SunFebSun2017

སྤེལ་དུས་མཐའ་མ།08:34:18 AM GMT

རྩོམ་གསར།:

ཟླ་བས་ང་ལ་ཁ་པར་བཏང་ཡོང་དུས། ཧེཧེཧེཧེ།

ཟླ་བས་ཁ་པར་བཏང་ཡོང་དུས།

ངས་ཆེས་ཐོག་མའི་དགོང་མོ་དེར་ཉལ་སའི་ནང་ནས་ཁོ་མོ་སྐད་ཆ་སྙན་མོ་བཤད་ནས་བུ་ཆུང་གངས་དགའ་བསོད་ནམས་བཞག་པ་ལོས་ཡིན། ཡིན་ནའང༌།

སྐད་ཆ་འདི་རིགས་ངས་ཁོ་མོར་བཤད་མི་སྲིད་ལ་བཤད་པའི་དགོས་པ་ཡང་མི་འདུག གལ་ཆེ་བོ་ནི། ཁོ་མོ་སྔར་བཞིན་ངའི་ཆུང་མ་ཡིན་པ་དང༌། ངས་སྔར་བཞིན་དཀར་ཡོལ་ཁོ་མོའི་ཐོམ་འོག་ཏུ་བསྲིངས་པ་མིན་ནམ།

ཟླ་བས་ཁ་པར་བཏང་ཡོང་དུས། ང་རང་གཞུང་ལས་གྲོལ་ནས་ཡུལ་ལ་ཐོན་མ་ཐག་ཡིན།

གཞུང་ལས་གྲོལ་ནས་ཡུལ་ལ་ཐོན་ཞེས་པའི་རྒྱུན་ལྡན་གྱི་སྐད་ཆ་འདི། ང་ཚོ་སློབ་གྲྭར་མཚོན་ན་དེ་འདྲ་རྒྱུན་ལྡན་ཞིག་མིན་པ་འདྲ་སྟེ། སློབ་གྲྭའི་གཞུང་ལས་ཁང་ནས་ངེད་ཚང་བར་ན་རྨིད་བརྒྱ་ལྷག་ལས་མེད་ལ། གཞུང་ལས་གྲོལ་མ་གྲོལ་ཅི་ཡིན་རུང༌། སློབ་ཁྲིད་མེད་དུས། ང་རང་རྒྱུན་པར་ཡུལ་དུ་འཛུལ་ནས་དཔེ་ཆ་བལྟ་རྒྱུར་དགའ་བོ་ཡོད།

ང་ནི་དཔེ་ཆ་བལྟ་རྒྱུར་དགའ་བོ་ཡོད་ཅེ་ན་ཅུང་མི་འགྲིག་པ་འདྲ་སྟེ། ང་ནི་བརྙན་འཕྲིན་ལ་བལྟ་རྒྱུར་དགའ་བོ་ཡོད། བརྙན་འཕྲིན་ལས་རྒྱལ་སྤྱི་དང་རྒྱལ་ནང་གི་གསར་འགྱུར་ལ་བལྟ་རྒྱུར་དགའ་བོ་ཡོད། གསར་འགྱུར་དེ་དག་ང་ལ་འབྲེལ་ཅི་ཡང་མེད་ན་ཡང༌། ངས་དེ་དག་བསྡུར་ནས་དེ་རྫུན་ནོ་དང་འདི་བདེན་ནོ་ཞེས་བརྡར་ཤ་གཅོད་རྒྱུར་དགའ་བོ་ཡོད། དགའ་ཕྱོགས་དེ་ཡུལ་གང་ཞིག་ནས་དུས་ནམ་ཞིག་ནས་བཟུང་ལོབས་མིན་བཤད་དཀའ་མོད། ངའི་བདེན་ལ་དགའ་ཞིང་རྫུན་ལ་སྡང་བའི་གཤིས་ཀ་དེ་ནི་དུས་དེ་ནས་བཟུང་བརྒྱུད་ལ་གོམས་པ་ཡིན་ངེས།

དེ་ནི་ལོ་གསུམ་གྱི་ཡར་སྔོན་ཞིག་ཡིན་ངེས།

ལོ་གསུམ་གྱི་ཡར་སྔོན་ལ། ང་རང་ཁུལ་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས། རྫོང་མཁར་དང་ཁ་ཐག་རིང་རྒྱུ་མེད་པའི་འབྲོག་སྡེ་འདིར་དགེ་རྒན་གྱི་བྱ་བ་གཉེར་དུ་ཡོང་བ་ཡིན་ལ། ངའི་ཨ་ཞང་ཡིན་ཟེར་བའི་དཔོན་པོ་ཕོ་ལུགས་པོའི་བཤད་པ་ལྟར་ན། ཐོག་ མར་ང་རང་གཞི་རིམ་འདི་འདྲ་ཞིག་ནས་དགེ་རྒན་གྱི་བྱ་བ་གཉེར་དོན་ནི་དུས་ཡུན་ཐུང་ བུ་ཞིག་ལ་ལས་རྐང་སྦྱོང་བརྡར་བྱེད་རྒྱུ་དེ་ལས་མི་འགྱངས་པར་རྫོང་མཁར་གྱི་ལས་ ཁུངས་ཆེ་གེ་མོ་ཞིག་ལ་ལས་གནས་སྤར་ཆོག་ཟེར་བ་དེ་ཡིན། ཡིན་ནའང༌། མིའི་འདོད་ཐོག་ལ་རྟ་རྒྱུགས་རྒྱུ་དེ་ནི་དེ་འདྲ་ལས་སླ་བོ་ཞིག་ག་ལ་ཡིན། ང་རང་གཞི་རིམ་ལ་ལས་རྐང་སྦྱོང་བརྡར་དུ་ཡོང་ནས་ཟླ་གཅིག་མ་འགོར་བར། ཨ་ཞང་རིན་པོ་ཆེ་དང་རླངས་འཁོར་ཁ་ལོ་བ་གཉིས་འཁོར་གེག་ཅིག་གི་ཁྲོད་གསོན་པོར་མེ་ཡིས་འཚིགས་སོང༌། དེའི་དོན་དུ་ངའི་ཨ་མས་ཉིན་ཞག་འགའ་ལ་མིག་རྩ་དམར་བོར་གྱུར་ནས་མིག་ཆུ་བཏོན་བྱུང་མོད། ང་ ལ་མཚོན་ན་རྫོང་མཁར་གྱི་ལས་ཁུངས་ཆེ་གེ་མོ་ཞིག་ལ་ལས་གནས་སྤོ་མ་ཐུབ་པའི་སྡུག་ བསྔལ་དེ་ཙམ་ཞིག་གིས་སྐྱོ་སྡུག་གིས་ཤི་ལ་ཁད་དང་གསོན་ལ་ཁད་བྱེད་འདོད་མ་བྱུང༌།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།