WedMayWed2017

སྤེལ་དུས་མཐའ་མ།06:49:09 AM GMT

རྩོམ་གསར།:

བྱེའུ།

བྱེའུ།

__སྒྲེ་བོ།

འདི་ནི་གཞས་ཆུང་ཞིག་གི་མྱིང་ཡིན
སེམས་ཀྱི་གཞས་ཆུང་ཞིག་གི་མྱིང་ཡིན

 

བཟི་ཆང་ཤེལ་ཕོར་གང
ཤེད་ཀྱིས་རྔམ་འཐུང་བྱས་ན
སེམས་སུ་གཞས་ཆུང་འདི་ལྷོད་ཀྱིས་གྲགས་འོང

ཟིན་བྲིས་རྙིང་གོག་ཅིག་གི་ཁ་ཕྱེ
སྨྱུག་ཁ་ཤོག་ངོར་གཏོད་དུས
ང་ཡི་ཚོར་སྣང་དང་སྐད་ཆ
གཞས་ཆུང་འདིས་འཁྱེར་ནས་གང་དུ་འཕུར་ཟིན

ཐག་རིང་གི་གཞས་ཆུང
ང་ཡི་སེམས་གཏིང་གི་གཞས་ཆུང
ཞག་སྒྲོན་དམར་ལམ་ལམ་ཞིག་དང་འདྲ་བའི་གཞས་ཆུང
མགོ་དཀྲིས་དམར་སེང་སེང་ཞིག་དང་འདྲ་བའི་གཞས་ཆུང


གཞས་ཆུང་འདིའི་དབྱངས་རྟར་ལྕིབས་ནས
ཆར་བ་ཤག་ཤག་བབས
ཁ་བ་ལྷབ་ལྷུབ་བབས
སེར་བུ་ལྡིང
ལོ་མ་འཐོར

བྱེའུ
འདི་ནི་བླངས་ཏེ་ཚར་རྒྱུ་མེད་པའི་གཞས་ཆུང་ཞིག་གི་མྱིང་ཡིན
ང་ཡི་འཛུམ་མུལ་དང་དགོད་སྒྲ
གདུང་བ་དང་སྡུག་བསྔལ་ཡོད་ཚད
གཞས་ཆུང་འདིའི་དབྱངས་ལ་འདྲེས་ཤིང་འདྲིས་པར་གྱུར་དགོས

ང་ཡི་གཞས་ཆུང
མི་ཚེ་གཅིག་ལ་གཅེས་སུ་འོས་པའི་གཞས་ཆུང
མི་ཚེ་གཅིག་ལ་བླངས་ནས་ཚར་རྒྱུ་མེད་པའི་གཞས་ཆུང
ང་ཡི་སེམས་ཀྱི་ཡོལ་རས་བཤུས་ཚེ
ང་ཡི་གཞས་ཆུང་གང་ནས་གྲགས་འོང


དམར་ཆུང་སེམས་པར་བསྐུངས་པའི་གཞས་ཆུང
ཁྱོད་ཉིད་ང་ཡི་རྨི་ལམ་བརྒྱུད་ནས
དལ་དལ་གྱིས་གྲགས་དགོས་པ
ང་རང་ཁོ་ན་ལ་རབ་ཏུ་གསལ
ང་རང་འཐད་པ་ཡིན

བྱེའུ
འདི་ནི་གཞས་ཆུང་ཞིག་གི་མྱིང་ཡིན
མཚན་སྨག་གི་ལྭ་བ་འདི་ཕར་ལ་བཤུས་རྗེས
ང་ཡིས་གཞས་ཆུང་འདི་ངག་ནས་ལེན་རྒྱུ་ཡིན་པ
ཁྱོད་རང་འཐད་པ་ཨེ་ཡིན

14/02/17

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།