FriOctFri2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

སེམས་ཁམས་རིག་པའི་རགས་ཟིན། (ཟིན་བྲིས།)

སེམས་ཁམས་རིག་པའི་རགས་ཟིན། (ཟིན་བྲིས།)

བགྲོ་གླེང་པ། རྒྱ་གར་གྱི་སེམས་ཁམས་རིག་པའི་སློབ་དཔོན། པར་ཀ་ཤཱ་པ་ཏ་ཁན་ཡ།
དུས་ཚོད། ཕྱི་ལོ་༢༠༡༥ཟླ་༡༠ཚེས། ༣༠ དང་༣༡ ཉིན།
སྐད་བསྒྱུར་བ། སེར་བྱེས་གཙང་བྱམས་པ་དང། མངའ་རིས་མཁས་མཆོག་གཉིས།
ཟིན་བྲིས་པ། སེར་བྱེས་བྱ་བྲལ་རྩྭ་ཤུལ་སྤྲུལ་སྐུ། ཕ་ཡུལ། རྫ་ཆུའི་ཇོ་བོ། ​སེམས་ཁམས་རིག་པའི་སྐོར།
༡༽ ངས་སེམས་ཁམས་རིག་པའི་དགེ་རྒན་བྱས་ནས་ལོ་སུམ་བཅུ་ཙམ་ཕྱིན་སོང༌།
༢༽ དེང་སང་སེམས་ཁམས་རིག་པའི་སློབ་ཕྲུག་རྒྱ་ཆའི་དགུ་བཅུ་ཙམ་གྱིས་སེམས་ཀྱི་གནས་ཚུལ་ཡ་མཚན་པ་སྟེ། དཔེར་ན། རིགས་འཚོ་མ་ཟིན་པའམ། སྨྱོན་པའི་སེམས། དམིགས་བསལ་སེམས་ནད་བཅོས་ཐབས་སྐོར་ལ་ཤེས་འདོད་ཀྱིས་སེམས་ཁམས་རིག་པ་སློབ་ཚན་དུ་འདེམས་ཀྱི་འདུག
༣༽ ཚན་རིག་གི་ཐབས་ལམ་གཅིག་ནི་རགས་པ་ནས་ཕྲ་བའི་བར་དུ་དཔྱད་པ་གཏོང་རྒྱུ་དེ་རེད། དཔེར་ན། སྐྱེ་དངོས་རིག་པ་ནས་རྫས་རྡུལ་རིག་པ་དང༌། རྫས་རྡུལ་རིག་པ་ནས་དངོས་ཁམས་རིག་པའི་བར་དུ་རིམ་པར་སོང་པ་ལྟ་བུ་རེད།
༤༽ སེམས་ཁམས་རིག་པ་འདི་ཆེ་ས་ནས་བཤད་ན་གཟུགས་ཅན་སོགས་དངོས་པོ་མང་པོ་ཞིག་ཚུད་ཡོད་པས་ཧ་ཅང་རྒྱ་ཆེ་བ་ཡིན།
༥༽ སེམས་ཁམས་རིག་པ་ལ་སྡེ་ཚན་གསུམ་སྟེ། རིག་གཞུང་དང༌། ལུས་ཀྱི་སྤྱོད་ལམ་དང༌། ཆོས་ལུགས་བཅས་གསུམ་ཡོད།
༦༽ སེམས་ཁམས་རིག་པ་ལ་གལ་ཆེའི་གནད་དོན་གཉིས་ཡོད་པ་ནི། རྣམ་གཞག་དང༌། ལག་ལེན་གཉིས་རེད།
༧༽ སེམས་ཁམས་རིག་པ་ལ་གནད་དོན་མང་པོ་ཡོད་པའི་ནང་གི་གཅིག་ནི། བདག་དང་བདག་གི་ངོས་འཛིན་གྱི་སྐོར་དེ་རེད།
༨༽ ད་ལྟ་ང་ཚོ་ཕན་ཚུན་ཉན་བཤད་བྱེད་པ་སོགས་ཚང་མ་སེམས་ཁམས་རིག་པ་དང་འབྲེལ་ནས་ཡོད་ལ་འདི་ནི་ཆེས་ཡ་མཚན་པ་ཞིག་རེད།
༩༽ བདག་ངོས་འཛིན་གྱི་སྐབས་སུ་གལ་ཆེའི་དཀའ་གནད་གཞན་ཞིག་ཡོད་པ་ནི། བདག་དང་ལུས་ཀྱི་འབྲེལ་བ་འདི་རེད།
༡༠༽ སེམས་ཁམས་རིག་པ་ཞེས་པའི་ཐ་སྙད་འདི་ཐོག་མར་གྷི་རི་སིའི་ནང་ནས་བྱུང་པ་ཞིག་རེད།
༡༡༽ ངས་དེ་རིང་བཤད་ཀྱིན་པའི་སེམས་ཁམས་རིག་པ་འདི་ནུབ་ཕྱོགས་པའི་སེམས་ཁམས་རིག་པའི་སྐོར་རེད།
༡༢༽ སེམས་ཁམས་རིག་པ་འདི་ཐོག་མར་སྲོག་དང་འབྲེལ་ནས་འགྲེལ་བཤད་བྱས་པ་རེད། འོན་ཀྱང་སྲོག་གི་གནད་དོན་དེ་ཧ་ཅང་འགྲེལ་བཤད་དཀའ་བ་ཞིག་ཡིན་པས་ཕྱིས་སུ་འགྱུར་བ་ཕྱིན་ཏེ་རྣམ་ཤེས་རང་གི་ཐོག་ནས་འགྲེལ་བཤད་བྱས་པ་རེད།
༡༣༽ ཚན་རིག་ཅེས་པ་ནི་གནད་དོན་གང་ཡིན་ཡང་དཔྱད་པའི་རིམ་པ་མང་པོ་ཞིག་བརྒྱུད་མཐར་གཞི་ནས་ཚན་རིག་ཅེས་པའི་ཁྱབ་ཁོངས་སུ་ཚུད་ཀྱི་ཡོད།
༡༤༽ ཚན་རིག་དེ་ཐོག་མར་རིག་པ་དང་མིག་མཐོང་ལག་ཟིན་གཉིས་ཀ་བརྒྱུད་ནས་བཤད་པ་དང༌། ཕྱིས་སུ་མིག་མཐོང་ལག་ཟིན་དེ་གལ་གནད་དུ་འཛིན་པ་ཤུགས་ཆེ་ཙམ་བྱུང་ཡོད།
༡༥༽ སེམས་ཁམས་རིག་པ་སློབ་སྦྱོང་བྱེད་སྐབས་འདྲི་བའི་ལམ་ནས་སྦྱོང་དགོས་ཤིང༌། མཐའ་མར་མྱོང་བ་བརྒྱུད་ནས་ཤེས་དགོས།
༡༦༽  སོ་སོས་ཁ་ནང་དུ་ཕྱོགས་ནས་བསམ་བློ་གཏོང་རྒྱུ་ནི། སེམས་ཁམས་རིག་པའི་སློབ་སྟངས་གལ་ཆེན་ཞིག་ཡིན།
༡༧༽ ཁ་ནང་དུ་ཕྱོགས་ནས་དྲི་བ་བཏང་སྐབས། དྲི་བ་འདྲི་པ་པོ་དང་ལན་འདེབས་པ་པོ་གཉིས་ཀ་རང་ཉིད་ཡིན་དུས་བདེན་དཔང་གི་ཐད་ནས་དཀའ་ངལ་ཡོད།
༡༨༽ ༡༩༢༠ཙམ་ནས་སྤྱོད་ལམ་རིག་པ་ཤུགས་ཆེན་དར་བས་མི་ལོ་༣༠ཙམ་གྱི་རིང་ལ་སེམས་ཁམས་རིག་པའི་དཔེ་དེབ་ཏུ་ནང་སེམས་ཞེས་པའི་ཚིག་བྱུང་ཚེ་དཔེ་དེབ་དེ་ཉིད་དཔར་སྐྲུན་བྱེད་མི་ཐུབ་པའི་དཀའ་ངལ་བྱུང་ཡོད།
༡༩༽ ༡༩༦༠ཙམ་ནས་སྤྱོད་ལམ་རང་ལུགས་ལ་འགལ་འདུ་བྱུང་པས་འཕྲུལ་ཆས་ཀྱི་ལམ་ནས་སེམས་ཀྱི་སྐོར་ལ་བསྐྱར་དུ་བཤད་པ་གཏོང་མགོ་ཚུགས་ཡོད།
༢༠༽ དེང་སང་རྟོག་པའམ་ཡུལ་རྟོགས་ཚན་རིག་འདི་ནི། ཚན་རིག་ལ་ཀ་བ་ཆེན་པོ་བཞི་ཡོད་པའི་ནང་གི་གཅིག་ཏེ། སེམས་ཁམས་རིག་པའི་ནང་གི་སྡེ་ཚན་གལ་ཆེ་ཤོས་དང་རྒྱ་ཆེ་ཤོས་དེ་ཆགས་ཡོད།

སེམས་ཁམས་རིག་པ་དང་འབྲེལ་བའི་བདག་གི་སྐོར།
༡༽ སེམས་ཁམས་རིག་པ་བ་གཉིས་ཐོག་མར་ཐུག་འཕྲད་བྱུང་པའི་སྐབས་སུ་ཕན་ཚུན་ལ་“ཁྱེད་རང་ག་འདྲ་ཡོད་དམ་„ཞེས་འདྲི་བའི་ཚབ་ཏུ་“ང་ག་འདྲ་འདུག་གམ་„ཞེས་འདྲི་སྲིད་པའི་སྐོར་གྱི་མཚར་གཏམ་ཞིག་བཤད་དུ་ཡོད།
༢༽ བདག་ཅེས་པ་ནི་དཔྱད་པ་བྱེད་ཁག་པོ་ཡོད། དེའི་རྒྱུ་མཚན་གཅིག་ནི། དཔྱད་པ་བྱེད་མཁན་དང་དཔྱད་པ་བྱེད་ཡུལ་གཉིས་ཐ་དད་དུ་མེད་པས་རེད།
༣༽ ང་རང་གི་བསམ་ཚུལ་ནི། བདག་ལ་དཔྱད་པ་བྱེད་ཁག་པའི་རྒྱུ་མཚན་གཅིག་ནི། དཔྱད་པ་བྱེད་པའི་ཚེ་རང་ཉིད་ལ་འདྲི་བ་དང༌། གཞན་ལ་དྲིས་ནས་མྱོང་ཚོར་ཕྱོགས་བསྡོམས་བྱེད་པ་ལས་ཐབས་ལམ་གཞན་མེད་པའི་རྒྱུ་མཚན་གྱིས་རེད་དྲན་གྱི་ཡོད། དཔེར་ན། མི་བཅུ་ལ་དྲི་བ་བཅུ་བཏང་ཚེ་ལན་མི་འདྲ་བ་བཅུ་འབྱུང་སྲིད་པ་རེད། དེ་བས་ཧ་ཅང་ཁག་པོ་རེད།
༤༽ ད་ལྟ་འཛམ་གླིང་ན་བདག་ཅེས་པ་ནི་འདི་རེད་ཅེས་གཅིག་གྱུར་གྱི་ལན་ཞིག་འདེབས་རྒྱུ་ཡོད་མ་རེད། དེ་བས་ད་དུང་ཡང་མུ་མཐུད་ནས་དཔྱད་དགོས་པ་ཞིག་ཆགས་ཡོད།
༥༽ བདག་གི་ངོས་འཛིན་ཡག་ཤོས་ནི། བྱ་བ་ཡོངས་རྫོགས་ཀྱི་སྟངས་འཛིན་བྱེད་པོའམ། ཐམས་ཅད་ཀྱི་བྱེད་པ་པོ་རུ་འདོད་པ་དེ་ཡིན། དེ་ནི་བྱ་བའི་སྟེང་ནས་ངོས་འཛིན་བྱས་པས་ཀླད་རྩ་ཚན་རིག་སོགས་དང་ཤིན་ཏུ་མཐུན།
༦༽ ནུབ་ཕྱོགས་པ་དང་ཨ་རི་བས་བདག་ཅེས་པ་གཞན་ལ་ལྟོས་མེད་དུ་འདོད་པ་དང༌། འཇར་པན་སོགས་ཨེ་ཤ་ཡའི་མི་རྣམས་ཀྱིས་གཞན་ལ་ལྟོས་པར་འདོད། དཔེར་ན། རྒྱུན་ལྡན་བརྗོད་ཚིག་བེད་སྤྱོད་བྱེད་སྐབས་ནུབ་ཕྱོགས་པས་ང་ཟེར་བ་མང་ཙམ་དང༌། འཇར་པན་སོགས་ཀྱིས་ང་ཚོ་ཟེར་བ་མང་ཙམ་བེད་སྤྱོད་ཀྱི་ཡོད།
༧༽ འཚོ་བའི་ཁྲོད་དུ་ནུབ་ཕྱོགས་པས་ང་དང་ཁྱོད་ཅེས་སྐྱོན་བརྗོད་པ་དང༌། ཤར་ཕྱོགས་པས་དེ་ལྟར་ཐད་ཀར་མི་བཤད་པར་བསྐོར་ནས་བཤད་ཀྱིན་ཡོད། དེའི་རྒྱུ་མཚན་ནི། བདག་གི་ངོས་འཛིན་བྱེད་སྟངས་མི་འདྲ་པའི་དབང་གིས་བྱུང་པ་ཡིན།
༨༽ ནུབ་ཕྱོགས་པས་བདག་ཅེས་པ་ནི། རྭ་བ་ཞིག་ལ་མཚོན་ན་དེའི་ནང་དུ་རང་ཉིད་གཅིག་པོ་ཡོད་པ་ལྟ་བུ་དང༌། ཤར་ཕྱོགས་པས་རྭ་བའི་ནང་དུ་ཕ་མ་དང་གཉེན་ཉེ་དུ་སོགས་ཚང་མ་ཚུད་ཡོད་པ་ལྟ་བུའི་བསམ་བློ་ཡོད། དེ་བས་རྒྱུན་ལྡན་གྱི་བསམ་བློའི་ཁ་ཕྱོགས་མི་འདྲ་ཞིང༌། དེས་རྐྱེན་གྱིས་སྤྱི་ཚོགས་ནང་ཞི་བདེ་ལྷང་འཇག་ཡིན་མིན་གྱི་ཁྱད་པར་ཡོད།
༩༽ བདག་གི་འགྲེལ་བཤད་པར་རིས་ཀྱི་ལམ་ནས་ཏོག་ཙམ་བཤད་དུ་ཡོད་པ་ནི་འདི་ལྟར་རེད། ༼ སྐབས་འདིར་བདག་ངོས་འཛིན་གྱི་དཔེ་མཚོན་རི་མོ་ཞིག་བྲིས་སོང༌། ༽

སེམས་ཁམས་རིག་པ་དང་འབྲེལ་བའི་སྐད་ཡིག་གི་སྐོར།
༡༽ འཛམ་གླིང་ན་སྐད་བརྡ་མི་འདྲ་བ་༦༠༠-ལྷག་ཡོད།
༢༽ ཡི་གེ་འབྲི་བ་ནི་སྐད་ཡིག་མིན་ཏེ། དེ་ནི་ལོ་༥༠༠༠-ཙམ་ཡས་མན་ནས་རིག་གཞུང་གི་ངོ་བོའི་ཐོག་ནས་དར་ཁྱབ་བྱུང་པ་ཙམ་རེད། དེ་ལས་ལྡོག་ཏེ་སྐད་བརྡ་ནི་འགྲོ་བ་མི་བྱུང་པ་ནས་ལྷན་སྐྱེས་སུ་ཡོད།
༣༽ སྐད་ཡིག་མིན་པ་གསུམ་ནི། འབྲི་བ་དང༌། བརྡ་སྤྲོད་དང༌། བསམ་བློ་བཅས་ཡིན།
༤༽ འགྱིག་དམ་ཅེས་པ་བཏགས་པ་ཙམ་ལས་འགྱིག་དམ་རང་གི་ངོས་ནས་དེ་ལྟར་བཏགས་དགོས་པའི་གཞི་རྩ་གང་ཡང་མེད། གལ་ཏེ་འགྱིག་དམ་ལ་ལྕགས་སྙུག་ཅེས་བཏགས་ན་སང་ཉིན་ནས་འགྱིག་དམ་ལྕགས་སྙུག་ཏུ་འགྱུར་རྒྱུ་རང་ལས་འོས་མེད་པ་རེད།
༥༽ ཚིག་གྲངས་མེད་པ་འདི་དག་སུས་ལྷུ་སྒྲིག་བྱས་སམ་ཞེས་པའི་དྲི་བ་འདི་ཧ་ཅང་གལ་ཆེན་ཡིན་ཞིང༌། ཚིག་ལ་གྲངས་མེད་པ་བཞིན་དུ་ཚིག་གྲུབ་ཀྱང་གྲངས་མེད་པ་རེད། འདི་ནི་ཡ་མཚན་པའི་དོན་དག་ཅིག་རེད།
༦༽ ཚིག་གྲུབ་ལ་རིང་ཐུང་འདྲ་མིན་ཡོད་ཅིང་ཚིག་༡༣༠༠ཅན་གྱི་ཚིག་གྲུབ་ཀྱང་སྟོན་རྒྱུ་ཡོད།
༧༽ ཚིག་རྣམས་ལྷུ་སྒྲིག་བྱེད་ཀྱི་ཀླད་རྩ་དང༌། དོན་གོ་བའི་ཀླད་རྩ་དང༌། དེ་གཉིས་མཐུད་བྱེད་ཀྱི་ཀླད་རྩ་བཅས་གསུམ་ཡོད་ཅིང༌། དང་པོ་ལ་སྐྱོན་ཤོར་ན་གཏམ་སྨྲ་མི་ཐུབ། གཉིས་པ་ལ་སྐྱོན་ཤོར་ན་སྨྲས་ཟིན་པ་བསྐྱར་ལྡབ་མི་ཐུབ། གསུམ་པ་ལ་སྐྱོན་ཤོར་ན་དོན་མི་གོ་བ་ཡིན།
༨༽ སྐད་ཡིག་ནི་རགས་པ་དང༌། བདག་ནི་ཧ་ཅང་ཕྲ་བས་ཤར་ནུབ་ཀྱི་མཁས་པ་ཚོས་འགྲེལ་བཤད་འདྲ་མིན་བྱེད་ཀྱིན་ཡོད།
༩༽ ངས་བོད་སྐད་ལ་རྒྱུས་ལོན་བྱེད་མྱོང་མེད་ཀྱང་བོད་སྐད་འདི་འཇར་པན་གྱི་སྐད་དང་འདྲ་བོ་ཞིག་མཐོང་སོང༌།
༡༠༽ བྱིས་པའི་སྐད་བརྡ་ནི་ཕ་མས་བསླབ་པ་ཙམ་མིན་པར་ཁོར་ཡུག་གི་རྐྱེན་པས་མྱོང་བ་བསགས་ནས་གྲུབ་པ་ཞིག་ཡིན།

ཟིན་བྲིས་འདི་ནི་ཕྱི་ལོ་༢༠༡༥ ཟླ ༡༢ ཚེས་ ༡༤ ནས་ ༡༧ བར་ཉིན་བཞིའི་རིང༌། སེ་ར་ཐེག་ཆེན་གླིང་དུ་ཚོགས་པའི་སེམས་དང་སྲོག་གི་བགྲོ་གླེང་ཐེངས་སུམ་བཅུ་པའི་སྔོན་འགྲོའི་སྦྱོང་བརྡར་ཆེད་ཟླ་གཅིག་གི་སྔོན་སྟེ། ཕྱི་ལོ༢༠༡༥ ཟླ ༡༠ ཚེས་ ༣༠ དང་ ༣༡ ཉིན། སེར་བྱེས་ཚན་རིག་སྡེ་ཚན་གྱིས་གོ་སྒྲིག་འོག་སེར་བྱེས་རིག་མཛོད་ཁང་དུ་སེམས་ཁམས་རིག་པའི་སྐོར་གྱི་བགྲོ་གླེང་ཚོགས་སྐབས་སེར་བྱེས་བྱ་བྲལ་ཁང་ཚན་རྩྭ་ཤུལ་སྤྲུལ་སྐུས་ཟིན་བྲིས་བགྱིས་པ་ཞིག་ཡིན།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།