ་པའི་སྒྱུ་མའི་འཇིག་རྟེན་ལ་ཞེན་པ་ལོག།བསམ་བཞིན་་་་་བསམ་བཞིན་་་་དབང་མེད་ཀྱི་མིག་ཆུ་ནར་ནར་དུ་བཞུད་དེ་གཉིས་ལས་སད་དུས་སྒེའུ་ཁུང་ནས་རླུང་བུ་བསིལ་བསིལ་དུ་ལྡང།ཕྱི་རོལ་ན་ཁ་བ་མར་མར་དུ་འབབ།ད་དུང་རྨི་ལམ་ནང་གི་ཁྱེད་འཁྲུལ་སྣང་གི་བརྫུན་པ་མིན་ན་རྣམ་ཤེས་དེ་ང་ལ་འཁོར་དང།ཐོས་དབང་དེ་འདི་ཕྱོགས་གཏད་དང་ངས་རྟག་ཏུ་རྨི་བཞིན་སྟེ།ནམ་ཡང་དྲན་བཞིན་པའི་ཁྱེད་ལ་འཆར་སྣང་དང་ཕུག་བསམ་གྱི་ལམ་བུ།འགྲོ་དགོས་པའི་དོན་སྙིང་་་་་་་་༢༠༡༦

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།