TueAugTue2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

ལྷ་བཀྲ་དོན་གྲུབ་བམ་དར་མེ་སྨྱུག་གི་སྙན་ངག་གི་ཚོགས།

ལྷ་བཀྲ་དོན་གྲུབ་བམ་དར་མེ་སྨྱུག་གི་སྙན་ངག་གི་ཚོགས།ཉིན་རེར་ཚིག་རེ། ཁག་དང་པོ།
༡༠༡༦/༩/༢༣____༡༠/༢༢

༡༽
ཁ་བ་གནམ་ནས་འབབ་ཀྱང་།།
འདབ་མ་སེམས་སུ་ལྷུང་བས།།
ཉི་ཟེར་ཕོག་བསྐལ་མེད་རུང་།།
ཆར་ཆུ་མིག་མཐར་འཁྱིལ་སོང་།།

དེ་ལས་མང་བ:

གསང་བ།

གསང་བ།__སྒྲེ་བོ།
ང་ཡི་མིག་ཟུང་གིས
ཁྱོད་རང་མཐོང་གིན་མི་འདུག
ང་ཡི་རྣ་ཅོག་གིས
ཁྱོད་རང་ཐོས་ཀྱིན་མི་འདུག
ང་ཡི་ཚོར་ཤེས་ཀྱི་ཆེས་ཟབ་ས་དང་ཕྲ་ས་ཞིག་ན
ཁྱོད་རང་གླེང་གིན་འདུག
དེ་ནི་ང་ཡི་ཀེང་རུས་ལ་འདྲེས་པའི་སྐད་ཆ་འཁྱག་མོ་ཞིག་རེད

དེ་ལས་མང་བ:

ཚེ་རབས་རྗེས་མ་རུ།

ཚེ་རབས་རྗེས་མ་རུ།(ཡུལ་ཤུལ།)   མུན་གྲོལ།

ཚེ་རབས་རྗེས་མ་རུ།
འུ་ཚོས་སྔར་བཞིན་རྒྱུས་ཡོད་ཀྱི་གཤིས་ཀ་ལྷུན་ཆགས་ཤིག་མི་མངོན་ནས།
ཤོག་སྒོར་དང་། མཚན་སྙན།
མངའ་ཐང་ཡོད་ཚད་ཁེར་རྐྱང་གི་ངང་ནས་བཙལ།

དེ་ལས་མང་བ:

ཏྲེ་མེ་ལྕེའི་སྙན་ངག་ཚན་པ་གསུམ།

ཏྲེ་མེ་ལྕེའི་སྙན་ངག་ཚན་པ་གསུམ།རྒྱ་གར་བུ་མོའི་སྐྱེས་གཟུགས།

___ ཏྲེ་མེ་ལྕེ།

གཟུགས་མེད་སེམས་པའི་སྐུད་སྣེ་ལ།།
ཁྱེད་ཀྱི་འཛུམ་ཆུང་མངོན་གསལ་དོད།།
དར་གྱིས་སྤུད་པའི་གདུ་བུ་དེས།།
དྲན་ཤིང་རྡོ་རིང་བཙུགས་སོང་ངམ།།
བ་སྤུ་གྱེན་དུ་གཟེང་བས་ན།།
ལུས་ལ་རྔུལ་ཆུ་དལ་གྱིས་རྡོལ།།
ཕྱི་ནང་གསལ་བའི་རྔུལ་ལེན་འོག།

དེ་ལས་མང་བ:

༄༅།། རྗེ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པའི་རྟོག་པ་བརྗོད་པའི་གཡས་འཁྱིལ་དུང་གི་སྒྲ་དབྱངས།

༄༅།། རྗེ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པའི་རྟོག་པ་བརྗོད་པའི་གཡས་འཁྱིལ་དུང་གི་སྒྲ་དབྱངས།༄༅།། རྗེ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པའི་རྟོག་པ་བརྗོད་པའི་གཡས་འཁྱིལ་དུང་གི་སྒྲ་དབྱངས།

གྲངས་མེད་གསུམ་ན་དཀའ་ཐུབ་བརྟེན་པའི་རིགས་བཟང་ཤཱཀྱའི་རྒྱལ་པོའི་སྲས།།
རྟེན་འབྱུང་གཏམ་གྱིས་མ་རྣམས་འགྲོ་བའི་སྡུག་ཀུན་ཉེར་བར་ཞི་མཛད་དེ།།
ཡང་དག་ལམ་ནས་གནས་ལུགས་ཟབ་མོ་གསལ་བའི་ལམ་བཟང་སྟོན་མཛད་པ།།
རྣམ་འདྲེན་བཞི་པ་ཤཱཀྱའི་སེངྒ་བདག་བློ་གཙུག་གི་རྒྱན་དུ་མཆོད།།

དེ་ལས་མང་བ:

བརྩེ་འཕྲིན།

བརྩེ་འཕྲིན།_____ སྟག་ཚང་རིག་རྒོད།

དབྱར་གསུམ་ཆར་ཞོད་ཆེ་བའི་དུས་ཤིག་ན།།
ས་གཞི་ཆར་གྱིས་བརླན་པའི་སྐབས་ཤིག་ལ།།
ཡུལ་གྲོགས་འདུ་བ་རྒོད་པའི་གླིང་ཞིག་ནས།།
སེམས་དང་མཐུན་པའི་གྲོགས་མོ་ཁྱོད་ཉིད་མཇལ།།

དེ་ལས་མང་བ:

རོང་སྲས་སྨྱུག་ཕྲན་གྱི་སྨྱུག་གླིང་སྐྱ་བོའི་གདངས་དབྱངས།

རོང་སྲས་སྨྱུག་ཕྲན་གྱི་སྨྱུག་གླིང་སྐྱ་བོའི་གདངས་དབྱངས།དྲིན་གྱི་མ་ལོ།
འཚོ་བ་འདི་ལ་དྲོད་ཅིག་ཡོད་ན་ཉི་མའི་དྲིན་དུ་མི་འདོད་ལ།།
མདུན་ལམ་དེ་ལ་འོད་ཅིག་ཡོད་ན་ཟླ་བའི་འོད་ལ་འཕྲུལ་དོན་མེད།།
ནམ་ནམ་ཞར་ཞར་མདུན་ནས་མདུན་དུ་ཅུང་ཙམ་སྔོན་དུ་བསྐྱོད་པ་ཡང་།།
སྦྲ་ནག་གྲུ་བཞིའི་ཚེ་སྲོག་སྲུང་བའི་ང་ཡི་ཨ་མའི་བཀའ་དྲིན་ཉིད།།

དེ་ལས་མང་བ:

བྱེའུ།

བྱེའུ།__སྒྲེ་བོ།

འདི་ནི་གཞས་ཆུང་ཞིག་གི་མྱིང་ཡིན
སེམས་ཀྱི་གཞས་ཆུང་ཞིག་གི་མྱིང་ཡིན

དེ་ལས་མང་བ:

མཚན་གཞུང་གི་མེ་འཁོར།

མཚན་གཞུང་གི་མེ་འཁོར།__ ཇ་ཞོགས་རླུང་།

ས་མཐའི་ཁེར་བཞུད་ཀྱི་མཚན་མོར
ངས་ཕ་ཡུལ་གྱི་གཏམ་རྒྱུད་རིང་མོ་ཞིག་དྲན
ངས་ཕ་ཡུལ་གྱི་འོད་འཕྲོ་བའི་མེ་ཏོག་དག་ལ་གདུང་།
དེ་བས་ངས་ཕ་ཡུལ་གྱི་དགོད་སྒྲ་དང་ཕ་ཡུལ་གྱི་མཛེས་དམུལ་ལྷག་ཏུ་རྨིས།
ད་དུང་ངས་ཕ་ཡུལ་གྱི་ཕ་ཡུལ་དྲན་དྲགས་པས
ཁེར་བཞུད་ལ་སྤོབས་པ་སྦྱིན།    ཁེར་བཞུད་ལ་ཟླ་འོད་བསུ།      ཁེར་བཞུད་ཀྱི་ལས་དབང་ཁྲོད་ནས

 

དེ་ལས་མང་བ:

སྙིང་གཏམ་ཁ་བ་འབབ་འབབ།

སྙིང་གཏམ་ཁ་བ་འབབ་འབབ།__མེ་ཟླུམ།
དྲན་པ་རྒོད་པའི་ཉིན་ཞག་འདི་དག་ལ།།
ཐ་སྙེད་རེ་རེ་སྐུད་པར་བརྒྱུན་བཞིན་དུ།།
ལྷོ་མཐའི་སྡེ་བའི་ནང་གི་བུ་མོ་ལ།།
དྲན་པའི་འཕྲིན་ཡིག་བརྒྱ་དང་སོ་བརྒྱད་བྲིས།།

དེ་ལས་མང་བ:

སྙན་ངག་སྐ་རགས་ཀྱི་མདུད་ཁ་ཞེས་བྱ་བ།

སྙན་ངག་སྐ་རགས་ཀྱི་མདུད་ཁ་ཞེས་བྱ་བ།མེ་ཏོག་སོས་པ་འདབ་མ་གཡེལ་བ་ལ།།
ཞོགས་པའི་ཟིལ་ཆུས་བརྒྱན་པ་ནང་བཞིན་གྱི།།
ཁྱེད་ཀྱི་མཆུ་སྒྲོས་འདི་ནི་བིམ་པའམ།།
ཞིམ་པའི་ཞོའམ་སྦྲང་ངམ་བུར་རམ་ཅི།།

དེ་ལས་མང་བ:

བུ་མོ་ལྷ་སྒྲོན་དྲན་ཚུལ།

བུ་མོ་ལྷ་སྒྲོན་དྲན་ཚུལ།__གངས་སྦྲང་ཆར།
ནམ་རྒྱུན།
ཕྱི་རོལ་ཏུ་གྲང་རླུང་ལྡང་དུས།
བུ་མོ་ཞིག་གློ་བུར་དུ་སེམས་ལ་འཁོར་འོང་ཞིང་།
རེས་འཇགས་རེས་ལང་གིས་ལྡང་བའི་གྲང་རླུང་གི་ཤུ་སྒྲ་ནི།
བུ་མོ་དེའི་སྡུག་སྨྲེ་དང་འདྲ་བར།
ངའི་སྒོ་དང་སྒེའུ་ཁུང་གི་ངོས་ལ་ཡང་ཡང་ཕོག་འོངས།

དེ་ལས་མང་བ:

ཆགས་སྲེད་ཀྱི་ངུ་འབོད།

ཆགས་སྲེད་ཀྱི་ངུ་འབོད།__ གངས་སྦྲང་ཆར།
མཚན་མོ་ལྷིང་འཇགས་བསམ་མོད།།
མཚན་མོ་ལྷིང་འཇགས་མ་རེད།།
ཕོ་མོས་ཆགས་སྐད་ཐོས་ན།།
སྒོ་ཕྱུག་ཧེད་དེ་འདུག་གོ།།

དེ་ལས་མང་བ:

རླུང་ནང་གི་རྐང་རྗེས།

ང་ནང་གི་རྐང་རྗེས།  __ སྒྲེ་བོ།

སྐྱོ་འཛུམ་གཉིས་ཀ
རྐང་རྗེས་གཅིག་གི་ཤུལ་དུ་ལྷག་འདུག

ཧ་ཅང་མཛེས་པའི་རྨི་ལམ
རླུང་བུས་ལྡག་པའི་ཉིན་ཐོ་ཞིག་རེད

དེ་ལས་མང་བ:

སུ་ཞིག་དྲན་མྱོང་བའི་ཁེར་རྐྱང་གི་ལོ་ཟླ་ནག་པོ།

___ཙ་རྐང་དྲུག

འཆར་ཡན་དེ།  བདག་གི་རྨི་ལམ་ནས་འགོ་བརྩམས་བཞིན།
འཆར་ཡན་དེ།  བདག་གི་རྨི་ལམ་ནས་སྟོང་སོང་།

ངས་རང་གི་རྣམ་ཤེས་ལ་སྙན་ཚིག་གིས་མཆོད་མེ་ཕུལ་བཞིན།
འདར་སིག་སིག་གི་མཚན་མོའི་སྐར་ཆེན་དེ་ལ་སྙིང་གཏམ་གླེང་སྐབས།
ངས་ཚེ་སྲོག་གི་རིན་ཐང་འཆར་ཡན་གྱིས་བསྐྱངས་ཏེ།
ངས་འཆར་ཡན་གྱི་རིན་ཐང་སླར་ཡང་ཚེ་སྲོག་ལ་བསྟིམས་ནས་རྒས་སོང་།

དེ་ལས་མང་བ:

ཕ་ཡུལ་གྱི་སྟག་གཟིག་ཚོ།

ཕ་ཡུལ་གྱི་སྟག་གཟིག་ཚོ།__ ཁྲ་གངས་ཚེར།
རང་སྡེ་ཕྲ་མོའི་ཆས་དོན་བསམ་བསམ་ནས།།
སྙིང་གི་ཕྱེད་ཀ་ཁྲག་དམར་ཀློང་དུ་ཐིམ།།
བསམ་མེད་བླ་དཔོན་རྣམས་ཀྱི་རང་གཤིས་ཏེ།།
ཉམས་ཆུང་བདག་གིས་བསྒྱུར་བའི་གོ་སྐབས་ཕྲ།།

དེ་ལས་མང་བ:

བོད་ཀྱི་སློབ་ཆེན་སློབ་མའི་སྙན་ངག་ཕྱོགས་བསྒྲིགས།

བོད་ཀྱི་སློབ་ཆེན་སློབ་མའི་སྙན་ངག་ཕྱོགས་བསྒྲིགས།སྒྲོག་ལས་ཤོར་བའི་རྟ་ཕོ།

___ གཙང་མེ་ལྕེ།

གངས་གྲོང་རེ་རེ་བཞིན་རྟ་ཕོའི་རྨིག་རྗེས་ཀྱིས་ཟིན་དུས
ཙག་རླུང་རེ་རེ་རྟ་ཕོའི་བྲང་གཞུང་ལ་བརྒྱབས་ཡོད
རྟ་ཕོས་རྡོག་ལམ་རེ་རེ་ཨ་འཐས་ཀྱིས་བརྟོལ་རྗེས
རྟ་ཕོ་ནི་རང་ཡུལ་འཚོལ་བའི་ཅང་ཤེས་དེ་ཡིན་འདུག

དེ་ལས་མང་བ:

འདི་ནི།

འདི་ནི།__སྒྲེ་བོ།

འདི་ནི་ཁྱོད་ཀྱི་མིག་གི་མཆི་མ་ཡིན
མིག་གི་མཆི་མའི་ནང་གི་གྲང་ངར་ཡིན

ཆར་དང་འཕྲད་ན་སེམས་པ་ནི་ཤོག་གུ་བཞིན
སེམས་ཀྱི་ཤོག་དཀར་ལ་ཁུང་བུ་བརྟོལ་འོང

དེ་ལས་མང་བ:

འབྲེལ་བ་མེད་པ་དག

འབྲེལ་བ་མེད་པ་དགའབྲེལ་བ་མེད་པ་དག

༼ཞར་བཀོད་གཉིས།༽ གཡུ༼མདོ་ལྷོ།༽

སྟོན་ཁ་སླེབས་རྗེས
ཆུ་ཁར་གཡེང་བའི་བྱ་ཁྱུ་དེ་ལྷོ་རུ་འཕུར
ཟློས་གར་ཁང་གི་གཞོན་ནུ་མ་ཚོས
སྔར་གྱི་སྒོ་འགྲམ་དེར་ལངས་ནས
སུ་ཞིག་ལ་ངང་སྒུག་བྱས་ཡོད་པ་འདྲ།

༢༠༡༥-༨-༢༠

དེ་ལས་མང་བ:

ཐོལ་བྱུང་།

ཐོལ་བྱུང་། __ལི་ཐང་ངག་དབང་དབྱིག་གཉེན།

འདི་ན་ས་ཆུ་འཕྲོད་སྟངས་ལ།།
སྟོང་དང་རྟེན་འབྱུང་འཕྲད་ཚུལ་ཡིན།།
སྒྱུ་མའི་རྨི་ལམ་ཁུར་བ་ཡིས།།
སྒལ་པ་འཇའ་དང་སྤྲིན་ལ་འདལ།།

ཡི་གེ་རྨི་ལམ་ནང་དུ་འོང་།
ལས་ཀྱང་རྨི་ལམ་ནང་དུ་འོང་།།
སྙིང་རྗེ་རང་གི་ངོ་ལ་ཚེས།།
གྲིབ་མ་རང་གི་རྒྱབ་ཏུ་འཐུལ།།

དེ་ལས་མང་བ:

• ང་ནི་བུད་མེད་གླེང་མཁན་གྱི་རབ་བྱུང་བ་ཞིག་ཡིན།

• ང་ནི་བུད་མེད་གླེང་མཁན་གྱི་རབ་བྱུང་བ་ཞིག་ཡིན། ང་ནི་རབ་བྱུང་བ་ཞིག་རེད་ཅེས་བསྙད་ན་བདེན་པ་གནད་འཁེལ་རེད།།
ཉོན་སྒྲིབ་ཤེས་སྒྲིབ་ཟུང་གི་རྙི་ལས་ཐར་མེད་པ་ཡང་ཤེས་སུ་ཆུགས།།
ང་ནི་ཕལ་བའི་མི་སྟེ་ད་དུང་འདོད་ཆགས་རྒྱུད་མངའ་སྤངས་མེད་དོ།།
དེ་དག་རིམ་བཞིན་སྤང་དགོས་པ་དེ་ང་ཡི་བླང་བྱ་ཡིན་སྨྲ་ཆོག།

དེ་ལས་མང་བ:

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།