WedJunWed2020

སྤེལ་དུས་མཐའ་མ།03:57:53 AM GMT

རྩོམ་གསར།:

༢༠༡༤ལོའི་མདའ་ལྗང་ལོའི་སྙན་ཚོམ།

ཡོལ་རས་ལྟ་བུའི་བར་ཐག་ཅིག་གིས་བཅད་འདུགཕ་ཡུལ།

ཕ་ཡུལ་ནས་རང་སེམས་ལྷོད་ཀྱིས་ཀི་རིང་ཞིག་བཏབ་ན
ཉེ་འཁོར་གྱི་འབྲེལ་བ་ཡོད་མེད་གང་རུང་འདུས་ཏེ
ལྷིང་འཇགས་ཀྱི་སེམས་ཁམས་ཤིག་དཀྲོགས་སོང་ཟེར་ནས

དེ་ལས་མང་བ:

སྲོང་བཙན་བུའི་སྙན་ཚོམ།

འབྱུང་བ་འཁྲུག་པའི་གོད་ཆག་གཏུམ་པོས་སྐྱེ་རྒུའི་རི་ལུང་ཡོམ་ཡོམ་སྒུལ།གངས་རིའི་ཉི་མ། ས་ཡ་དྲུག་གི་སྙིམ་པའི་མེ་ཏོག

གསང་གསུམ་ཡོན་ཏན་བདུད་རྩིར་འཁྱིལ་བ་རྒྱལ་བ་རྒྱ་མཚོའི་སྙིང་རྗེའི་ཐུགས། །
བསོད་ནམས་ནམ་མཁར་གཟུགས་སུ་ཤར་བ་འཕགས་མཆོག་ཕྱག་ན་པད་དཀར་འཆང། །
དགེ་བཅུའི་དཔལ་རྫོགས་ཙོང་ལ་རིང་མོར་ལྷ་དང་དྲང་སྲོང་བྱེ་བ་བརྒྱས། །
ཆོལ་གསུམ་སྙིམ་པའི་རྩེ་མོར་དྲངས་པ་སྲིད་ཞི་བདེ་དགའི་མཆོད་སྡོང་ཉིད། །

དེ་ལས་མང་བ:

༢༠༡༤ལོའི་སྐྲན་གྱི་སྙན་ཚོམ།

ཨ་ཕོ་རྐང་ཐང་རྟ་ཁྲིད་ལ།། མདུན་གྱི་ལམ་བུ་ཆེ་སེ་ཡོད།།མི་ཐེགས་པའི་ལེའུ། ༼ གཅིག ༽

----- ཤ་ཁྲག་ཉེ་འབྲེལ་གྱི་མི་བུ་མང་དག་ཅིག་དང་ཁ་བརྡ་གློད་རྗེས།

སེམས་ཀྱི་སྐད་ཆ་དག་སྙིང་ལ་སིམ་ནའང་།
ལག་པའི་རེག་བྱ་མི་རྙེད་པའི་ས་མཐའ་ནས།
ཚོད་ཚོད་དུ་རང་ལ་ལེ་འདེད་བྱ་དོན་ནི།
མི་ཚོའི་སྙིང་ཆུང་དེ་གོར་མོ་རྡོ་བ་མིན་པས་ཨེ་ཡིན།

དེ་ལས་མང་བ:

༢༠༡༤ ལོའི་འཇོམས་ཀྱི་སྙན་ཚོམ།

ང་དུས་ཚིགས་ངེས་མེད་དུ། ཁྱོད་ཀྱི་སྤང་ཁུད་ན།འཁྲུལ་བ་དམར་པོ།

བདག་གི་སྣང་བ་ཀུན་མཐོ་སར་འཛེགས་ཏེ། །
དབྱིངས་ཀྱི་འཇའ་རིས་ལ་ཞགས་པས་བཏབ་པ། །
དྲན་པ་མཐུར་མེད་འདི་འཁྲུལ་བས་ཡིན་ནམ། །
གང་སྣང་རི་མོ་ཀུན་རྟོག་བཏགས་རེད་ཐང་། །

དེ་ལས་མང་བ:

༢༠༡༤ལོའི་ཅོ་བྱང་སྐར་གྱི་སྙན་ཚོམ།

རང་བློ་ཞིབ་མོས་འདང་ཙམ་འཁོར་བར་ཤོག ། དེ་ནི་ཅོལ་ཆུང་ང་ཡི་རེ་བ་ཡིན། །བྲོས་འགྲོ།

ཨེ་མ་དག་གཙང་གི་ཆུ་མོ། །
ལྷུང་ལྷུང་རྒྱ་མཚོ་རུ་བཞུར་དུས། །
བུ་ཆུང་དོན་འགྲུབ་ཀྱི་སེམས་པ། །
མུ་མེད་རྩྭ་ཐང་དུ་བྲོས་འགྲོ །

དེ་ལས་མང་བ:

༢༠༡༤ལོའི་ནུབ་རླུང་གི་སྙན་ཚོམ།

རྣ་བར་མཆེད་པའི་རྡོག་སྒྲ་དེས། ཁེར་རྐྱང་འཚོ་བ་བསུས་ཏེ་སླེབས།དེ་རིང་ཡང་བསྐྱར་མཚམས་སྤྲིན་འོད་ལ་བལྟས།


___ ༸པཎ་ཆེན་བཅུ་བ་མཆོག་རྗེས་སུ་དྲན་པ།

གོ་ཚོད་ཅིག་ལ་ཟླ་བར་འབོད་པ་ཁྱོད།།
དགུན་ཟླ་གསུམ་པར་དབྱིངས་སུ་འཕུར་རོ་སྐད།།
ཡིན་ཡང་བརྗེད་པར་མི་སྲིད་ཁྱེད་ཀྱི་མཚན།།
ཟློ་བའི་ང་དང་ཕ་ཡུལ་ད་དུང་གསོན།།

དེ་ལས་མང་བ:

༢༠༡༤ལོའི་སྨྱུག་གླིང་པའི་སྙན་ཚོམ།

དྲྭ་བ་དྲྭ་ཚོམས་མ་ལུས་འགུལ་བ་རོལ་དབྱངས་ནག་པོའི་འབོད་པ་འོ།།(གཏན་དུ་གྱེས་པའི་སྡུག་ཚོར)

སེམས་སྣང་བ་འདི་སྨུག་སྤྲིན་བཞིན་དུ་གཡོ།།
ཡིད་མྱ་ངན་གྱི་མཆི་མས་རབ་ཏུ་རླན།།
སྟོང་སང་ངེ་བའི་སྐྱོ་གླུ་ཐན་ཐུན་ཞིག།
ངའི་བྲང་གཞུང་ན་འཁོར་བའི་དོ་ཞག་ཨང་།།

དེ་ལས་མང་བ:

༢༠༡༤ལོའི་བོང་སྟག་ལྷག་གའི་སྙན་ཚོམ།

ས་གཞི་མག་མོག  ངའི་སེམས་ཁམས་ཀྱང་མག་མོག་རེད།སྙིང་ཉེ་མ། ང་མེ་འཁོར་ལ་བསྡད་དེ་ཕ་ཡུལ་དུ་ལོག་སོང་།

ནམ་མཁའ་མག་མོག
ས་གཞི་མག་མོག
ངའི་སེམས་ཁམས་ཀྱང་མག་མོག་རེད
ཟི་ལིང་ནས་ཐེམ་ཆེན་གྱི་ལམ་ཐག་དེ་ནི
མི་རིང་མི་ཐུང་བའི་སྤྱི་ལེ་སུམ་བརྒྱའི་བར་ཐག་རེད
མི་རྟོགས་མི་དཔོག་པའི་གསང་བ་སུམ་བརྒྱའི་གཏམ་རྒྱུད་རེད

དེ་ལས་མང་བ:

༢༠༡༤ལོའི་ཁ་བ་སྐམ་པོའི་སྙན་ཚོམ།

ནགས་བྱེའུ་འཇོལ་མོ་ཞིག་དེ།། གློ་བའི་གུར་ནང་བསྙལ་ཡོད།།བརྩི་ཐུབ་བམ།

སྐྱེ་དངོས་དག་ནི་གང་མང་དུ་གྱུར
དེ་བཞིན་དངོས་པོ་འོ་ཙམ་ཞིག་ཇེ་ཉུང་ནས་མེད་པར་གྱུར
གཡས་བལྟ་གཡོན་བལྟ་དང་ཐ་ན་ཕྱོགས་གང་ལ་ཅེར་ཡང་མང
ཤི་ཚད་ལས་བརྒལ་བའི་སྣང་བ་དག
དགོད་སྒྲ་ལས་ཀྱང་ཇེ་མང་ཡིན་པའི་དངོས་པོ་དག

དེ་ལས་མང་བ:

༢༠༡༤ ལོའི་ཟིལ་བའི་སྙན་ཚོམ།

སྐྱོ་བའི་དངན་པ་འཐེན་དུས། མཆི་མ་མིག་ལ་འཁྲིགས་སོང༌།ཕྱིར་མིག

ལོ་ཟླ་ནི་མཚན་མོ་ཁྲི་ཕྲག་གི་རླབས་ཀྱི་གཉེར་རིས་ཤིག
ལག་པས་ག་ཙམ་རེག་ཀྱང་མ་ཟིན་ལ
མིག་ཟུང་ཅི་ཙམ་བགྲད་ཀྱང་མ་མཐོང་བ་དག
དུས་ཚོད་ཀྱི་མཆོད་ཀོང་ན་གདུ་བའི་ཞུན་མར་བཞིན
བདག་གི་དོན་ལྔ་སྣོད་དྲུག་གི་མཐིལ་ལ་ཟེགས་ཀྱིན་འདུག

དེ་ལས་མང་བ:

༢༠༡༤ལོའི་འབུམ་ཤུལ་བསྟན་སྐྱོང་གི་སྙན་ཚོམ།

མིག་གིས་རེག་ཐབས་མེད་པས མཛེས་སྡུག་བརྗོད་ཐབས་བྲལས་སྲོད།

རྒྱ་མཚོའི་ངོས་ནས་མེ་ཏོག་ཅིག་སྐྱེ་བའི་བར་དུ་སུ་ལའང་ལས་དབང་རེ་ཡོད
སྒེའུ་ཁུང་ནང་ནས་སྤྲིན་དང་སྨུག་པ་ལས་མ་མཐོང་ནའང རབ་རབ་ཀྱི་ཕྱིར་དྲན་རེ་ཡོད

དེ་ལས་མང་བ:

༢༠༡༤ ལོའི་ཐར་མའི་སྙན་ཚོམ།

ཁ་དོག་གི་ཁྲོད་དུ། ང་ནམ་ཡང་ཁྱེད་ཀྱིས་རྒྱབ་ན་བསྒྲེང་།རྨི་ལམ་གསེབ་ཀྱི་དྲན་པ།

མདང་ནུབ་ཀྱི་རྨི་ལམ་ལ་གཤོག་པ་ཐོགས།
ས་སྲོད་དང་ལྷན་དུ་མཁའ་ལམ་གཞལ།
རྒྱང་རིང་རྒྱང་རིང་གི་འཚོ་བ་ལ་ཁ་དོག་གསལ།
ཁ་དོག་གི་ཁྲོད་དུ   ང་ནམ་ཡང་ཁྱེད་ཀྱིས་རྒྱབ་ན་བསྒྲེང་།

དེ་ལས་མང་བ:

༢༠༡༤ལོའི་སྒོ་རབ་རྒྱས་ཀྱི་སྙན་ཚོམ།

སྒེའུ་ཁུང་ཕྱི་རོལ་ལ་ཅེ་རེར་བལྟས་ཀྱང་།།  སེམས་ཀྱི་ཐང་མ་དེ་བསྡུ་ཐབས་མ་བྱུང་།། ༡  མེ་ལོང་གི་རྒྱབ་གཟུགས།

ལས་འབྲས་ཟེར་བའི་རྒན་པོ་དེ་ནི་བཟོ་རིགས་ཀུན་ལ་མཁས་པ་སྟེ།།
མི་ཚེ་འདི་ཡི་སྒམ་ཆུང་ནང་དུ་རྩེད་རིགས་འདྲ་མིན་སྣ་ཚོགས་བཟོས།།
འཚོ་བའི་ཁ་དོག་ཡོངས་སུ་བསྒྱུར་བར་དགའ་རྒྱུ་ཆེན་པོ་མེད་ན་ཡང་།།
མཛའ་བོའི་ཚུལ་དུ་འབྲེལ་འདྲིས་ཟབ་པས་བདེ་མོ་འཇོག་ཐབས་མ་མཆིས་སོ།།

དེ་ལས་མང་བ:

༢༠༡༤ལོའི་བཅུད་པར་རྫ་སྐྱེས་ཀྱི་སྙན་ཚོམ།

བཞུད་ལམ་རིང་མོ་འདི་ད་དུང་སྐྱ་ཐིང་ཐིང་།རྡ་སའི་དྭ་ཕྲུག་གི་གཞས་ཆུང་།

དོ་ནུབ   གནམ་སྔོན་པོ་དེ་དལ་གྱིས་རྡིབ་ལ་ཁད
སྤྲིན་དཀར་པོ་དེ་མིག་ཆུ་བཞིན་ས་གཞིར་ལྷུང་སོང
ཕ་གིའི་བྲག་རི་མཐོན་པོ་དེ་ཉིལ་ཤུལ་ན
ཐང་དཀར་རྒོད་པོ་ཚོ་ཡིན་མདོག་གིས

དེ་ལས་མང་བ:

༢༠༡༤ལོའི་སྦྲ་སྲས་གངས་བུ་འཛུམ་གྲོལ་གྱི་སྙན་ཚོམ།

གཤོག་ཟུང་བརྐྱང་ནས མཐོ་སྒང་གི་དབྱིངས་ལ་སྙེགཕྱིར་དྲན་གྱི་སློབ་ལྭ་དམར།

སུས་ཀྱང་རྟོགས་མི་ཐུབ་པའི་ལོ་ངོ་གསུམ                                       
ང་དང་སློབ་གྲོགས་ཚོའི་དགའ་བ            
འཛུམ་ལྷུག་གི་དགོད་སྒྲ                   
མཐུན་སྒྲིལ་གྱི་ལྕགས་ཟམ                  
སྡུག་བསྔལ་དང་སྐྱོ་གདུང                
སུན་སྣང་གང་མང་ཞིག་གིས          
སློབ་གླིང་འདི་རུ་འཁྱུལ་ཡོད

དེ་ལས་མང་བ:

༢༠༡༤ ལོའི་ཙཱ་རྐང་དྲུག་གི་སྙན་ཚོམ།

གལ་ཏེ་ནམ་ཞིག་མི་རྟག་པའི་ལུས་ཕུང་འདི་དང་བྲལ་སོང་ན།ཕ་ཡུལ་གྱི་ལས་དབང༌།

རང་བྱུང་གི་ཁ་བ་དཀར་པོས།
ངའི་ཕ་ཡུལ་ལ་འཁྱགས་ཤི་མི་འཐེབས་མོད།
ཆུ་ཕྲན་ཆུང་ཆུང་ཞིག་གིས།
ངའི་ཕ་ཡུལ་སྣུབས་ལ་ཉེ།

དེ་ལས་མང་བ:

༢༠༡༤ལོའི་ས་དཀྱིལ་ཚེ་བཀྲའི་སྙན་ཚོམ།

ཤོག་ལྷེ་དེ   དུས་ཚོད་བརྒལ་བྱེད་ཀྱི་གཙང་བོ་ཞིག་གོགསེར་གཤོག

ཕྱིར་དྲན་རེ་བྱས་ན
གསེར་གཤོག་ནི་བདེན་པའི་མེ་ལོང་ལྟ་བུའི་ནམ་མཁའ་སྔོན་པོ་དེ་རེད

ད་ནི་སྲོད་མཐའི་ཚོན་མདངས་ཀྱིས་སུ་ཞིག་ལ་སྐྱེལ་མ་གནང་ཡོད་ངེས
རང་དབང་གི་འཐོམ་སྦྲིད་གཅིག་ཕྱིར་བཏོན་དུས
བོར་ཟིན་པའི་དྲན་པ་རི་རྩེའི་སྤྲིན་ཕུང་དང་འདྲེས་སོང

དེ་ལས་མང་བ:

༢༠༡༤ལོའི་གངས་ལྷ་མོའི་སྙན་ཚོམ།

སེམས་འགུལ་ཙམ་ཡང་མེད་པ་དེ། ཁྱེད་ཀྱི་ཚོར་ཤེས་མངོན་སུམ་ཡིན་ནམ།མགོ་རིལ་མ།

ནོར་ལུག་ཁྱུ་དང་རྩེད་པའི་འབྲོག་ཕྲུག་མ།།
སྤང་ཐང་གཡུ་ལོའི་གསེབ་ཀྱི་མེ་ཏོག་མ།།
བཙན་པོའི་དྲ་ནས་ཤོར་བའི་རྒྱང་བསྐྱོད་མ།།
རང་དབང་བླ་སྲོག་འཚོལ་བའི་གངས་ཕྲུག་མ།།

དེ་ལས་མང་བ:

༢༠༡༤ལོའི་གཟུངས་ཕྱུག་སྐྱིད་ཀྱི་སྙན་ཚོམ།

ཁྱེད་ཀྱི་གཤོག་ཟུང་གིས་བདག་ལ་ཅི་ཞིག་བསྐྱལ་ཡོང་།༡  ཞོགས་པ།

ཞོགས་པ་མཁའ་རུ་འཚེར་བའི།།
གསེར་གྱི་ཉི་མ་རེད་བཞག།
དྲོད་ཁོལ་འཛུམ་ལ་བཀུག་ན།།
སེམས་ཀྱི་མུན་པ་སངས་ཡོང་།།

དེ་ལས་མང་བ:

༢༠༡༤ལོའི་གཙང་སྟོད་ཀྱི་སྙན་ཚོམ།

གཡོ་ཁྲམ་དུག་སྦྲུལ་གྱི་ལྕེ་རྩེས།། བཙན་རྒྱལ་དོ་རྡོ་དེ་མི་འགྱུར།།པོ་ཏ་ལ

པོ་ཏ་ལ

ལོ་རྒྱུས་ཀྱིས་བརྩིག་པ་བརྩིགས
མི་རིགས་ཀྱི་བློ་སྟོབས་གསལ
མཚར་སྡུག་དང་བརྗིད་ཆགས་ཀྱི་ཁྲོད་ན
ཁྱེད་ནི་སྔར་བཞིན་་སྲ་ལ་བརྟན

དེ་ལས་མང་བ:

༢༠༡༤ལོའི་ཚེ་འབར་གྱི་སྙན་ཚོམ།

ཁེར་རྐྱང་གི་རོལ་དབྱངས་འདི ཁེར་རྐྱང་གི་སེམས་གཏིང་ན་གནསགནས་ལ་མ་འགྲོ

ལྷ་དབང་སྒྲོལ་མ
གནས་ལ་མ་འགྲོ
གནས་ཡུལ་ན་བདེ་སྐྱིད་མེད་ལ
གནས་ཡུལ་ན་སྡུག་བསྔལ་ཆེ
གནས་ཡུལ་ན་རང་དབང་མེད་ལ
གནས་ཡུལ་ན་བརྩེ་བ་དབེན
གནས་ཡུལ་ན་མྱི་ཁ་ཆེ་ལ
གནས་ཡུལ་ན་ཕྲག་དོག་མང
གནས་ལ་མ་འགྲོ་ལྷ་དབང་སྒྲོལ་མ

དེ་ལས་མང་བ:

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།