TueOctTue2017

སྤེལ་དུས་མཐའ་མ།07:11:05 AM GMT

རྩོམ་གསར།:

དཔེ་དེབ་ཅིག་གི་བཀླགས་འཆར།

དཔེ་དེབ་ཅིག་གི་བཀླགས་འཆར།

__ ཨ་འབྲུག་དཀོན་མཆོག
For the love of a son
One Afghan women’s quest for her stolen child.
<<བུ་ལ་བཅངས་པའི་བརྩེ་བ། བརྐུ་འཕྲོག་པའི་ལག་ནས་རང་བུ་འཚོལ་བའི་ཨ་ཧྤི་གྷ་ནི་སི་ཐན་གྱི་བུད་མེད་ཅིག>>ཅེས་པའི་དཔེ་དེབ་འདི་ནི་ཁ་ཆེའི་ཆོས་ལུགས་ཀྱི་ཤུགས་རྐྱེན་ཆེ་བའི་སྤྱི་ཚོགས་ཁྲོད་བུད་མེད་ཀྱི་དཀའ་སྡུག་དང་ལས་དབང་གི་གནས་སྟངས་ཐད་ཀྱི་དཔེ་མཚོན་དཔེ་དེབ་ཅིག་རེད། དཔེ་དེབ་འདིར་ཨ་ཧྤི་གྷ་ནི་སི་ཐན་གྱི་བུད་མེད་མར་ཡཱན་གྱི་རྨོ་མོ་དང་། མོའི་ཨ་མ། མོ་རང་ཉིད་བཅས་བུད་མེད་གཙོ་རྐང་དུ་བཟུང་བའི་མི་རབས་གསུམ་གྱི་ལོ་རྒྱུས་དང་ལས་དབང་ལྷུག་བརྗོད་རྒྱས་གླེང་བྱས་ཡོད་ཅིང་། ཆོས་ལུགས་དང་རིག་གཞུང་། ཆབ་སྲིད་དང་མི་སྒེར་གྱི་འཚོ་བའི་ཁྲོད་གང་དུའང་ཨབ་གྷན་གྱི་བུད་མེད་ཚོ་ནི་རེ་བ་དང་རྨི་ལམ་གང་ཡང་མངོན་གྱུར་བྱ་ཐབས་མེད་པའི་གནས་བབ་ཅིག་ཏུ་ཡོད་པ་སྟེ། དཔེ་དེབ་ཀྱི་མགོ་མཇུག་གཉིས་སུ་བསྟན་པ་ལྟར། ཨབ་གྷན་གྱི་བུད་མེད་ཚོར་རྨི་ལམ་ཡོད་ཆོག་ཀྱང་། མངོན་གྱུར་ཡོང་བ་ནི་སྐྱེས་པ་ཚོ་ཁོ་ན་ཡིན་པའི་གནས་སྟངས་གསལ་འདོན་དང་། ཡང་ན་དཔེ་དེབ་དུ་ནན་བཤད་བྱས་པའི་སྐད་ཆ་སྟེ། ཨབ་གྷན་གྱི་རིག་གཞུང་ཁྲོད་བུད་མེད་བཅིངས་གྲོལ་གྱི་ལམ་ཁ་མེད་པའི་ངང་ཚུལ་ཁུངས་སྐྱེལ་བྱས་འདུག

ཨབ་གྷན་གྱི་བུད་མེད་མར་ཡཱན་ནི་རྩ་བའི་ཆ་ནས་རིགས་རྒྱུད་མཐོ་བའི་ཁྱིམ་ཚང་གི་རྒྱབ་ལྗོངས་ཅན་དང་། ཤེས་ཡོན་ཅན་དང་བསམ་བློ་གསར་པར་ཁ་ཕྱོགས་པའི་ཕ་མ་གཉིས་ཀྱི་བུ་མོ། ཨབ་གྷན་ནས་པ་ཀི་སི་ཐན་དང་། པ་ཀི་སི་ཐན་དང་རྒྱ་གར། རྒྱ་གར་ནས་ཨ་རི་སོགས་སུ་འགྲིམས་འགྲུལ་དང་། སློབ་སྦྱོང་། ལས་གནས་བཅས་གཉེར་བའི་མཐུན་རྐྱེན་དང་གོ་སྐབས་སྣ་མང་བརྒྱུད་མྱོང་མཁན་ཞིག་ཡིན་མོད། འོན་ཀྱང་དེ་དག་གི་མོའི་ལས་དབང་ལ་ཁ་ལོ་སྒྱུར་མ་ཐུབ།
རྒྱུ་མཚན་ནི་རྩ་བ་སྲ་མཁྲེགས་ཅན་གྱི་མི་རིགས་རིང་ལུགས་དང་། ཁ་ཆེའི་རིག་གཞུང་གི་རྒྱབ་བརྟེན་ལས་གྲུབ་པའི་སྤྱི་ཚོགས་ལམ་ལུགས་ཀྱི་ཐ་གུ་དེས་མར་ཡཱན་གྱི་ལས་དབང་ཧྲིལ་པོ་འཆིངས་སྡོམ་བྱས་ཡོད། དེ་བས་ན་ཨབ་གྷན་གྱི་བུད་མེད་མར་ཡཱན་གྱི་ལོ་རྒྱུས་འདི་བུད་མེད་ཅིག་གི་ལས་དབང་གི་མཚོན་དོན་ཙམ་ཡིན་པར། ཆོས་ལུགས་དང་མི་རིགས་ཀྱི་འདུ་ཤེས་གཉིས་ཁྱིམ་ཚང་དང་མི་སྒེར་གྱི་འཚོ་བ་ལ་གཏིང་ནས་ཐིམ་པའི་ཨབ་གྷན་མི་རིགས་ཀྱི་རང་གཤིས་ལས་གྲུབ་པའི་སྤྱི་ཚོགས་ཀྱི་དངོས་བབ་སྙིང་བསྡུས་ཀྱིས་མཚོན་པ་ཞིག་རེད།
མར་ཡཱན་གྱི་མི་ཚེའམ་ཡང་ན་ཁོ་མོའི་མི་ཚེའི་ལོ་རྒྱུས་ནི་ཞེ་འཁོན་དང་བརྩེ་སེམས་ཟུང་གིས་གྲུབ་ཡོད། ཁོ་མོས་ཁྱོ་ག་གཅིག་གིས་སྐྱེས་དམན་མང་པོ་ལེན་པའི་ལམ་ལུགས་ཀྱི་འོག་ནས་བྱུང་བའི་རྨོ་མོའི་ལས་དབང་གི་དཀའ་སྡུག་དང་འབྲེལ་བའི་རྙིང་ཞེན་ལ་འཁོན་སེམས་བཅངས་ཡོད་ཅིང་། རང་གི་སྤུན་གྱི་བུ་མོ་ཆུང་མ་ལེན་དགོས་པའི་ལམ་ལུགས་དང་སྤུན་རྒན་གྱི་ཁ་དབང་འོག་གི་མོ་རང་གི་ཨ་ཕའི་དཀའ་སྡུག་དང་འབྲེལ་བའི་ལམ་ལུགས་རྙིང་བར་འཁོན་སེམས་བཅངས་ཡོད། མ་ཟད་རང་ཉིད་མ་གཏོགས་ཁ་ཆེ་བ་གཞན་དག་ལ་མཐོང་ཆུང་བྱེད་པའི་ཨབ་གྷན་པའི་ལྟ་ཕྱོགས་འོག་ནས་མོ་རང་ལ་རང་དབང་གི་ཁྱོ་ཀ་འདེམས་དབང་མེད་པའི་ལམ་ལུགས་ལའང་ཞེ་འཁོན་བཅངས་ཡོད།
འོན་ཀྱང་ཞེ་འཁོན་ཇི་འདྲ་ཡོད་མེད་ལ་མ་ལྟོས་པར། མོ་རང་གི་ལས་དབང་ནི་ལམ་ལུགས་དེ་དག་གི་འོག་ནས་ཐར་མ་ཐུབ་པའི་རྒྱུ་མཚན་ནི། མོས་རང་གི་ཕ་དང་བུ་ལ་བརྩེ་སེམས་ཟབ་མོ་བཅངས་པ་ལ་ཐུག་ཡོད། མར་ཡཱན་གྱི་ཕ་དང་བུ་ནི་ཨབ་གྷན་གྱི་མི་ཡིན། ཨབ་གྷན་གྱི་སྐྱེས་པ་ཕོ་ཡིན་པས། ཁོང་ཚོའི་ཁྲག་རྒྱུན་དུ་ཨབ་གྷན་གྱི་སྐྱེ་བ་ཕོ་ཡི་ལྟ་བ་དང་རང་མཐོང་འབྱམས་ཡོད།
མར་ཡཱན་གྱིས་རང་ཉིད་གཏིང་ནས་འཁོན་སེམས་ཆེ་བའི་ལམ་ལུགས་དག་དང་། རང་ཉིད་ཀྱི་ལས་དབང་ལ་འཆིང་སྡོམ་བྱེད་པའི་བཀག་རྒྱའི་སྟོབས་ཤུགས་ཆེན་པོ་དེ་དང་། རང་ཉིད་སེམས་གཏིང་ནས་བརྩེ་བ་ཆེ་བའི་བརྩེ་བའི་ཕ་དང་གཅེས་པའི་བུ་དག་གི་བར་ལ་འདི་ལྟ་བུའི་མི་མངོན་ལྐོག་སྐུད་ཀྱི་འབྲེལ་བ་ཟབ་མོ་ཞིག་གྲུབ་ཡོད་པ་མ་རྟོགས་པ་འམ། ཡང་ན་དེ་ལྟ་བུའི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་གནས་བབ་མྱོང་རྟོགས་བྱུང་ཡང་། མོ་རང་གི་ལས་དབང་གི་འཆིང་རྒྱ་དེ་དག་དང་འདའ་འགོང་བྱེད་མ་ཐུབ་པས་ན་སྐྱོ་ཤས་ཆེས་ཆེ་བའི་ཁོ་མོའི་མི་ཚེ་དང་མི་ཚེའི་མི་ཚེའི་ལོ་རྒྱུས་འདི་གྲུབ་པ་རེད།
དཔེ་དེབ་འདི་ཞིབ་ཞུད་གཉིས་སྦྲེལ་གྱིས་བཀླགས་རྗེས། དཔེ་དེབ་འདི་བཀླགས་པའི་བརྒྱུད་རིམ་ལས་བྱུང་བའི་རང་ངོས་ཀྱི་མྱོང་བ་ཐ་ཐོར་རེ་རང་ཉིད་ལ་དྲན་གསོ་དང་བརྗེད་ཐོ་ཙམ་དུ་ཡིག་ངོར་ཕབ་པ་ཡིན། དཔེ་ཆ་ཞིག་བཀླགས་པ་དང་རྒྱལ་ཁམས་དེར་ལྗོངས་རྒྱུ་ཞིག་བྱས་པ་ནི་ཧ་ལམ་གཅིག་མཚུངས་ཙམ་མ་ཟད། ཚད་ངེས་ཅན་ཞིག་གིས་བཤད་ན་དཔེ་ཀློག་གིས་རིན་ཐང་ཆེ་བར་སྣང་སྟེ། དཔེ་ཀློག་གིས་རྒྱལ་ཁོངས་དེའི་ཕྱི་ཚུལ་གྱི་གནས་བབ་ལས་བརྒལ་ཏེ་རང་གཤིས་དང་མྱོང་ཚོར་གྱི་གཏིང་དུ་སིམ་པའི་རིག་གཞུང་དང་འཚོ་བའི་གཏིང་རུམ་གྱི་བྲོ་བ་མྱོང་དུ་འཇུག་ངེས།
༢༠༡༧ ༡ ༢༨ ལ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།