ThuAugThu2017

སྤེལ་དུས་མཐའ་མ།05:18:50 AM GMT

རྩོམ་གསར།:

ཉིན་འདི་དག་གི་དུས་ཚོད་ཀྱི་བཞུད་ལམ།

ཉིན་འདི་དག་གི་དུས་ཚོད་ཀྱི་བཞུད་ལམ།___ སྒྲེ་བོ།

སྤྱིར་ངེད་ཀྱི་ད་ལྟའི་དུས་ཚོད་མང་ཤོས་ནི་ལྟོས་བཅས་ཀྱི་རང་གི་དགའ་ཕྱོགས་དང་བརྒལ་ནས་དཔེ་ཀློག་བྱེད་པ་དང་བསམ་གཞིགས་བྱེད་བཞིན་འདུག  ཡིན་ཙང་།  འདི་ཡང་ལྟོས་བཅས་ཀྱི་སེམས་སུ་ངེས་ཤེས་ཅུང་ཟད་འཁྲུངས་པའམ་ཅུང་ཟབ་གནད་ཀྱི་ལས་ཀ་ཞིག་མ་རེད་དམ་སྙམ།  རེད་པས་འདི་ལ་ཆེད་དང་ཕྱིར། སླད་སོགས་དགོས་པའི་དབང་གིས་དམིགས་པ་འདི་འབྱར་ཡོད་པ་དེ་རེད།   ལར་རྒྱུན་པར་ངེད་ནི་དཔེ་མཛོད་ཁང་ཞིག་ཏུ་ཕྱིན་པའི་དབང་དུ་བཏང་ན།  རང་གི་སྣང་བར་འབའ་ཞིག་འོང་བའི་དཔེ་ཆའི་རིགས་ལ་བལྟ་ཀློག་སྤྲོ།  གོམས་གཤིས་དེ་འདྲས་རྐྱེན་ནམ་ཅི་ཆ་སྟེ།  གནས་ཚུལ་དེའི་རིགས་ཀྱི་སྐོར་ནས་ངེད་ལའང་དཔེ་མིང་དང་མི་སྣ།   མདོར་ན་དཔེ་ནང་དུ་ཁོད་མེད་པའི་སྙན་ངག་པ་མི་ཉུང་བ་ཞིག་གི་ལོ་རྒྱུས་ཀྱང་ཤེས་ཡོད།  གནས་ཚུལ་དེ་ཡང་ངེད་ཀྱིས་ཆེད་དང་ཆེད་དུ་མ་ཡིན་པར་ཤེས་སོང་།  ལར་སློབ་མ་ཞིག་ལ་མཚོན་ན་གོམས་སྲོལ་དེ་ཡང་འོས་བབ་ཅིག་རེད་སྙམ་མོ།།

དེ་ལས་མང་བ:

ཨ་མའི་རྫུན་གཏམ་བརྒྱད།

ང་ཡི་ལས་ལ་བརྩོན་པའི་ཨ་མ་ལགས།

རྩོམ་པ་པོ། གྷོ་ཧྥེ་ཡཱ།

སྒྱུར་བ་པོ། མིག་ཡ་གཅིག

འཇིག་རྟེན་འདིར་ཨ་མ་དང་མཉམ་དུ་འཚོ་བཞིན་པའི་བསོད་ནམས་ཅན་ཞིག་ཡིན་ཡང་འདྲ། ཨ་མ་དང་གཏན་དུ་བྲལ་ཟིན་པ་ཞིག་ཡིན་ནའང་འདྲ། འདི་ལ་བརྗོད་པའི་སྙིང་པོ་ཟབ་མོ་ཞིག་ཡོད་པར་འདོད་ཀྱིན་ཡོད།

ང་རང་བྱིས་པའི་དུས་ནས་གཏམ་རྒྱུད་འདིའི་དབུ་ཁྱུད་འབྲི་འགོ་ཚུགས་པ་རེད། ང་ནི་དབུལ་ཕོང་གི་ཁྱིམ་རྒྱུད་ཅིག་ནས་སྐྱེས་པའི་བུ་ཕྲུག་ཉམ་ཐག་ཅིག་ཡིན། ངེད་ཚང་ལ་ཐ་ན་གྲོད་པ་འགྲང་བྱེད་ཀྱི་ཁ་ཟས་ཙམ་ཡང་མེད་པས་ཇ་ཐུན་རེ་རེ་སླེབས་དུས། ཨ་མས་དུས་རྟག་ཏུ་ཁོ་མོའི་ཕོར་བའི་ནང་གི་འབྲས་མང་ཆེ་བ་ངའི་ཕོར་བའི་ནང་དུ་ལྡུག་ཞོར་དུ“མ་ལོ། འདི་ཚོ་ཟ་རོགས་བྱོས་དང་། ངས་ཟ་མི་ཐུབ་གི ང་བརྒྱག་སོང”ཟེར།

འདི་ནི་ཨ་མའི་རྫུན་གཏམ་དང་པོ་རེད།

དེ་ལས་མང་བ:

ལྷ་ཚོགས་སང་གི་གསལ་བརྡ།

སྙུག་གུ་འཆང་བའི་ལྷ་ཚོགས།སྙུག་གུ་འཆང་བའི་ལྷ་ཚོགས།

ཉེ་རབས་ཀྱི་དུས་འདི་ལ་དྲ་ལམ་ཀུན་ན་སྙན་ངག་པའི་དཔུང་སྡེ་མང་བོ་ཞིག་འཚང་ཁ་ཤིག་ཤིག་ཕྱོགས་དང་ཕྱོགས་ན་ཆུ་མིག་རྡོལ་བ་བཞིན་དུ་ཡོང་བཞིན་པའི་སྐབས་འདིར་ངེད་ལྷ་ཚོགས་སང་གི་སྙན་ངག་ལ་མོས་པའི་གྲྭ་བཙུན་སྐོར་ཞིག་གིས་ཀྱང་རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་གི་གཟུགས་དབྱིབས་རེ་རེ་ཚིག་གི་འཕྲེང་བར་བརྒྱུས་ཏེ་ས་ཆེན་པོའི་སྒལ་གཞུང་ནས་ལམ་ལ་ཆས་

དེ་ལས་མང་བ:

ཆར་དུས་ཁྲོད་ནས་བརྩེ་བ་བརྗོད་པ།

ང་ལ་ཐོབ་འདོད་པ་ནི་ལྷིང་འཇགས་དང་རང་དབང་གི་དུས་ཚོད་དེ་ཡིན་སྲིད།དོ་དགོང་གི་སྨག་རུམ་ཁྲོད
ངས་འཇིག་རྟེན་གཞན་ཞིག་ནས
ཁྱོད་ཀྱི་མཛེས་སྡུག་གི་འཇོ་སྒེག་ལ་ལྐོག་ལྟ་བྱེད་ཀྱིན་ཡོད

དེ་ལས་མང་བ:

༼ཞར་བཀོད་གཅིག༽

མཚམས་རེར་བལྟས་ན་སྐྱིད་སྐྱིད་འདྲ་བ། མཚམས་རེར་བལྟས་ན་སྡུག་སྡུག་འདྲ་བ།སྲོད་ཀའི་ཁ་ཞེ།

ཁྲོ་འཛུམ་འགྱུར་བག་རྒོད་པའི་འཁོར་བ།།
གཅིག་སེམས་གཅིག་ལ་ཐོགས་པའི་མི་ཚེ།།
ལན་རེར་དགོད་ཀྱང་ལན་རེར་ངུ་བས།།
མཚམས་རེར་བལྟས་ན་སྐྱིད་སྐྱིད་འདྲ་བ།།
མཚམས་རེར་བལྟས་ན་སྡུག་སྡུག་འདྲ་བ།།

དེ་ལས་མང་བ:

གངས་ལྗོངས་རིས་མེད་རྒྱལ་བསྟན་རྒྱས་པའི་སྨོན་ལམ་གདུང་བའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ།།

མར་མི་དྭགས་གསུམ་བརྒྱུད་པའི་བྱིན་རླབས་ཀྱིས། རིས་མེད་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིགརྒྱལ་ཀུན་སྙིང་རྗེའི་རང་གཟུགས་གྲུ་འཛིན་མགོན།།
ཐུགས་བསྐྱེད་རླབས་ཀྱི་རྩེད་འཇོ་དང་འགྲོགས་ཏེ།།
འཕྲིན་ལས་འཇུག་པ་དུས་ལས་མི་གཡོ་བས།།
རིས་མེད་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།།

དེ་ལས་མང་བ:

བཤིག་དཀའ་བའི་མི།

དེ་ལ་ཁག་མེད་དེ  གཟུགས་མེད་ཀྱི་ཐག་པས་འགུལ་མེད་དུ་སྡོམ་དུསམིང་ཟུང་གཞན་གྱི་གཡབ་མོ་བྱེད་སྟངས་ལ་འཁྲུལ་ཏེ
རྣམ་རྟོགས་གི་ཐག་པས་ཕྱི་ནང་གཉིས་ཀ་དམ་དུ་བསྡམས་རྗེས

དེ་ལས་མང་བ:

གྲུ་སྟོང་འཇོམས་ཀྱི་འབོལ་རྩོམ་བདམས་བཀོད།

ནང་དམེ་ནང་འཐབ་ཁ་བ་ཅན་པ་ཕོངས། སྟོན་པའི་ལྟ་གྲུབ་ཤི་བའི་ལམ་དུ་བརྫངས།དྲན་མགུར་མུ་ལྟོའི་མདའ་མོ།

གོས་ཟ་འོག་གི་ཐུལ་གཟེབ་ཉལ་བའི།།
ཟས་ཤ་ཁྲག་ལ་ཆགས་སྲེད་སྟུགས་པའི།།
ཡུལ་གངས་ཅན་གྱི་ཐམས་ཅད་མཁྱེན་པ།།
སེམས་ལངས་ཤོར་གྱི་ཆོས་དཔོན་མཐུ་ཆེན།།

དེ་ལས་མང་བ:

ས་ཆ་འདི།

གྲོང་སྐེད་གྲོང་པ་རྒྱ་མིན་བོད་མིན། ས་ཆ་འདི་ཡི་ཆགས་ལུགས་ཡིན་ནམ།གནས་ཀྱི་ཁ་ངོ་ཁྲོ་ཙམ་འཛུམ་ཙམ།།
གངས་མ་ཆར་ཡང་འབབ་ཙམ་འབབ་ཙམ།།
གཉིད་ཀྱི་རྨི་ལམ་འཁྲུགས་ཙམ་འཁྲུགས་ཙམ།།
ས་ཆ་འདི་ཡི་གཤིས་ཀ་ཡིན་ནམ།།

དེ་ལས་མང་བ:

བྱང་དུར་མེ་ཡི་རང་མོས་ཁག་གཉིས།

འདས་ཟིན་པ་དག ས་ལ་འཐོར་ཞིང་རླུང་གིས་ཁྱེར།གདོང་བཀྲུས་པ།

གསོམ་ཤིང་ལ་བཏགས་པའི་
རལ་བ་སོར་གང
རླུང་བུ་བསིལ་བསིལ་གྱིས་སྐྱོད

དེ་ལས་མང་བ:

བུ་མོ་ཁྱོད་མ་གཉིད།

ཡིད་ཐང་ཆད་ནི་མིན་ན།། བུ་མོ་ཁྱོད་ད་རུང་མ་གཉིད།།བརྩེ་བ་དོར་ནི་མིན་ན།།
ཕྱི་ཐག་ལྷོད་པ་མིན་ན།།
མིག་ཆུ་འཐུང་ནི་མིན་ན།།
ཤ་དྲོད་བོར་བ་མིན་ན།།
བུ་མོ་ཁྱོད་ད་རུང་མ་གཉིད།།

དེ་ལས་མང་བ:

ཐོ་ཡོར་གྱི་རང་མོས་ཁག་བདུན།

ས་རུབ་རྗེས་ང་རང་གཏན་ཏུ་ཕྱིར་འོང་མེད་པ་གྱིས་ཤིགཕྱི་དྲོ།

ང་ཡི་འཁྲུལ་བའི་བརྩེ་འདང་ཁྲོད།
མིག་ཟུང་ནི་བྱེ་ཐང་ཆེན་པོ་ཞིག
གཡང་གཟར་འགྲམ་གྱི་ང་ལ་ཐག་རིང་གི་རྣམ་ཤེས་ཤིག་ཁྱེར་ཡོང་།

དེ་ལས་མང་བ:

གྱེས་མེད། ད་དུང་གམ་ན་ཡོད།

ཁྱོད་རང་ལམ་ལ་ཆས་པ་བདེན་ཡང་།། ང་དང་གྱེད་ནས་སོང་བ་མི་བདེན།།འཚིག་དྲི་འཐུལ་བའི་གྲོང་ཁྱེར་ཞིང་ནས།།
རང་ཤ་འཐག་པའི་མི་ཚོགས་ཤིག་ནས།།
ཁང་བརྩེགས་མང་སའི་མཁར་གྲོང་ཞིང་ནས།།
ཁྱོད་རང་བཀྱེད་ནས་སོང་བ་བདེན་ཡང་།།
ང་དང་གྱེས་ནས་སོང་བ་མི་བདེན།།

དེ་ལས་མང་བ:

ཁྱོད་དང་ང་ཚོའི་མིག་ཆུ་འདྲེས་ཡོད།

སྐྱིད་ན་ངག་གི་དབྱངས་གཅིག་ལ། སྡུག་ན་མིག་གི་མཆི་མ་གཅིགབལ་ཡུལ་བ་སེམས་པ་མ་སྐྱོ།
ང་ཚོ་ཁྱོད་དང་གནས་སའི་གོ་ལ་གཅིག་ལ། འཚོ་སའི་ཁྱིམ་གཞི་གཅིག །  བདེ་སྡུག་གི་མྱོང་ཚོར་ཀྱང་གཅིག །སྐྱིད་ན་ངག་གི་དབྱངས་གཅིག་ལ། སྡུག་ན་མིག་གི་མཆི་མ་གཅིག །

དེ་ལས་མང་བ:

སྣང་བ་བན་བུན།

ལྷོག་ལྷོག་ལྷོག་ལ་འགྱུ་བའི་སྤྲིན་དཀར་ཚོམ།། ལྭ་ཤམ་འོག་ནས་འཕུར་བའི་བརྩེ་དུང་ཡིན།།དེ་རིང་ནམ་མཁའ་ལྟ་བུའི་སེམས་པ་འདི།།
ས་ཐག་རྒྱང་ནས་ཅེར་བའི་ཁྱེད་ལ་འབུལ།།
ལྷོག་ལྷོག་ལྷོག་ལ་འགྱུ་བའི་སྤྲིན་དཀར་ཚོམ།།
ལྭ་ཤམ་འོག་ནས་འཕུར་བའི་བརྩེ་དུང་ཡིན།།

དེ་ལས་མང་བ:

ཚོར་ཤེས་བརྟན་པའི་དྲན་ཚོར།

རེ་བ་འཁྱོར་གང་ཉར་ནས། མདུན་དུ་བསྐྱོད་བཞིན་ཡོད་ནའང༌།རབ་རུབ་ཀྱི་རྨི་ལམ་ཞིག་རྨིས་པའི་ལོ་དེ་དག་ལ།
རང་ཉིད་རྒྱང་རིང་ཞིག་ཏུ་བརླགས་འགྲོ་བ།
རྟོགས་མེད་ལ་བསམ་ཡང་མ་མྱོང་།

དེ་ལས་མང་བ:

མཆོད་རྟེན་བྱ་རུང་ཁ་ཤོར།

ལྷ་མིའི་བསོད་ནམས་ཚོགས་ཀྱི་འབྲས།། མཆོད་པའི་རྟེན་འདི་བཤེགས་སུ་གསོལ།།སངས་རྒྱས་སྟོང་གིས་བྱིན་གྱིས་རླབས།།
བླ་མ་ཡིད་དམ་དངོས་གྲུབ་སྩོལ།།
ལྷ་མིའི་བསོད་ནམས་ཚོགས་ཀྱི་འབྲས།།
མཆོད་པའི་རྟེན་འདི་བཤེགས་སུ་གསོལ།།

དེ་ལས་མང་བ:

ཨ་མའི་དུས་ཆེན་བསུ།

བུ་ངའི་ཨ་མའི་དྲིན་ལན་མི་བརྗེད་པའི། ཨ་མའི་དུས་ཆེན་ཉིན་འདིར་དམ་བཅའ་འཇོགཨ་མས་ཆུང་ནས་སྐྱོང་བའི་དྲིན་ལན་དེ།།
ད་ལྟ་སྤྲོད་པའི་བསྐལ་པ་དབེན་ན་ཡང་།།
བུ་ངའི་ཨ་མའི་དྲིན་ལན་མི་བརྗེད་པའི།།
ཨ་མའི་དུས་ཆེན་ཉིན་འདིར་དམ་བཅའ་འཇོག།
གཟའ་རྒོད།

དེ་ལས་མང་བ:

སེམས་པ་འདི་དང་གནམ་སྔོན་འདི།

ངོ་མ་མ་ཤེས་ཐལ། གནམ་སྔོན་འདི་ལྐོག་ནས་ཐོལ་རྒྱག་ཏུ་བཤུམས་སོང༌།དེ་རིང་སློབ་གྲོགས་ཚོས་དགའ་སྣང་ཞིག་འཁྱེར་ནས། རྩེ་ཐང་ལ་འཛོམས་འདུག རྩེད་མོ་རྩེ་མཁན་དུ་གྱུར་བའི་ང་ནི། ཅུང་རྗེས་ལུས་སུ་འཐེབས་ཟིན་པས། མི་བདེ་བའི་སེམས་ཚོར་ཞིག་བྲང་ནས་འཕག་བཞིན། མིག་གི་མཐོང་ལམ་ལ་བརྒྱུད་དེ། ཆ་ཡོད་ཀྱི་རྩེ་ཐང་དེའང་ཆ་མེད་དུ་བརྫུས་སྟབས། གོམ་པས་འཇལ་བར་མི་ནུས་བའི་ཚོད་དུ་གྱུར་སོང༌།

དེ་ལས་མང་བ:

སྐྱེ་བ་འདི་ལ།

ངས་དུར་ཁྱོད་ལྟ་བུའི་ལག་མཐིལ་ནས་ང་རང་འཆར་བར་ཡུན་རིང་བསྒུག___ཕོ་ལོ་ཉེར་གཅིག་ལ་སླེབས་པའི་རང་ཉིེད་ལ་ཕུལ།

མཐོང་ལམ་སྒྲིབ་བྱེད་ཀྱི་ལག་པ་འདི་གང་ནས་བྱུང་བ་རེད
ཆུ་ཤུལ་གྱི་རི་མོའི་སྟེང་གི་ལས་སྐལ་བསུབ་རྗེས
ཁ་བའི་བསྟུད་མར་བབས་པས
ཕ་ཡུལ་དང་ཁ་འབྲལ་དགོས་པའི་སྣང་བ་ཞིག་སྐྱེ་བྱུང
རྡོག་ཁྲེས་བར་དཔྱངས་པའི་ལོ་མ་དག་ས་ལ་ལྷུང

དེ་ལས་མང་བ:

རྒྱ་མཚོའི་ཕ་རོལ་ན།

དཔལ་འབྱོར་ཡོད་ན་ཚང་མ་ཡོད་ཀྱི་རེད་འདོད་ཐལ།༡༽ “རྒྱ་མཚོའི་ཕ་རོལ་ན། ང་ལ་ཁེར་རྐྱང་དང་སུན་སྣང་རྒོད” ཁོ་མོའི་སེམས་ནང་གི་སྐད་ཆ་དག་དྲ་ཐོག་ནས་བསྐུར་རྗེས། སེམས་ཀྱིས་འདེགས་མི་ཐུབ་པའི་ཁུར་བོ་དེ་ཇེ་ཡང་ལ་སོང་བའི་སྣང་བ་ཞིག་འཁོར་བ་དང༌། རང་ཉིད་ཀྱི་སྡུག་བསྔལ་སེལ་རོགས་ཤིག་ལ་ཁ་ཐུག་པ་དང་མཚུངས་པར་ཉི་མ་མི་འཁྱོལ་བའི་དཀའ་ངལ་མེད་པར་གྱུར་སོང༌།
ཁོ་མོས་བུ་མོ་སློབ་གྲྭར་བསྐྱལ་རྗེས། ནང་ལས་ཙག་ཙིག་རྣམས་ལས་འགོ་བརྩམས། གློ་བུར་དུ་ཁ་པར་གྱི་སྒྲ་གྲགས་བྱུང༌།

དེ་ལས་མང་བ:

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།