FriAprFri2017

སྤེལ་དུས་མཐའ་མ།06:49:09 AM GMT

རྩོམ་གསར།:

བུ་མོ་ལྷ་སྒྲོན་དྲན་ཚུལ།

བུ་མོ་ལྷ་སྒྲོན་དྲན་ཚུལ།

__གངས་སྦྲང་ཆར།
ནམ་རྒྱུན།
ཕྱི་རོལ་ཏུ་གྲང་རླུང་ལྡང་དུས།
བུ་མོ་ཞིག་གློ་བུར་དུ་སེམས་ལ་འཁོར་འོང་ཞིང་།
རེས་འཇགས་རེས་ལང་གིས་ལྡང་བའི་གྲང་རླུང་གི་ཤུ་སྒྲ་ནི།
བུ་མོ་དེའི་སྡུག་སྨྲེ་དང་འདྲ་བར།
ངའི་སྒོ་དང་སྒེའུ་ཁུང་གི་ངོས་ལ་ཡང་ཡང་ཕོག་འོངས། ཏག་ཏག་སྐབས་འདིར་ལ།
ངས་སྒེའུ་ཁུང་ལས་ཕྱི་རུ་ཡང་ཡང་བལྟ་དགོས།
དོན་ངོ་མར།
ངུ་རྐྱེན་པའི་བུ་མོ་དེའི་སེམས་སུའང་།
ནམ་རྒྱུན་བྱེ་རྡུལ་འདྲེས་མའི་གྲང་རླུང་ཞིག་ལྡང་གིན་ཡོད་ཅིང་།
གྲང་རླུང་དེའི་ཁྲོད་ན།
ཟད་བཞིན་པའི་མར་མེ་ཞིག་ཡོད་པའང་ཚོར་འོངས།


ཡིན་ནའང་།
དེ་རིང་གི་གྲང་རླུང་ལྡང་ཚུལ་ནི་ཡར་སྔོན་དང་མི་འདྲ་སྟེ།
གྲང་རླུང་གི་ནང་དུ་ཁངས་ཆར་ཞིག་ཀྱང་འདྲེས་འདུག་པས།
རྒྱང་རིང་གི་བུ་མོ་དེ་ཡང་།
ཁ་རོག་གེར་ངུ་བཞིན་ལོས་ཡོད་སྙམ་གྱིན།
སྒེའུ་ཁུང་ལས་ཁངས་ཆར་གྱི་འབབ་སྟངས་ལ་ཡང་ཡང་བལྟས།


འདི་ལྟར།
རང་བྱུང་གི་སྣང་ཚུལ་འདི་ལས།
བུ་མོ་ཞིག་གི་གདུང་བ་མཚོན་ཐུབ་ཀྱང་།
རང་ཉིད་ཀྱི་ཚོར་བའི་ཁམས་སུ།
བུ་མོ་དེའི་བརྩེ་བ་ཤོང་ཐབས་མི་འདུག


༢༠༡༧/༡/༡༦ཉིན།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།