WedNovWed2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

དོན་ངོ་མ་ང་སུ་རེད་དམ།

ང་སུ་ཡིན་མིན་ངས་ཀྱང་མི་ཤེས།

ང་སུ་ཡིན་མིན་ངས་ཀྱང་མི་ཤེས།   ང་ག་ནས་ཡོང་མིན་ངས་མི་ཤེས་ལ།   མ་འོངས་པར་ག་ནས་སླེབས་མིན་ཡང་ངས་མི་ཤེས།   ངོ་མ་ང་ནི་ཤེས་ཚོར་མ་ཟིན་པའི་ལྐུགས་པ་ཞིག་རེད་ཅེས་ལབ་ན་རྫུན་རྟ་རྔ་ཙམ་ཡང་ཐལ་བའི་ཉེས་པ་གཏན་ནས་མེད་སྙམ།   མི་ག་གེ་མོ་འགས་ང་ལ་ཁྱེད་རང་གི་སྐོར་ངོ་སྤྲོད་བྱེད་དགོས་ཟེར།   ངོ་མ་དགོད་ཁ་ནས་ཤོར་བའི་གཏམ་རེད།  རང་གིས་རང་ངོ་མི་ཤེས་མཁན་མི་ཞིག་གིས་རང་ཉིད་མི་གཞན་ལ་ངོ་སྤྲོད་ཇི་ལྟར་བྱེད་དགོས་སམ། དཔེ་ན་བུམ་པ་ངོ་མ་ཤེས་མཁན་ཞིག་ལ་བུམ་པ་ངོ་སྤྲོད་བྱོས་ཟེར་བ་དང་གཅིག་མཚུངས་ཤིག་མ་ཡིན་ནམ།   རེད།  ངས་ལོ་ངོ་ལྔ་ཚན་གསུམ་ལྷག་ངལ་བ་དང་དུ་བླངས་ནས་ང་རང་འཚོལ་ཞིབ་བྱས་པ་ཡིན།  དོན་ངོ་མ་ང་རང་སུ་ཡིན་མིན་དང་།  དང་ཐོག་གང་ནས་སླེབས་མིན།   སླད་མ་འོངས་པ་ལ་ཡང་གང་དུ་སླེབས་མིན་ཐད།   དབྱར་དུས་ཐོགས་སེར་དང་དྲག་ཆར།  དགུན་དུས་རླུང་འཚུབ་དང་ཁ་བ་བུ་ཡུག་འཚུབ་པའི་གྲང་ངར་སོགས་ལམ་འཕྲང་གི་ཀྱང་ཀྱོག་ཁྲོད་ཡོད་ཚད་ལ་གདོང་ལེན་བྱས་ཏེ་མཐོ་སྤྱི་བོའི་གཙུག་ནས་དམའ་རྐང་སེན་ཡན་བར་འཚོལ་ཞིབ་བྱས་པ་ཡིན།   ཡིན་ཡང་ད་དུང་ཡོད་ཚད་ནས་ཡོད་ཚད་ལ་མཛུབ་མོ་རི་སྟོན་བྱས་ཏེ་འདི་རེད་ཅེས་ངོས་གཟུང་ཡུལ་ཆ་ཕྲ་མོ་ཙམ་ཡང་མ་རྙེད་ཐལ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།