SatAugSat2017

སྤེལ་དུས་མཐའ་མ།05:18:50 AM GMT

རྩོམ་གསར།:

འདི་ནི།

འདི་ནི།

__སྒྲེ་བོ།

འདི་ནི་ཁྱོད་ཀྱི་མིག་གི་མཆི་མ་ཡིན
མིག་གི་མཆི་མའི་ནང་གི་གྲང་ངར་ཡིན

ཆར་དང་འཕྲད་ན་སེམས་པ་ནི་ཤོག་གུ་བཞིན
སེམས་ཀྱི་ཤོག་དཀར་ལ་ཁུང་བུ་བརྟོལ་འོང

དྲོད་ཐིགས་ཤིག་ཡོད་ངེས་བསམ་བྱུང
དེ་ནི་ཉི་འོད་མ་རེད
ཐ་སྙད་ཀྱི་གཤོག་པའི་ཁུད་ཀྱི་མེ་ལྕེ་རེད

དྲན་པའི་སྟེང་དུ་ཆར་ཤག་བསྙིལ
ཡིག་འབྲུ་རེ་རེ་བཞིན་ཆར་བས་བརླན་ཅིང་སྤབས
སེམས་ཀྱི་ཕྱི་ནང
གཟུགས་མེད་པའི་ཆར་བས་ཡང་ཡང་བཤལ

འདི་ནི་མིག་གི་མཆི་མ་རེད
མིག་གི་མཆི་མའི་ནང་གི་གྲང་ངར་རེད

ངོ་ཤའི་ཐོག་ལ་ཕོག་པའི་ཆར་ཐིགས
རློན་པ་མ་རེད
ཙག་དང་བསེར་བུའི་ནང་གི་ཉྭ་རིལ
སྐམ་གསེང་མ་རེད
26/01/17.

མཚན་ངོགས།
ལག་པའི་ངོས་སུ་སྐར་ཚོམ་འདི་ལུག་ཁྱུ་བཞིན་བཀྲམ
རི་རྡེའུ་ཅོ་ལེར་ཐོགས་པའི་སྨུག་པའི་གསེབ་ནས
རྨི་ལམ་གྱི་རྟ་ཕོ་ཤེད་ཀྱིས་འདྲོགས་འོང
རྔོག་མ་ཁམ་པའི་རལ་བ་སྤྲིན་གྱི་གཤོག་པ་འདྲ

མཚན་མོར
གོས་ཀྱི་གོང་བའི་སྟེང་དང
སྐར་མ་དང་སྐར་མའི་བར་ནས་མངོན་པའི
མེ་ཏོག་དང་རྡེའུ
བེའུ་དང་རེའུ
གནའ་གཏམ་དང་བྱིས་སྒྲུང་གི་ལེའུ
ཟླ་བའི་དཀྱིལ་གྱི་རི་བོང་དཀར་པོའི་རྣ་ལྕོག་རིང་པོའི་རྩེ་ན་འགུལ

ཇ་ཕོར་གང་གི་གཏིང་དུ
ན་ཚོད་དང་མཚན་མོས་ཡོངས་སུ་སྦངས་པའི་ཐ་སྙད་ཧུབ་གང
མངར་རམ་ཁའམ་སྐ
རྐང་ལག་ཀྲབ་ཀྲབ་ངང
བྱེ་མའི་རི་བོའི་ལམ་ཐག་བཅད་པའི་རི་མོ་ནག་པོ
རྒྱ་མཚོ་ནང་དུ་ཏལ་གྱིས་ནུབ་པའི་ལྟད་མོ་འཇིགས་པོ་མཆིས

28/01/17

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།