ThuJunThu2017

སྤེལ་དུས་མཐའ་མ།11:49:25 AM GMT

རྩོམ་གསར།:

བརྩེ་འཕྲིན།

བརྩེ་འཕྲིན།

_____ སྟག་ཚང་རིག་རྒོད།

དབྱར་གསུམ་ཆར་ཞོད་ཆེ་བའི་དུས་ཤིག་ན།།
ས་གཞི་ཆར་གྱིས་བརླན་པའི་སྐབས་ཤིག་ལ།།
ཡུལ་གྲོགས་འདུ་བ་རྒོད་པའི་གླིང་ཞིག་ནས།།
སེམས་དང་མཐུན་པའི་གྲོགས་མོ་ཁྱོད་ཉིད་མཇལ།།

མ་བསྐུལ་ལས་ཀྱི་མཐུན་པའི་ཞེ་སེམས་ནས།།
འགྲོགས་འདོད་འདུན་པའི་རྟ་རྒོད་མ་ཁོག་པར།།
ལབ་གླེང་ཆུ་རྒྱུན་རིང་བའི་མཐའ་ཞིག་ནས།།
བརྗེད་མེད་བརྩེ་བའི་མེ་ཏོག་ཚོམ་བུ་བཀྲ།།

ཧ་ཅང་ཆ་རྒྱུས་མེད་ཀྱང་བློ་སེམས་མཐུན།།
རྣམ་དག་སེམས་པ་གཅིག་གི་གྲོགས་སུ་འདེམས།།
སྐྱིད་སྡུག་ལས་ཀྱི་ལམ་བུར་ལྷན་ཅིག་པར།།
བགྲོད་པའི་དམ་བཅའི་རི་མོ་སེམས་ལ་བརྐོས།།

ལོ་དང་ཟླ་བ་འདས་པའི་རླབས་རྒྱུན་ཁྲོད།།
དགོད་དང་ངུ་བའི་གཏམ་རྒྱུད་མང་དུ་བྲིས།།
ཧ་ལམ་བསམ་པའི་ཡུལ་ལས་འདས་གྱུར་བའི།།
དཀའ་སྡུག་ཁྱོད་ལ་འཕྲད་པ་བདག་གིས་ཤེས།།

གེགས་དང་བར་གཅོད་མང་བའི་གླིང་འདི་ནས།།
རི་དང་གཙང་པོས་བཅད་པའི་མཐའ་ཞིག་ནས།།
གཟོལ་མེད་སེམས་ཀྱི་དུང་བའི་སྐར་ཆུང་འདི།།
ནམ་ཡང་ཟུང་དུ་ཕྱོགས་པ་སོ་སོར་གསལ།།

འོན་ཀྱང་ཁྱོད་ཉིད་དབྱར་གྱི་ཁུ་བྱུག་བཞིན།།
སྐབས་འགར་སྙན་པའི་གསུང་སྐད་ཐོས་མོད་ཀྱང་།།
ལེན་རེར་མཇལ་དུ་མེད་པའི་དུས་ཡུན་ཁྲོད།།
བདག་གི་སེམས་པ་དྲན་གདུང་ལྕི་མོས་མནར།།

དགའ་བའི་གྲོགས་ཀྱི་དུས་ཚིགས་བཟང་པོ་འདིར།།
སྙན་པའི་ཚིག་གི་མཆོད་པ་མ་ནུས་ཀྱང་།།
ཁྱར་ཁྱོར་ཡི་གེའི་རི་མོ་བྲིས་པ་འདིས།།
ཁྱོད་ཉིད་མྱུར་དུ་མཇལ་བའི་སྨོན་ལམ་འདེབས།།

2017/3/14དགའ་རོགས་དུས་ཆེན་ཉིན་གནམ་སའི་མཐའ་ན་ཡོད་པའི་བདག་གི་དགའ་རོགས་ལ་ཕུལ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།