MonAprMon2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

རླུང་ནང་གི་རྐང་རྗེས།

ང་ནང་གི་རྐང་རྗེས།

__ སྒྲེ་བོ།

སྐྱོ་འཛུམ་གཉིས་ཀ
རྐང་རྗེས་གཅིག་གི་ཤུལ་དུ་ལྷག་འདུག

ཧ་ཅང་མཛེས་པའི་རྨི་ལམ
རླུང་བུས་ལྡག་པའི་ཉིན་ཐོ་ཞིག་རེད

ཁྲག་མདོག་གི་སེམས་པ་འཁྱག་དུས
རང་གི་སྣང་ངོར་དུད་པ་ཁངས་སྐྱ་དང་ན་བུན་རེད

མིག་རྒྱང་ལ་རིང་ཐུང་མེད་ཀྱང
ཞེ་འདང་ཁོ་ན་ཧ་ཅང་རིང་བའི་གཙང་བོ་ཞིག

སྐྲ་ལོ་ཇེ་རིང་ཕྱིན་སོང
ན་ཚོད་དང་སྐད་ཆའི་གསེབ་ཏུ
ནམ་མཁའ་རལ་བོ་ཞིག་ལས་ཅི་ཡང་མི་འདུག
ཅི་ཡང་མེད་དུས་ཕྱུག་པོ་རེད་འདུག
07/02/17

ང་ཡིས་གྲ་སྒྲིག་བྱེད་བཞིན་ཡོད།

མུན་རུབ་དུས
རྣ་ཅོག་གི་ཟབ་སར་རྡོག་སྒྲ་གཞན་ཞིག་ལྷུང་འོང
ཞིབ་ཀྱིས་མཉན་ན
དེ་ནི་ང་ཡི་རྣམ་ཤེས་ཀྱིས་ཐག་འདྲུད་བླངས་པའི
སྙིང་ཉེ་བའི་མཚན་མོའི་རྨི་ལམ་མོ

ཁ་དོག་སྣ་ཚོགས་ལས་གྱེས་པའི
འོད་ཟེར་ཆེམ་ཆེམ་གྱི
འུར་སྒྲ་ལྡིར་ལྡིར་གྱི
ང་ཡི་སྙིང་ཉེ་བའི་མཚན་མོའི་རྨི་ལམ་མོ

མུན་རུབ་ཀྱང
ང་ཡི་གམ་དུ་མེ་ཕུང་བསྒོངས་པ་བཞིན
རྣམ་ཤེས་ཀྱིས་ཐག་འདྲུད་བླངས་པའི
ང་ཡི་སྙིང་ཉེ་བའི་མཚན་མོའི་རྨི་ལམ
ང་ཡིས་གྲ་སྒྲིག་བྱེད་བཞིན་ཡོད

04/02/17
འགྲོ་ཞོར་འདུག་ཞོར།

གཅིག་པུ་ལམ་ལ་འགྲོ་དུས
སེམས་ཀྱི་རི་སྒང་ལ་ཉི་འོད་ཤར
སྟོང་བསམ་ཁོ་ན
ཨ་རི་རྒྱལ་ཁབ་ཀྱི་རང་དབང་སྒྲོན་མེའི་བཏེགས་པའི
རང་དབང་ལྷ་མོའི་བྲང་གཞུང་དུ་བབས
གྱི་བྱེའུ་ཞིག་གིས་གཤོག་པ་ལྡེབ་ཙམ་གྱིས
ལམ་ལ་འགྲོ་བའི་སེམས་པ་འཁྱེར་འགྲོ

གཅིག་པུ་ལམ་ལ་འགྲོ་དུས
སེམས་ཀྱིས་གཙང་བོ་དམར་པོ་ཞིག་འདྲུད་ནས་འགྲོ་བཞིན་འདུག
གཙང་བོའི་གཞུང་ན་ཉ་ཁྱུ་འཚོ་སྡོད་བྱས་ཡོད
སེམས་དོན་དང་ཉ་ཁྱུ་ཕྱོགས་གཅིག་ཏུ་འདུ

གཅིག་པུ་ལམ་ལ་འགྲོ་དུས
རང་གི་ཤུལ་ན་ཡོད་པའི་ཁང་མིག
རང་གི་ཕ་མ་ལྟ་བུའི་འདུ་ཤེས་མེད་ཀྱང
ཕྱིར་གང་མགྱོགས་སླེབས་ཐུབ་པའི་རེ་བ་སེམས་སུ་ཆེ
དབུགས་ཧལ་ཧལ་བྱེད་པའི་ཐ་སྙད་གཅེར་བུ་ཞིག་གིས་ཀྱང
ང་ལ་ངང་སྒུག་བྱས་ཡོད་པ་རང་སེམས་ཁོ་ནས་གསལ་བོ་ཤེས

གཅིག་པུ་ལམ་ལ་འགྲོ་དུས
རང་ཉིད་གཅིག་པུ་ཡིན་པ་ཤེས་བཞིན་དུ
ཕྱིར་བལྟས་གྲངས་མེད་པ་ཤོར་སོང
མཛུབ་མོ་སྲེག་པའི་ལག་མཐིལ་གྱི་མེའི་ཐ་སྙད་དེ
ཁྱོད་རེད་འདུག་པ་ཤེས་བཞིན་དུ
ཁྱོད་ཀྱི་རྨི་ལམ་ལ་ཇག་རྒྱག་གིན་འདུག

གཅིག་པུ་ལམ་ལ་འགྲོ་དུས
སྣང་བ་བསོར་དྲགས་པའི་སྣ་གླུ་དང་བཤུགས་གླུ་ཡང་ཡང་བླངས
སྐྱོ་ངལ་ཡོད་ཚད་གླུ་ཡིས་རྫོགས་པར་བྱས
སའི་གོ་ལ་འཁྱག་པའི་དགུན་ཚིགས་འདི་འདྲར
རང་སེམས་མེ་ལ་བུས་པའི་ཚ་དྲོད
དྲོ་རུང་མ་དྲོ་རུང
ཐབས་ཤེས་ཡོད་རྒུའི་མཐའ་མ་ཡིན་ཨང
02/02/2017

མུན་པའི་ཕྱི་ནང་།


སྐར་འོད་ལྷིང་ལྷིང་འཚེར
འཁྱག་དར་བྱེད་པ་དང་འདྲ

རྨི་ལམ་ནང་དུ་ད་དུང་ཉི་ཟླའི་འོད་ཟེར
ཡང་ཡང་འཚེར
རེ་སྒུག་གི་ཕྲེང་བ་ཞིག་དང་འདྲ

ན་བུན་དང་མུན་པ
དཔུང་རྡང་འགྲིག་མོས་འོང་གིན་འདུག
གཏུམ་དྲག་གི་རྒྱལ་རྔ་རྡུང་གིན་འོང
དེའི་མདུན་དུ་ང་ཡི་གཙང་བོ་ཡོད

ས་གཞི
ཁྱོད་ཀྱིས་ང་ཡི་སྡུལ་བསྔལ་འཁུར་ཡོད
ང་ཡི་རྐང་པས་བདེན་པའི་རྡོག་ལམ་བཅད

མུན་པའི་རང་གཤིས་ནི
རི་བོ་བཏུབ
ཆུ་བོ་གཅོད་རྒྱུ་དེ་རེད
དེའི་གཞུག་ཏུ་འཆར་གཞི་ཅི་ཞིག་ཡོད་ཀྱང
ཐག་པ་ནག་པོ་ཞིག་གིས་དམ་པོར་བསྡམས་ཡོད
31/01/17

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

 • ཡིད་འོང་ལྷ་མཚོ།
 • རིག་འབྱུང་དྲ་བ།
 • མཆོད་མེ་རྩོམ་རིག
 • བོད་ཀྱི་རྩོམ་རིག

སྙན་ངག

 • ན་གཞོན་གསར་པ།
 • གཏེར་མཛོད།
 • བོད་ཀྱི་རིག་མཛོད།

ལོ་རྒྱུས།

 • བཤད་མཛོད།
 • གདོད་མའི་ལོ་རྒྱུས།
 • དྲིས་ལན་དྲ་མཛོད།
 • གསལ་ལེ་རྒྱལ།

ཆོས་འབྱུང་།

 • ཆོས་ལུགས་ལོ་རྒྱུས།
 • ནང་བསྟན།
 • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

 • ཆ་འཕྲིན་ལག་རྩལ།
 • ཇོ་མོ་གླང་མ།
 • ཧི་མ་ལ་ཡ
 • སྨོན་ལམ

རིག་གཞུང་།

 • བོད་ཀྱི་རིག་གཞུང་།
 • སློབ་གསོ་དྲ་བ།
 • འབྲུག་དཔེ་མཛོད།

རིག་གནས།

 • རིག་གནས་དྲ་བ།
 • བོད་ཀྱི་རིག་གནས།
 • སེང་རྡོར་དྲ་ཚིགས
 • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

 • གཉན་པོ་གཡུ་རྩེ།
 • རྡོ་འབུམ་དཔེ་ཕྲེང་།
 • ལོ་གསར་རིག་གཞུང་།