གངས་ཀྱི་རལ་བ་ཆག་པ།

ངག་ལ་སྡུག་གི་དངངས་པ་བྱུང་།།

གླུ་བ་རྒན་པ་བདུད་བྷེ་ལ་བྲིས་པ།
འདི་ནས་ཉི་མ་ཁ་ཤས་སྔོན།།

སྐྱོ་བ་ཚོད་མེད་འཐུང་དོན་ནི།།
གངས་ཀྱི་རལ་བ་ཆག་པ་ཡིས།། དགུན་གྱི་ཁ་བ་ཞུ་བ་ཡིས།།
དབྱངས་རྟའི་བཞུར་ལམ་ཆད་པ་ཡིས།།
སྐད་ཆའི་སྒྱུ་རྩལ་འགག་པ་ཡིས།།
བོད་ཀྱི་རྨུ་ཐག་རུལ་བ་ཡིས།།
གཅུ་གཟེར་སྙིང་ལ་ནུར་བ་ཡིས།།
གློ་བ་གྲང་འཁྱག་ཐེབས་པ་ཡིས།།

ངག་ལ་སྡུག་གི་དངངས་པ་བྱུང་།།
ཁ་ངོ་ཐམས་ཅད་འདར་བར་བྱེད།།
སྐད་ཀྱི་གཏིང་མ་གཡོ་བར་གྱུར།།
མེ་ཏོོག་ངུ་བའི་མིག་ཆུ་ཚེས།།
བོད་ཀྱི་རྨི་ལམ་རྦད་དེ་འཁྲུགས།།
སྨན་པའི་ངོ་མདངས་རྩ་ནས་ཤོར།།
ཚ་བའི་ཡུལ་དག་ཡང་ཡང་དྲན།།

ད་ནི་འདི་ལྟར་བསྒོམ་པར་བྱོས།།
རྣམ་ཤེས་བོད་དུ་མ་འོང་བར།།
སྐྱེ་བ་བོད་དུ་མ་བླངས་བར།།
རུས་པ་བོད་དུ་མ་འཁྲུང་བར།།
ང་ནི་ནམ་ཡང་བོད་དོ་ཞེས།།
དག་ཞིང་ཞིག་ནས་ཡང་ཡང་སྒོམས།།

_ལི་ཐང་དབྱིག་གཉེན།༢༠༡༦_༣_༦ཉིན།