WedJunWed2020

སྤེལ་དུས་མཐའ་མ།03:57:53 AM GMT

རྩོམ་གསར།:

༢༠༡༤ལོའི་ཀླུ་ཚང་གུ་རུ་རྒྱལ་གྱི་སྙན་ཚོམ།

རི་མགོ་འདི་མ་ཎིའི་རིལ་བུ་ཡིན། རི་མགོ་འདི་མི་རྐྱང་ཡིན།༡ དམྱལ་བ་བོ་ཆང་འདི་རེད།

ཆང་དེ་བཏུང་མེད་ཀྱིས་ན་གཏམ་དེའང་ཤོར་མེད།
མྱི་འདི་དང་སེམས་དེའང་ཧ་ལམ་རྙེད་མེད།
དམྱལ་བ་བོ་ཆང་འདི་རེད།

ཆང་དེ་བཏུང་མེད་ཀྱིས་ན་སྣ་ཆུ་དེའང་བཞུར་མེད།
ལམ་དེ་དང་ཁ་ཕྱོགས་དེའང་ཧ་ལམ་བོར་མེད།
དམྱལ་བ་བོ་ཆང་འདི་རེད།

དེ་ལས་མང་བ:

༢༠༡༤ལོའི་དཱུ་ཏའི་སྙན་ཚོམ།

ད་དུང་མི་ངལ་རིང་ཙམ་འཚོ་བ་ནི།། ཁྱེད་ཀྱིས་སུ་དང་གང་གི་ཆེད་དུ་འོ།།<<རེ་སྙེག>>

ལུས་པོ་ཆུ་ཡིས་རླན་པའི་དབྱར་གཞུང་དུ།།
དྲི་བཞོན་དྲོད་དང་སྡོང་ཏེ་ཕྱོགས་བཞིར་གྱེས།།
ཆར་ཆུ་རྩྭ་རྩེར་ལྷུང་བའི་ནམ་དུས་དེར།།
ཆུ་འཛིན་ཅི་དགར་འཁོར་བའི་རི་སྒང་མཛེས།།

དེ་ལས་མང་བ:

༢༠༡༤ལོའི་རྩེ་ཐང་ལྷ་མོའི་སྙན་ཚོམ།

དུངས་ཞེན་དྲན་གདུང་གི་རོལ་མོ།། སེམས་པའི་ཟབ་ས་རུ་བཞེངས་ཡོད།།རྩེ་མོ་ཐང་གི་དུས་བཞིར་བསྟོད་པ་ལྷག་བསམ་སྤྲིན་གྱི་སྒྲ་དབྱངས།

དཔྱིད

ནོར་འཛིན་སྒེག་མོ་གཉིད་ལས་བསླངས་ཏེ་དཔྱིད་ཀྱི་དཔལ་མོ་འཛུམ་གྱིས་བསུས།།
རྩེ་ཆུ་རིང་མོས་གོས་དཀར་ཕུད་དེ་རྩེ་མོ་ཐང་ལ་འཁྱིལ་བར་རྩོམ།།
སྦྲ་ཆར་བསིལ་མས་ས་གཞི་བརླན་ཏེ་རྩེ་མོ་ཐང་ལ་མྱུ་གུ་འབུས།།
མཛེས་པའི་རྩེ་གཞུང་རྩྭ་ཐང་ཡོངས་ལ་དཔྱིད་དཔལ་བསུ་བའི་སྐྱེ་རེངས་ཤར།།

དེ་ལས་མང་བ:

༢༠༡༤ལོའི་རོ་གསོན་པོའི་སྙན་ཚོམ།

མིག་མདུན་གྱི་འཛེམ་བྱ་ཐ་དག རུལ་སོང་དུ་འགྱུར་བའི་ཡི་གེའི་སྡེ་ཚོགསམེ་ལོང་ནང་གི་རང་ཉིད།

ཁ་ལག་གཙང་མ་ཞིག་བཀྲུས་ནས
མིག་གཉིས་ཅེར་ཅེར་གྱིས་མདུན་གྱི་མེ་ལོང་ནང་ལ་བལྟ་དུས
ང་ནི་ང་ཡིན་ལ་ཁྱོད་ཀྱང་ང་ཡིན་པའི་སྣང་བརྙན་ཞིག
ཕར་བལྟས་ཚོད་ལ་སྐྲག་སྐྲག་ཅིག་རེད

དེ་ལས་མང་བ:

༢༠༡༤ལོའི་མཐའ་ཡས་ཀྱི་སྙན་ཚོམ།

ཕ་ཡིག་ཕ་སྐད་མ་བརྗེད་བཤད་བཞིན་དུ།། ལོ་རྒན་ལྔ་བཅུའི་ཡུན་དུ་སྒུག་ནས་ཡོད།།གསང་བའི་རུམ་གླུ།

ལུས་ཀྱི་རྨུ་ཐག་ཟད་པོ་སྒང་ལ་འཐེན་ཡོད།།
ཚེ་སྲོག་གཉོམ་པོའི་འབྲུ་རྡོག་མཚོ་ལ་གཏོར་ཡོད།།
སྣང་བ་སེམས་ཀྱི་ཕྱེ་ལེབ་སྤང་ལ་ཡན་ནས།།
ཁྱོད་ཀྱི་ཞབས་རྗེས་འཚོལ་བའི་བསོད་ནམ་མ་རེག།

དེ་ལས་མང་བ:

༢༠༡༤ལོའི་ཟུངས་ཁྲག་གི་སྙན་ཚོམ།

སྒོ་ཁའི་གློག་སྒྲོན་དག་ཀྱང་འཇམ་ཐག་ཐག། ང་རང་ཁེར་རྐྱང་ཡིན་པའི་སྣང་བ་ཞིག།ནམ་རྒྱུན་དྲན་པའི་ཁོ།

དོ་ནུབ་ཡོད་ཚད་ཅི་འདྲའི་ལྷང་འཇགས་ཅིག།
ཟླ་བ་དེ་ཡང་ཁ་ཁུ་སིམ་པོར་གནས།།
སྒོ་ཁའི་གློག་སྒྲོན་དག་ཀྱང་འཇམ་ཐག་ཐག།
ང་རང་ཁེར་རྐྱང་ཡིན་པའི་སྣང་བ་ཞིག།

དེ་ལས་མང་བ:

༢༠༡༤ ལོའི་མདའ་མེ་ལྕེའི་སྙན་ཚོམ།

བསང་ཁྲིའི་སྟེང་གི་ཁམ་པའི་མེ་དཔུང་དེ།། ང་ལ་སྒྲོན་པའི་དུངས་པ་ཡིན་ནམ་ཅི།།ཚོར་བའི་ཧབ་དགོད།

དགའ་སྡུག་རྒྱུ་སྤུན་འཐབ་པའི་འཚོ་བའི་ངོ་གདོང་།།
ཚོར་ཤེས་ཆུ་ཤེལ་ངོས་སུ་རེས་ཀྱིས་་གཡོ་བ།།
ཐ་སྙད་ཚོན་སྣ་བསྡེབས་པའི་ལང་ཚོར་བྲིས་པ།།
བློ་དང་སྙན་ངག་འདྲེས་པའི་རྗེས་ཤུལ་ལོས་ཡིན།།

དེ་ལས་མང་བ:

༢༠༡༤ལོའི་བྱང་སྤྲིན་དཀར་གྱི་སྙན་ཚོམ།

སྤྲིན་པ་ནག་པོ་འཁྲིགས་པའི ཆུའི་ཕ་རོལ་ནས་གྲོགས་ཀྱི་ཐིག་ལེངེས་འབྱུང་སྐད་ཅིག་མ།

མི་ཚེ་འདིའི་ཕག་ཏུ་གཏོགས་པའི་ལམ་དེེ་རུ
དེ་རིང་བར་ཐག་ཅུང་ཙམ་རིང་ཡང
སང་ཉིན་ནི་གཞི་ནས་ཀྱང་འགྲོ་དགོས་པས
ཁོ་བོ་ཡིད་རྨུགས་བྱུང དྲན་པ་འགུལ་བྱུང
འཚོ་བའི་ཡོ་བྱད་ཀྱི་ཆེད་དུ
དགའ་སྐྱོ་ཆགས་སྡང་གིས་བསྡེབས་ཏེ

དེ་ལས་མང་བ:

༢༠༡༤ལོའི་ལོ་མའི་སྙན་ཚོམ།

ཉེས་པས་མ་གོས་དངུལ་དཀར་མེ་ལོང་ཞིག། དག་སྣང་རང་ཤར་བབ་པ་སྟོང་བའི་གཤིས།།ལྷིང་འཇགས་ཀྱི་མཚན་མོ་དང་བདག་གི་གནས་མལ།

བྱ་ཚོགས་མལ་དུ་གཟིམ་པའི་དོ་ནུབ་ན།།
ལྗོན་པའི་འདབ་ལོ་རླུང་གིས་སྒུལ་བའི་དུས།།
སྟོང་བར་ལུས་པའི་འཇིག་རྟེན་སྔོན་པོ་ཞིག།
བདག་མེད་གྲྭ་ཤག་ཅིག་གི་དབུས་སུ་ཉལ།།

དེ་ལས་མང་བ:

༢༠༡༤ལོའི་རས་གཟན་དམར་པོའི་སྙན་ཚོམ།

སྐྲ་ལ་རྒྱ་ལྕང་གི་རལ་བ་འཁྱུགས་སེ།། སོ་ལ་དུང་ཕྲེང་གི་རི་དམག་ཁྲིགས་སེ།། བློ་ཡི་ཡང་རིམ་ན་དམུལ་ཏེ་བལྟས་ཡོད།།༈ངག་གི་ལྷ་མོ་ཚོར་བའི་རུམ་ན་འཛུམ།

ལང་ཚོའི་མེ་ཏོག་གི་མགོ་ལྕོག་ལྡེམ་སེ།།
ལྷུ་དྲུག་སྐྱེ་གཟུགས་ཀྱི་གཞུ་རྒྱུད་དྲང་ལེ།།
མིག་གི་མདའ་མོ་ཡི་ཟུར་ཁ་བཙན་སེ།།
ཚོར་བའི་རུམ་ཁ་ནས་འཛུམས་ཀྱིས་འཁྲུངས་ཡོད།།

དེ་ལས་མང་བ:

༢༠༡༤ལོའི་རྔ་བ་སྦྲ་དུངས་སེམས་ཀྱི་སྙན་ཚོམ།

ང་ལ་ང་ཡི་ཚོད་ཀྱི་འཚོ་སྟངས་ཡོད་ལ། ང་ལ་ང་ཡི་ཚོད་ཀྱི་སྨྲ་བརྗོད་ཡོད།ཁེར་རྐྱང་གི་རང་གཤིས།

ང་ནི་ནམ་རྒྱུན་རི་བོའི་མགོ་ལ་འཛེགས་ཏེ།
མིག་གི་མཐོང་ཚད་ལ་རྒྱང་ལྟ་བྱེད་རྒྱུར་དགའ།
ང་ལ་ང་ཡི་ཚོད་ཀྱི་བསམ་བློ་ཡོད་ལ།
ང་ལ་ང་ཡི་ཚོད་ཀྱི་ཕུགས་འདུན་ཡོད།
ང་ལ་ང་ཡི་ཚོད་ཀྱི་འཚོ་སྟངས་ཡོད་ལ།
ང་ལ་ང་ཡི་ཚོད་ཀྱི་སྨྲ་བརྗོད་ཡོད།

དེ་ལས་མང་བ:

༢༠༡༤ལོའི་གཡག་རྫིའི་སྙན་ཚོམ།

མགོ་བོ་ལ་ཆུ་ཟོ་ཁུར་ནས་ལྡེམ་འགྲོས་བྱེད།། ལྷོད་ཉམས་ཀྱིས་འཛུམ་ཆུང་སྟོན་པ་ཡིད་དུ་འོང་།།ཤ་སྒུལ་བ།

སེམས་པ་རླུང་ལ་འགྲོགས་ནས་རྒྱང་ལ་བསྐྱོད།།
རྒྱང་གི་ལོ་མ་ཁྱེར་ནས་གམ་ལ་བཅར།།
དྲན་པའི་ས་ཚིགས་བརྒལ་བའི་དེ་རིང་གི།
འོད་ཀྱི་འདབ་ལོ་འཐུ་བའི་ནམ་ཟླ་ཚེས།།

དེ་ལས་མང་བ:

༢༠༡༤ལོའི་ལོ་མ་རྒྱལ་གྱི་སྙན་ཚོམ།

ལོ་མ་ཕྲག་ལ་ལྷུང་བ་ན།། ཡུལ་གྱི་ལོ་མ་སེམས་ལ་བབས།།<<ལྡུམ་རྭའི་ཚོམས། >>

དལ་མ་དལ་གྱིས་ཡར་ལ་ལངས།།
རྡོག་པ་ལྡུམ་རྭའི་ཕྱོགས་སུ་བསྒྱུར།།
ལོ་མའི་ཁམས་ཀྱི་ལྗང་གུ་དེ།།
བྲང་ལ་སྦྱར་ཏེ་སྨོན་ལམ་ནི།།
ས་ལ་ལོ་མའི་ས་བོན་འདེབས།།

དེ་ལས་མང་བ:

༢༠༡༤ལོའི་དབུ་སེ་ཡི་སྙན་ཚོམ།

ཁྲང་ཨན་ལུང་པའི་ཕུ་མདའ་རལ་གྲི་ཡི་སོ་ན་ལྷུང་བ།། དུས་དེ་ཡིད་ལ་བསྐོར་ན་ཆུ་ཐིགས་ཤིག་བྲག་ངོར་ཡོམ་ཚོད།།འཇུ་སྐལ་བཟང་ཟེར་བ་འདི་རེད།

ཡུན་རིང་བདག་གི་མིག་དང་གློ་བའི་མཚམས་སུ།།
གདོང་མདོག་དམར་ཁ་ཅན་གྱི་མི་ཞིག་འཁོར་ཡོང་།།
སྤྱན་ཤེལ་ཁ་བ་འདྲ་བའི་མདངས་ཤིག་འཁྱིལ་ཡོང་།།
སྐྲ་ལོ་ཟིལ་བ་འདྲ་བའི་དྲི་ཞིག་འཐུལ་ཡོང་།།

དེ་ལས་མང་བ:

༢༠༡༤ལོའི་བེ་མིག་གི་སྙན་ཚོམ།

འཇིག་རྟེན་ཁྲ་ཁྲ་མི་སེམས་སྒྱུ་མའི་མཚོ།། ཚོར་བ་ར་རི་ཞེ་སེམས་སྡུག་གིས་བཟུང་།།རྨི་ལམ་གྱི་བག་ཆགས།

ཚོར་བ་དབྱངས་སུ་དཀྲོལ་བའི་རྒྱུད་མང་གི་དབྱངས་རྟ།
སྡེབ་ལེགས་སྙན་ངག་ལྷ་མོའི་གར་སྟབས་ལ་སྩལ་བས།།
ཁེར་རྐྱང་བུ་ལོ་བདག་གི་རྨི་ལམ་གྱི་དགའ་མར།།
བརྩེ་སེམས་དགའ་བདེའི་ལོངས་སྤྱོད་ཡང་ཡང་དུ་བསྩལ་བྱུང་།།

དེ་ལས་མང་བ:

༢༠༡༤ལོའི་གསའ་རང་འབར་གྱི་སྐད་ཆའི་ཚོམ།

རེས་དགོད་རེས་སྡུག་བྱེད་པའི་ཚུགས་ཀ་ཡི།། མི་ཡུལ་རྐང་རྗེས་མང་པོ་རིམ་གྱིས་སྤར།།༡ཞེན་ཆགས་ཀྱི་རོ་དྲི།

དུས་རབས་ཀྱི་རབ་ཁ་ན
གློ་བུར་གློར་བུར་དུ་བཞད་པའི་ཞེན་ཆགས་དེ
སྨྲ་བ་སྡོམ་པའི་མི་རིགས་ཤིག་གི་ངག་སྒོ་ན
དེ་ཉིད་ཅིག་འཚོལ་བའི་དན་རྟགས་ངོམ་པ་འདྲ

དེ་ལས་མང་བ:

༢༠༡༤ལོའི་ཚེ་རིང་བདེ་སྐྱིད་ཀྱི་སྙན་ཚོམ།

མཆི་མ་བྲང་ཁར་ལྷུང་བའི་དབྱངས་རྟ་འདིས།། ནམ་མཁའི་སྐར་ཚོགས་དག་ཀྱང་ངུ་བར་རྩོམ།།༼བཞི་གཅིག་བཞི།༽

ས་ཆེན་གྱིས་ཁྲོ་གཉེར་བགྲད་ཤུལ་ན།
ཁང་ཁྱིམ་བརྡིབས་པའི་གྱང་རལ།
གནམ་ས་རལ་བའི་ལྡིར་སྒྲ
ཨ་མ་བོར་བའི་དྭ་ཕྲུག་ཚོའི་ངུ་འབོད་དང་།
བུ་ཕྲུག་ཤོར་བའི་མ་ཡུམ་ཚོའི་མིག་ཆུ།
ཐམས་ཅད་མིག་ཆུ་དང་སྡུག་ཡུས་ཀྱིས་ཁེངས་པའི་ཕ་ཡུལ་དེ།
བསམ་ཞིང་བསམས་ན།
ས་མཐའི་སེམས་པ་ཆུང་ཆུང་འདི།
སྡུག་ཡུས་དང་བུ་ཡུག་ཀློང་རོལ་ནས་ཐར་ཐབས་མི་འདུག

དེ་ལས་མང་བ:

༢༠༡༤ལོའི་གཅན་ཡུ་མོའི་སྙན་ཚོམ།

བགྲོད་པའི་ལམ་བུ་ཀྱག་ཀྱོག་ཡིན་པ་དེ།། ང་ཡིས་བསགས་པའི་ཉེས་པ་དང་པོ་མིན།།ང་ཡི་ནག་ཉེས་མིན།

ལྕང་ལྕུག་སྐྲ་ལོ་རླུང་གིས་བསྐྱོད་པ་དེས།།
ཐོད་ཀྱི་མིག་ཆུང་བཀབ་པའི་དཔེ་མེད་དེ།།
བགྲོད་པའི་ལམ་བུ་ཀྱག་ཀྱོག་ཡིན་པ་དེ།།
ང་ཡིས་བསགས་པའི་ཉེས་པ་དང་པོ་མིན།།

དེ་ལས་མང་བ:

༢༠༡༤ལོའི་མགར་བུ་འཇམ་བསམ་གྱི་སྙན་ཚོམ།

རྒྱུས་ཡོད་ལྟ་བུའི་སྣང་བ་སྟེར་འདི་འང་། ། ཐུན་མིན་ཡོན་ཏན་ཞིག་ཏུ་ངེས་པར་གོ །རྟག་བརྟན་གྱི་རྒྱབ་རི །

དཀར་གསལ་དུང་ཟླའི་གཟི་བྱིན་གྱིས་བསྒྲེངས་པའི། །
ཨེ་མ་ཏཱ་རེ་ལྷ་མོའི་འཕྲིན་ལས་ཀྱིས། །
འཛམ་གླིང་ཁྱོན་ན་གྲགས་དཀར་རྒོད་པ་བཞིན། །
གོང་ས་མཆོག་གི་ཞབས་པད་རྟག་བརྟན་ཤོག །

དེ་ལས་མང་བ:

༢༠༡༤ལོའི་བྲན་གྱི་སྙན་ཚོམ།

སུ་ཡིས་དཀྲོག་པ་ཡིན་ནམ་ཅི་ཞིག་ལགས།། དེ་རིང་གར་སོང་ཆ་ཡང་མ་འཚལ་ལོ།།སེམས་ཀྱི་སྐར་མདའ།

འོ་མའི་རྒྱ་མཚོ་འཁྱིལ་བའི་ཀློང་ཡངས་ན།།
ངང་ཆུང་གསེར་གྱི་བུ་མོ་རྒྱུ་བ་ཡིས།།
སྤྲིན་བྲལ་སྟོན་གྱི་ལྷ་ལམ་ཀུན་དགའ་མའི།།
སྙིང་གི་མཛེས་པ་ཡོད་ཚད་ཁྱེར་ནས་བྲོས།།

དེ་ལས་མང་བ:

༢༠༡༤ལོའི་རྣམ་སད་སྒྲོལ་མའི་སྙན་ཚོམ།

ཉམ་ཆུང་བུ་མོའི་སེམས་པ་ཨ་ཁྲ་བ་ཁྲ། ། ཅོལ་ཆུང་ང་ཚོར་ལས་རྒྱུ་བཅའ་རྒྱུ་འདྲ་མིན། །བརྩེ་བའི་བསླུ་ཁ་རྒོད་པོ།

བདེན་ལུགས་ཡོད་མེད་གཉིས་ཀར་སྨྲ་ལྕེ་རྒོད་རྒོད། །
ཀུན་གྱིས་འཆད་ན་ཀུན་ལ་བདེན་ཤུགས་ཆེ་ཆེ། །
ཁ་ལྕེ་བདེ་མོའི་བར་ནས་བརྩེ་བ་ཟབ་ཁུལ། །
དེང་གི་དུས་འདི་བརྩེ་བསླུ་རྒོད་པོ་ལུད་རེད། །

དེ་ལས་མང་བ:

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།