SatAugSat2017

སྤེལ་དུས་མཐའ་མ།05:18:50 AM GMT

རྩོམ་གསར།:

སྙིང་གཏམ་ཁ་བ་འབབ་འབབ།

སྙིང་གཏམ་ཁ་བ་འབབ་འབབ།

__མེ་ཟླུམ།
དྲན་པ་རྒོད་པའི་ཉིན་ཞག་འདི་དག་ལ།།
ཐ་སྙེད་རེ་རེ་སྐུད་པར་བརྒྱུན་བཞིན་དུ།།
ལྷོ་མཐའི་སྡེ་བའི་ནང་གི་བུ་མོ་ལ།།
དྲན་པའི་འཕྲིན་ཡིག་བརྒྱ་དང་སོ་བརྒྱད་བྲིས།། ཇ་ཤིང་ལོ་མའི་ཇ་འདི་འཐུང་བའི་ཚེ།།
ཁྱེད་རང་ཉ་མོ་ཇི་བཞིན་ཕོར་ཁ་ནས།།
ཡང་དང་བསྐྱར་དུ་ཁ་རུ་གཡོ་བ་འདི།།
ང་ཡི་མིག་འདི་འཁྲུལ་བ་ག་ལ་ཡིན།།

ཉི་མ་ལྷོ་ནུབ་བརྒྱུད་ནས་ཕེབས་པའི་དུས།།
ང་ཡི་དྲན་པའི་ཟིན་ཐོ་རྫོགས་མི་སྲིད།།
ཁ་བ་འབབ་པའི་དོ་ནུབ་རྒོངས་མོ་ལ།།
ང་ཡི་མིག་མཐར་ཁྱེད་རང་ལྷག་ཏུ་འཁོར།།

རླུང་བུ་འུར་འུར་ལྡིང་བའི་ཉིན་ཞག་ལ།།
ང་ཡིས་བྱེ་ཐང་འདི་རུ་གནས་གཡར་ནས།།
འགྲམ་གྱི་རྩྭ་དུམ་དེ་དག་གྲོགས་བྱས་ནས།།
སེམས་ཀྱི་འཕྲིན་པ་ཡོད་ཚད་ཁོང་ལ་བཤད།།

ལམ་བུ་ཕྲ་མོའི་གཡས་གཡོན་འགྲོ་སྐབས་སུ།།
ཁྲུང་ཁྲུང་གཉིས་ཀྱི་རྩེད་འཇོ་རོལ་བ་ལ།།
ཡང་ཡང་བལྟས་ན་ཡང་ཡང་མཛེས་པ་ཡིས།
ང་ཡི་སྙན་ངག་དེ་མ་ཉིད་དུ་ངུས།།

ལུས་སེམས་འཁྱག་ལ་སྦྱར་བའི་དགུན་ཁ་འདི།།
ཁ་བ་མེད་ཀྱང་གྲང་ངར་ཤུགས་དྲགས་པས།།
རི་དང་བྲག་ལའང་གས་ཁ་ཤོར་བ་ཡི།།
དེ་ནས་ང་ཡིས་འདི་ལྟར་སྐྱོ་གླུ་ཤོར།།


2017:2:13ཉིན་བྲིས།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།