MonAugMon2017

སྤེལ་དུས་མཐའ་མ།05:18:50 AM GMT

རྩོམ་གསར།:

རོང་སྲས་སྨྱུག་ཕྲན་གྱི་སྨྱུག་གླིང་སྐྱ་བོའི་གདངས་དབྱངས།

རོང་སྲས་སྨྱུག་ཕྲན་གྱི་སྨྱུག་གླིང་སྐྱ་བོའི་གདངས་དབྱངས།

དྲིན་གྱི་མ་ལོ།
འཚོ་བ་འདི་ལ་དྲོད་ཅིག་ཡོད་ན་ཉི་མའི་དྲིན་དུ་མི་འདོད་ལ།།
མདུན་ལམ་དེ་ལ་འོད་ཅིག་ཡོད་ན་ཟླ་བའི་འོད་ལ་འཕྲུལ་དོན་མེད།།
ནམ་ནམ་ཞར་ཞར་མདུན་ནས་མདུན་དུ་ཅུང་ཙམ་སྔོན་དུ་བསྐྱོད་པ་ཡང་།།
སྦྲ་ནག་གྲུ་བཞིའི་ཚེ་སྲོག་སྲུང་བའི་ང་ཡི་ཨ་མའི་བཀའ་དྲིན་ཉིད།།



རང་དོན་ཟེར་བ་རྒྱབ་ཏུ་བསྐྱུར་ཏེ་སྦྲ་ནག་གྲུ་བཞིའི་ལས་ལ་བརྩོན།།
ཉིན་མཚན་དུས་དྲུག་ཁོམ་རྒྱུ་མེད་པས་ཡར་མར་ཀུན་དུ་འཕུར་ལ་ཉེ།།
ལྷས་རའི་ནང་གི་ལྕི་འདམ་ཁྲོད་ནས་མི་ཚེ་ཟད་པ་མི་ཤེས་བ།།
བུ་ངའི་ཆེད་དུ་གསོལ་འདེབས་སྨོན་ལམ་ཞུ་མཁན་དྲིན་ཆེན་ཨ་མ་ཉིད།།

འབྲོག་ཐང་དེ་ནི་རེ་ཞིག་དྲོ་ལ་རེ་ཞིག་འཁྱག་གིས་བསྡམ་ན་ཡང་།།
ནམ་ཡང་ཚིལ་གྱི་བང་རིམ་ཆགས་པའི་བོད་ལ་གྱོན་ཏེ་ལུས་ལ་བརྩོན།།
གཞིས་ཀྱི་འཚོ་བའི་ཆེད་དུ་སྐར་ཆ་གང་ཡང་ཁོམ་ལོང་མེད་པ་སྟེ།།
རྔུལ་ཆུའི་ལུས་སེམས་བརླན་པའི་ཨ་མའི་རླབས་ཆེན་བརྩེ་བ་ཉིད།།

དྲིན་ལན་ཟེར་བ་ཇི་ལྟར་འཇལ་ཀྱང་འཇལ་ནས་རྫོགས་མཐའ་བྲལ་མེད་ཡིན།།
གཞན་ཕན་ལྷག་བསམ་ཆེས་ཆེར་ལྡན་པའི་བྱང་སེམས་སྒྲོལ་མ་དངོས་བྱོན་ཡིན།།
རང་ཁྱིམ་ཕུག་ན་འོ་ཇ་བསྐོལ་བའི་ང་ཡི་དྲིན་ཆེན་མ་ལོ་ལ།།
བུ་ངས་ཁྱེད་རང་ཡུན་དུ་བརྟན་པའི་སྙིང་ནས་སྨོན་ལམ་ཡང་ཡང་ཞུ།།

ཕ་ཡུལ་འདི་ཡི་ངོ་སོ་ཡར་ལ་བསྟོད              

རྩེ་གཞུང་ཕྱུགསམོ་འབྲོག་པ་རྣལ་མའི་ས།                                      
རྩེ་གཞུང་ཕྱུགས་མོ་རྒྱུ་དང་ནོམ་གི་ཕྱུགས།                                 
རྩེ་གཞུང་ཕྱུགས་མོ་རྟ་ནོར་ལུག་གི་སྤྲོས།                                    
རྩེ་གཞུང་ཕྱུགས་མོ་ལྷད་མེད་ནོར་ཤའི་བརྒྱན།                                  
ཕ་ཡུལ་འདི་ཡི་ངོ་སོ་ཡར་ལ་བསྟོད།             

རྩེ་གཞུང་ཕྱུགས་མོ་རྩེ་དྲུག་སྙིང་བདུན་ཆགས།                                   
རྩེ་གཞུང་ཕྱུགས་མོ་ཁ་བ་གངས་རིའི་བསྐོར།                                 
རྩེ་གཞུང་ཕྱུགས་མོ་ནོར་འཛིན་ཕྱུག་གི་བཀང་།                                  
ཕ་ཡུལ་འདི་ཡི་ངོ་སོ་ཡར་ལ་བསྟོད།                  

རྩེ་གཞུང་བུ་ཆུང་སྲོལ་རྒྱུན་རིག་ལ་དགའ།                                  
རྩེ་གཞུང་བུ་མོ་ཤེས་བྱའི་གཞུང་ལ་སྤྲོ།           
རྩེ་གཞུང་ཕྱུགས་མོའི་སློབ་གསོ་ཡར་ལ་འཕེལ།                                              
ཕ་ཡུལ་འདི་ཡི་ངོ་སོ་ཡར་ལ་བསྟོད།                 

རྩེ་གཞུང་མི་ལ་བྱམས་དང་སྙིང་རྗེ་ལྡན།                                   
རྩེ་གཞུང་ཕྱུགས་མོའི་ཆོས་བསོད་ཡར་ལ་དར།                                               
རྩེ་གཞུང་མི་བུའི་ལག་ཟུང་ཨ་ལོང་སྦྲེལ།                                    
ཕ་ཡུལ་འདི་ཡི་ངོ་སོ་ཡར་ལ་བསྟོད།                                                                                                         

གླུ་སྐད་དེ་དགུང་ལ་མཆེད་ཤོག

སྨུག་སྤྲིན་ལང་ལོང་གི་གསེབ་ནས།།
གླུ་གཞས་སྙན་མོ་ཞིག་མཆེད་པར།།
གཡང་དཀར་གར་ལ་རང་རྩེན་ནས།།
མེ་ཏོག་ཚོམ་བུ་དེ་སྒུལ་བྱུང་།།
ལུག་རྫི་བུ་མོ་དེའི་གླུ་སྐད།།
ཨ་སྔོན་དགུང་ལ་རང་ཁྱབ་སོང་།།

ལུག་ཁྱུ་བཀྲམ་ས་ཡི་སྤང་ལྗོངས།།
འབྲོག་མོའི་སེམས་ལྗོངས་ཀྱི་ནམ་མཁའ།།
འབའ་སྒྲ་དབྱངས་རྟ་རུ་བཀུག་ནས།།
ངག་གི་དཔལ་ལ་རང་འགྲན་ན།།
བཅོས་མིན་ལྷད་མེད་ཀྱི་སྐད་ངག།
འབྲོག་མོའི་གླུ་སྐད་ལ་མ་དོ།།

སེམས་ཀྱི་རྩོམ་མཁན་དེ་རང་ཉིད།།
སེམས་ཀྱི་དབྱངས་རྟ་ནི་ཆུ་གླུ།།
སེམས་ཀྱི་འཁོར་ཕྱོགས་དེ་སྤང་ཐང་།།
ལུག་རྫི་བུ་མོ་ཡི་སྣང་བ།།
དྭངས་གཙང་ཆུ་མོ་ཡི་རང་མདངས།།
ནམ་མཁའ་སྔོན་པོ་ཡི་ཟླ་བོ།།

གཡང་དཀར་རི་ཁ་རུ་བཀྲམ་ན།།
རྫ་རི་མཐོན་པོ་ཡི་རྩེ་ནས།།
བསིལ་རླུང་འཇམ་པོ་ཞིག་ལྡང་སྟེ།།
གཞས་ལ་རམ་འདེགས་ཤིག་འགྲུབ་ཡོད།།
གཞས་ཚིག་མགུར་མ་ནི་མིན་རུང་།།
སེམས་ཀྱི་ཁ་དོག་རང་ཡིན་སོང་།།

ལུག་རྫི་བུ་མོ་ཡི་སྐད་ངག།
རམ་འདེགས་རོལ་ཆ་ནི་མི་དགོ།།
ཚིག་ལ་རྒྱན་ཆ་ཡང་མི་མཁོ།།
སེམས་ཀྱི་གདངས་དབྱངས་ལས་མཆེད་པའི།།
ལྷན་སྐྱེས་སྐད་ངག་གི་དྭངས་མ།།
སེམས་ཀྱི་ལྕགས་ཀྱུ་དེ་ཡིན་སོང་།།

འབའ་སྒྲ་གདངས་དབྱངས་སུ་བྱས་ཏེ།།
མེ་ཏོག་གཞས་ཚིག་ཏུ་དྲངས་མཁན།།
ལུག་རྫི་བུ་མོ་ཡི་སེམས་གཞས།།
ཨ་སྔོན་དགུང་ལ་རང་ཤོར་སོང་།།
མཐོན་པོ་རྩེ་ལ་རང་སྙེག་སོང་།།
སྡེ་ཆེན་ཁྲོམ་ལ་རང་གྲགས་སོང་།།

ཕ་མ་དྲན་བྱུང་།

ཕྱི་རོལ་གྱི་དུང་མདོག་ཟླ་བའི་འོད་ཆེན་ནང་ལ་འཕྲོས་ན
ངས་ཕ་ས་ཕ་ཡུལ་དྲན་གི

སྐྱ་ཐིང་ཐིང་གི་ཐང་དཀྱིལ་དེ་ན
ས་ཁང་དང་རྡོ་ཁང་གིས་གྲུབ་པའི་གཞིས་ཁྱིམ་ཞིག་ཡོད
དེ་ནི་ངས་ཐོག་དང་པོར་ངུ་སྐད་འབྱིན་སའི་གཞིས་ཁྱིམ་དྲོད་མོ་ཡིན

ཁྱིམ་དེ་ན་མ་དྲིན་ཆེན་ཞིག་གི་ལག་ཟས་ཡོད
ཁྱིན་དེ་ན་ཕ་དྲིན་ཆེན་ཞིག་གི་བྱམས་བརྩེ་ཡོད
དྲིན་ཆེན་གྱི་ཁྱིམ་མི་རེ་རེ
ཉིན་གང་པོར་ང་དང་ཁྱིམ་ཚང་འདིའི་ཆེད་དུ་དཀའ་ལས་རྒྱབ་སོང

ད་ནི་ཁྱེད་ཚོས་གཉིད་ཐུན་རེ་རེར
སྔུར་བ་དལ་གྱིས་འཐེན་ཞིག
རྨི་ལམ་མཚར་པོར་ཡུན་གྱིས་རོལ་ཞིག
མཚན་མོ་རེ་རེ་ཧ་ཅང་རིང་བར་སྨོན

ཟླ་བའི་འཛུམ་ཞལ་མ་མངོན་ན
ཕ་མ་རེ་རེ་འཁོར་བའི་བྲེལ་ཟིང་ཁྲོད་རྒས་རྒྱུ་རེད
ནམ་གཤེགས་པའང་ཚོར་དཀའ་རྒྱུ་རེད

ཨ་ཁ་ཁ
མཚན་མོ་རེ་རེ་རིང་བར་སྨོན

ཁྱེད་ཀྱིས་དཀའ་ལེ་རྒྱབ་སོང
ང་ཡི་མགོན

ནུ་བོར་བྲིས་པའི་འཕྲིན།

བུ་ངའི་ཡུལ་ལུང་འདི་ནས་ཀ་ཁ་སྦྱངས་ཁལ་བྱེད་གོ།
བུ་ངའི་ནུ་བ་ོཆུང་ཆུང་ཡུལ་ན་ཁེར་འདུག་བྱས་ཡོད།།
ནུ་བོ་མ་ངུ་ཉིན་འགའ་ཟླ་འགའ་ཧྲོན་ར།།
ཁྱེད་ཀྱི་ཨ་མ་ང་ཡི་སྲུ་མོ་སྒྲོལ་དཀར།།
རེ་མ་རེ་མ་སང་དྲག་ཉན་ནི་རེད་གོ།
ངུ་སྤུན་གཉིས་ལ་རྩམ་པ་སྟེར་ནི་རེད་གོ།

སྙིང་ནས་འཆི་མ་འཆོར་རུང་།
ནད་གཞི་དེ་ལ་ལྡོག་ཐབ་བྲལ།
སེམས་ཀྱི་གསོ་བ་བཏབ་རུང་།
སྨན་གི་ཚབ་ཞིག་བྱེད་ཐུབ་མི་འདུག།

གང་ལྟར་ཆུང་ཆུང་སྙིང་གི་ནུ་བོ།།
སེམས་ནས་མི་གཟོད་སྙིང་རེ་རྗེ།།
ད་ནི་ཡུལ་ནས་མ་ངུ་གཉིད་ལ་བསྡོད།།
ཨ་མ་རེ་མ་དྲག་པའི་གསོ་བ་ངས་འདེབས།།

དོ་དགོང་ནུ་བོ་དྲན་པ་ཡིན་ལ།།
སྙིང་ཁོང་འཁྱག་པའི་བསྡམ་པ་ཡིན་འདྲ།།
གང་ལྟར་རེ་མ་དྲག་པའི་སྨོ་ལམ།།
གཉིད་གུང་ཡིན་རུང་གསོ་བ་ངས་འདེབས།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།