WedJunWed2020

སྤེལ་དུས་མཐའ་མ།03:57:53 AM GMT

རྩོམ་གསར།:

༢༠༡༤ལོའི་ཟླ་གཞོན་གྱི་སྙན་ཚོམ།

ཆུང་འདྲེས་རོགས་ལོ་ཤ་དང་རུས་པས་དྲན་གི།བརྒྱ་ཤོག་དམར་པོར་བསྟོད་གླུ་ཕྲིས།

བསྐལ་ཆེན་གསུམ་དུ་ཚོགས་གཉིས་བསགས་པའི་བྱང་ཆུབ་སེམས་དཔའི་སྲས་བོ་ཞིག།
འགྲོ་ལ་བརྩེ་བའི་ལམ་སྟོན་ཉིད་དུ་སྤྲུལ་བའི་ཟློས་གར་མ་ཡིན་ཡང་།།
བརྒྱ་ཤོག་དམར་པོའི་བམ་ཁ་མཐུག་ན་བརྒྱ་སྟོང་མི་ཡི་གོང་ཁ་ནས།།
ལྷ་བྱ་དཀར་མོའི་དབང་སྐུར་གཅིག་གིས་རྒྱ་ཆེན་དོན་གཉིས་རྫོགས་པར་བྱེད།།

དེ་ལས་མང་བ:

༢༠༡༤ ལོའི་ནག་ལྡོང་འཁྱམས་པོའི་སྙན་ཚོམ།

སྒལ་ཚིགས་རེ་རེའི་སྟེང་ན འཐོར་མི་སྲིད་པའི་ལྕགས་ཀྱི་གཟེར་བུ་དེ་ཡོད༼དུར་བྱང་དུ་བརྐོས་པའི་ཡི་གེ་དེ་དག༽

བྲག་དམར་གྱི་རྩེ་ལས་ང་རང་ལྷུང་སོང་མོད
བྲག་སྐེད་དུ་ང་ལ་གཤོག་པ་ཐོགས་ཏེ
ངས་རྒོད་པོ་འཕུར་ཤུལ་དང སྤྲིན་པ་འཐབ་ཤུལ་དུ
རང་གི་གཤོག་ཟུང་བསྒྱུར་ཡོད
བྲག་དམར་དེ་ལས་ལྷུང་བཞིན་པའི་སྐད་ཅིག་མར

དེ་ལས་མང་བ:

༢༠༡༤ལོའི་དུར་ཁྲོད་ཀྱི་སྙན་ཚོམ།

གསར་ཏུ་ཤེས་བའི་བུ་མོ་དེའི་ལང་ཚོ མིག་ལམ་དུ་འཆར་འོངསརས་ལྭ་སྐྱ་བོ །

ཁག་དང་པོ།

རི་ཆུ་བཅད་བཟུང་གི་ཕ་ཡུལ་ན
དགུན་འཁྱག་གི་བུ་ཡུག་ལྡང་བཞིན
ངེས་མེད་ཀྱི་ཙག་རླུང་རྒོད་སའི་ཕ་ཁྱིམ་ན
ཁ་དོག་ཀྱང་ཡལ་ཟིན་པའི་རས་ལྭ་སྐྱ་བོ་ཞིག་གི་འདབ་རོལ་ཏེ
གནའ་བོའི་ཕྲུག་ཆ་ཟད་པོ་ཞིག་གིས་ལྕགས་རི་ལྟར་བསྐོར་ཡོད་པའི
བདག་གི་ཨ་མའི་ཚེ་སྲོག་གི་དངུལ་སྐུད་ཕྲ་མོ

དེ་ལས་མང་བ:

༢༠༡༤ལོའི་གསའ་ཡི་སྙན་ཚོམ།

ངོས་ཀྱི་སེན་ཤད་རེ་རེ་ཕུད་ཤུལ་དུ།། རྫུ་མའི་ནང་ཅོ་ཞིག་ལ་སྙིང་རྟགས་ཐོབ།།ཚོར་བ་ལྕགས་ཀྱིས་བངས་པ།

བུམ་པ་སྟོང་བའི་ཁ་ལ་ནམ་མཁའ་ཕབ་ཚུལ་ནི།།
ཆུ་ཡི་རྐང་ལག་རུལ་ནས་མྱེ་འོབས་ལྷུང་བ་ཉིད།།

སྨིན་མའི་ནགས་ལོ་སྨུག་པའི་རི་རྩེར་འཁོར་བ་ལ།།
དབྱངས་ཀྱི་མེ་ཏོག་གད་པའི་ས་སྲོད་བཞག་པ་ལཊ།།

དེ་ལས་མང་བ:

༢༠༡༤ལོའི་ལྡོང་བཙན་རླུང་གི་སྙན་ཚོམ།

འདས་ཟིན་པའི་ཁ་སང་གི་ཆེད་དུ་ང་དགོད་མ་མྱོང་། མ་འོངས་པའི་སང་ཉིན་གྱི་ཆེད་དུ་ང་ངུ་མྱོང་ང་།མཛའ་མོར་ཕུལ་བའི་སེམས་འཕྲིན་ལྗང་ཁུ།

ལྔ་སྡེའི་གཉིས་པར་ཨི་ཡིག་གསུམ་པར་སྦྱར།།                  
ས་འོག་ཀ་ལ་ཡ་བཏགས་སྦྱར་རྗེས་སུ།།
ཨི་ཡིག་དང་པོར་ཡང་འཇུག་དང་པོ་ཁྱོད།།
ལྡོང་བཙན་གྱིས་བའི་ལས་ཀྱི་སྲོག་ཤིང་ཡིན།།

དེ་ལས་མང་བ:

༢༠༡༤ལོའི་རྩེ་རིག་གྲོལ་གྱི་སྙན་ཚོམ།

རྨི་ལམ་སྟོང་བ་ཞིག་གི་འཇིག་རྟེན་ནས།། ཁྱེད་ལ་སྒུག་ཡོད་ཁྱེད་རང་གང་ན་ཡོད།།མི་ཡུལ་གྱི་ཆགས་སྡང་།

མི་ཡུལ་གསེར་ནག་གི་ལུང་པ་ཆུང་ཆུང་།།
མི་ཁའི་རླུང་ནག་གི་ཚུབ་མ་ཁེར་འགྲོ།།
མི་སེམས་ཆགས་སྡང་གི་དུག་རླངས་ཁྲོད་ནས།།
མི་རྐྱང་ཆུང་ཆུང་གི་སྟེང་ལ་ཕོག་ཐལ།།

དེ་ལས་མང་བ:

༢༠༡༤ལོའི་དབྱངས་ཅན་སྒྲོལ་མའི་སྙན་ཚོམ།

ཞོགས་སྔ་མོ་སྐར་མདའ་མཁའ་དབྱིངས་སུ་ཤར་དུས། ཨ་མའི་འཛུམ་མདངས་དང་བརྩེ་བ་ཐོབ་ན་བསམ།ཤེས་ཡོན།

ཤེས་ཡོན།
ཁྱེད་ནི་དུས་རབས་ཉེར་གཅིག་ནང་།
མེད་དུ་མི་རུང་བའི་ལག་ཆ་ཞིག་ཡིན།
ཁྱེད་ཡོད་ན་ཀུན་གྱི་དཔོན་པོ་དང་།
ཁྱེད་མེད་ན་ཚང་མའི་གཡོག་པོ་ཡིན།

དེ་ལས་མང་བ:

༢༠༡༤ལོའི་བསེ་སྐར་ཚོམ་གྱི་སྙན་ཚོམ།

སང་ཉིན་གྱི་སང་ཉིན་ཞིག་ལ། རྨི་ལམ་གྱི་དགུན་ཆང་བཙོས་ཡོད།

སོང་གིན་སོང་གིན།

རྨིས་མྱོང་བའི་རྨི་ལམ་དེ། 
ས་ཆེན་པོའི་མངའ་ཐང་ཡིན།
ཐག་རིང་ས་ནས་མཐོང་ཐུབ་པའི་འོད་སྣང་དེ།
འཁྲུལ་སྣང་གི་འཇའ་ཚོན་ཞིག་ཀྱང་ཡིན་ན་ཐང་།
རྐང་ཐང་ལ་སོང་གིན་སོང་གིན།
རྐང་སྣེ་རྡོ་ལ་ཐོགས་པའི་ངང་ཚུལ་ཀྱང་བརྗེད་འགྲོ་ཨང་།
འཚོ་བའི་ཆེད་དུའམ།
ཡང་ན།    འཚོ་གནས་ཞིག་གི་སླད་དུ།

དེ་ལས་མང་བ:

༢༠༡༤ལོའི་གངས་རིན་ཆེན་གྱི་སྙན་ཚོམ།

ཕྱོགས་རིས་དབྱེ་འབྱེད་སྤངས་ཏེ་མི་རིགས་ལ།། མཐུན་སྒྲིལ་གོམས་བུ་བསྒྲིག་དང་ལ་རྒྱ་ཡིན།།ཁྱེད་ནི་མུན་སེལ་སྒྲོན་མེ་ཡིན།

ཁྱོད་ཐུགས་ལྷ་ལམ་ཡངས་པའི་སྐྱེད་ཚལ་དུ།།
ལེཊ་བཤད་ཟླ་གཞོན་གསར་པའི་ཀུ་མུད་འདབ།།
འཛུམ་པའི་འོད་དཀར་ཟེཊ་མའི་དྲི་བཟང་འབུམ།།
བློ་ལྡན་ཡིད་ཀྱི་དགའ་སྟོན་དཔལ་ལ་རོལ།།

དེ་ལས་མང་བ:

༢༠༡༤ལོའི་ཤར་ཕྱོགས་ཁུག་རྟའི་སྙན་ཚོམ།

འཇིག་རྟེན་དཀར་ངོགས་འདི་སྐྱིད་ཀི་སྡུག་གི་བསམས་མྱོང་།།འདང་ཅན་དྲན་པ།

ཆུ་ཚོད་སྐར་ཆ་འདི་མི་འདུག་ཐག་ཐག་འགྲོ་དུས།།
ལག་པས་འགྲོ་བསྐྱོད་ལ་ཚོད་འཛིན་བྱས་ན་བསམས་ཀྱང་།།
ཤར་ཕྱོགས་ཉི་མ་དེ་མི་འདུག་ནུབ་རིར་ཕྱིན་ན།།
སེམས་ནས་མི་འདོད་ཀྱང་ལག་པས་སྙོབ་ཚོད་མི་འདུག།

དེ་ལས་མང་བ:

༢༠༡༤ ལོའི་འབའ་དུང་སྲས་ཀྱི་སྙན་ཚོམ།

ཆུ་བོའི་བཞུར་སྟངས་དང་། རླུང་བུའི་རྒྱུ་ཕྱོགས་ལ་ཉན་དེ།༡ འབྲོང་།

ཉི་ཟླའི་རྣ་ཆ་རྭ་རྩེར་འཆོར་ཞིང་།།
སྐར་ཚོམ་མིག་ཆུས་ས་གཞི་བརླན་པ།།
མཐོ་སྒང་གྲང་རླུང་ཁད་ཀྱིས་གཤག་པའི།།
འབྲོང་ཕོའི་སྟོབས་ལ་འགྲན་ཟླ་སུ་མཆིས།།

དེ་ལས་མང་བ:

༢༠༡༤ལོའི་ཀེང་རུས་ཀྱི་སྙན་ཚོམ།

ཁྱེད་དང་ང་ཡི་བར་ཐག་རི་ཆུས་ཆོད།། སུ་ཡིས་མ་མཐོང་བརྩེ་སེམས་གཅིག་ལ་འདྲེས།།རུས་རྐང་ལ་ཟུག་པའི་མེས་པོ།

ཕ་ལོས་གནའ་གཏམ་དུ་བརྗོད་པའི་མེས་པོ་དེ།།
མ་ལོའི་མིག་ཀོང་ན་འཕྱུར་བའི་བདུད་རྩི་ཞིག།
ཕུ་ནུའི་འཛུམ་མདངས་སུ་འཁྱིལ་བའི་མེ་ཏོག་དེ།།
ང་ཡི་རུས་རྐང་ལ་ཟུག་པའི་གྲོགས་པོ་ཞིག།

དེ་ལས་མང་བ:

༢༠༡༤ ལོའི་མགོ་ལོག་ཆུ་ཐིགས་ཀྱི་སྙན་ཚོམ།

ཤ་གསེང་རུས་གསེང་དེ་ནས། ཁྲག་གི་ཚུལ་དུ་བཞུར་སོང༌།སྙན་ངག་པའི་འགྱུར་ཁུ།

ཟད་མཐའ་མེད་པའི་ཚོར་བ་ཞིག།
སྙན་ངག་པ་ཡི་གམ་ན་རྒྱུ།།
མཐོང་རྒྱུ་མེད་པའི་ལྷ་མོ་ཞིག།
ཡི་གེ་པ་ཡི་ངག་ལས་འཁྲུངས།།

དེ་ལས་མང་བ:

༢༠༡༤ལོའི་ལྷམ་ཀོག་གི་སྙན་ཚོམ།

ཅོག་ཙེ་སྒང་ན་གློག་ཀླད་ཅིག། ཡོད་པ་ཁོ་ནས་ང་མ་རྒྱལ།།ན་སོ་རྒས་པའི་ཚེ།

ན་སོ་རྒས་པའི་དུས་སུ

བསམ་བློ་ཅི་ལྟར་གཏང་དགོས

གྱང་ངོས་སུ་དུར་ཁྲོད་ཅིག་བྲིས

དེ་རུ་རོ་ཀོག་འགའི་ནང་ཁྲོལ་ཕྱུངས་པ་བྲིས

དེ་ལས་མང་བ:

༢༠༡༤ལོའི་དམར་བོའི་སྙན་ཚོམ།

བརྩེ་བ་ནི་རྨི་ལམ་གྱི་རི་བོ་བཀྱིག་ཚུལ་ཡིན། བརྩེ་བ་ནི་གློ་སྙིང་གི་ཐ་གུ་མདུད་ཚུལ་ཡིན།མུན་པའི་ཆོམ་སྒྲ།

ལོ་འདིའི་ཕྱི་ནང་མཚན་མོའི་ནམ་ཟླ་ཡིན།།
མཚན་མོའི་ནམ་ཟླ་ཁྱོད་ཀྱི་ཕྱི་ནང་ཡིན།།
ཡ་ཆུང་མ་ཆུང་ཙག་དང་ཁ་བ་ཡིན།།
དུས་ཚོད་སྐར་ཆ་ནས་བཟུང་འཁྱག་པ་ཡིན།
དེ་ནི་མཛེས་སྡུག་ཞིག་གི་བརྒྱུད་རིམ་ཡིན།།
ཚེ་ཡི་མནར་གཅོད་མྱོང་བའི་སྔ་གཞུག་ཡིན།།

དེ་ལས་མང་བ:

༢༠༡༤ལོའི་དཔྱི་ས་དགེ་འདུན་ཡོན་ཏན་གྱི་སྙན་ཚོམ།

སྐྱོ་སྣང་རླུང་བུ་ནང་དང་ཕྱི་ལ་ལྡང་།། མི་རྐྱང་རྡོག་སྒྲ་སེམས་ཀྱི་མཐིལ་ལ་ལྷུང་།།རླབས་ཆེ་བའི་བདག་གི་སྟོན་པ།
དུག་གསུམ་རླབས་ཀྱིས་བརྡོལ་བའི་ས་སྒང་འདིར།།
གཉུག་སེམས་འོད་གསལ་མཁའ་རུ་འདེགས་པའི་མགོན།།
གྲངས་མེད་འགྲོ་ལ་བརྩེ་བས་གཟིགས་པ་ཡི།།
སེམས་ཀྱི་སྟོན་པ་ཆེན་པོ་གཙུག་གིས་མཆོད།།

དེ་ལས་མང་བ:

༢༠༡༤ལོའི་ཐོ་ཡོར་གྱི་སྙན་ཚོམ།

སུ་ལའང་ཁག་དཀྲི་ས་མེད། འཇིག་རྟེན་འགྱུར་བཞིན་འདུགས་སྲོད།

རྒྱ་མཚོའི་ངོས་ནས་མེ་ཏོག་ཅིག་སྐྱེ་བའི་བར་དུ་སུ་ལའང་ལས་དབང་རེ་ཡོད
སྒེའུ་ཁུང་ནང་ནས་སྤྲིན་དང་སྨུག་པ་ལས་མ་མཐོང་ནའངརབ་རབ་ཀྱི་ཕྱིར་དྲན་རེ་ཡོད

དེ་ལས་མང་བ:

༢༠༡༤ལོའི་བེ་རི་འཇིགས་མེད་ཀྱི་སྙན་ཚོམ།

ཤེས་རབ་འོད་ཀྱི་སྣང་བ་གང་སར་འབྱེད༎ ལོག་རྟོག་དྲི་མ་མཐའ་དག་སྦྱོང་བར་བྱེད༎སྙན་ངག་ལེའུ་བར་བའི་རྒྱན་འགའ་ཞིག་གི་དཔེ་བརྗོད།
སྤྱི་ལོ ༢༠༡༢ ལོའི་དབུ་མ་ལོ་རིམ་བཞི་པའི་སློབ་མ་ཚོར་སྙན་ངག་ཟུར་ཁྲིད་སྐབས་དཀར་པང་ཐོག་བྲིས་པའི་ཐོལ་བྱུང་གི་གོ་དོན་དང་དཔེར་བརྗོད་འགའ་ཞིག།
[2012/10/17—2013/4/29]
དོན་རྒྱན་གྱི་གོ་དོན་ནི། སྒྲ་དོན་གཉིས་ལས་དོན་རྒྱན་གྱི་ཉམས་གཙོ་བོ་སྟོན་པའི་རྒྱན། དབྱེ་བ་སུམ་ཅུ་སོ་ལྔ་ཡོད།
དོན་རྒྱན་དང་པོ་རང་བཞིན་བརྗོད་པའི་རྒྱན།
སྐབས་བབ་ཀྱི་བརྗོད་དོན་གང་ཞིག་གཟུང་པ་དེའི་ཆ་ལ་རང་བཞིན་དྲང་པོར་བརྗོད་པའི་ཚིག་རྒྱན།
རིགས་རང་བཞིན་བརྗོད་པ།    གཙོ་བོ་རིགས་ཀྱི་ཆ་ལ་རང་བཞིན་དྲང་པོར་བརྗོད་པའི་ཚིག་རྒྱན།

དེ་ལས་མང་བ:

༢༠༡༤ལོའི་ལྕགས་མོ་འཚོའི་སྙན་ཚོམ།

ལོ་རབས་སྟོང་ལ་རེ་སྒུག་ཅིག ཚེ་རབས་གཅིག་ལ་ལོ་ལེགས་བྱུང༌།༡༽ དབྱར་གྱི་ཚ་གདུགས།

སྐྱ་རེངས་སྐར་མདས་མཁའ་མཐའི་འདབ་དཀར་གྲོལ།
གནམ་ས་འབྲེལ་བའི་མཚམས་ན་གཅེར་བུར་སྒྲེང་པའི་ཉི་མས།
ལྗང་མདོག་གོས་སུ་བཀླུབས་པའི་སྡོང་ལོར་ཟུར་མིག་ཕངས།
དྲོད་ལམ་ལམ་གྱི་སྲང་ལམ་ཡངས་པོ་ན།
ཉི་ཟེར་གྱི་འོད་མདངས་ཐོག་མར་རོལ་མཁན་དེ།
བུད་མེད་ཁྱི་ཁྲིད་ཅིག

དེ་ལས་མང་བ:

༢༠༡༤ལོའི་སེང་རྡོར་གྱི་སྙན་ཚོམ།

ཕྱི་ཡི་ལུས་པོ་རྡོ་བ་ནག་པོ་ཡིན།། ནང་གི་སེམས་པ་གངས་སེང་དཀར་མོ་ཡིན།།ཐོལ་བྱུང་དང་ཐོད་རྒལ། ༼སྙན་ཚོམས།༽


འཆི་བ་རླུང་ཆེན་ལྡང་བའི་ཕྱི་དྲོ་ཞིག་རེད།།
དེ་མིན་ཆུ་དང་ཁ་བ་འཐབ་པའི་སྒྲ་རེད།།
དེ་མིན་རི་རྩེར་ཤི་བའི་རི་དྭགས་རོ་རེད།།
དེ་མིན་ས་དང་དུས་ཚོད་རྐྱང་རྐྱང་རེད་དོ།།
དད་པ་རྡོ་རྒན་གསུམ་བར་འབར་བའི་མེ་རེད།།
ང་རྒྱལ་སེང་གེ་བརྒྱད་ཅུའི་སྙིང་གི་ཁྲག་རེད།།
འདུན་པ་གྱང་རའི་གྲུ་ཟུར་བཏགས་པའི་རྟ་རེད།།
བསོད་ནམས་སོ་སོའི་མགོ་ལ་འཁྲིགས་པའི་སྤྲིན་རེད།།

དེ་ལས་མང་བ:

༢༠༡༤ ལོའི་རྨ་དུང་ཟླའི་སྙན་ཚོམ།

མི་རིགས་ཀྱི་མཛེས་སྡུག་རླུང་གིས་ཁུར་སོང༌། ཤུལ་དུ་ལྷག་ཡོད་པ་ཁྱོད་དང་ང་ཙམ༌།དབྱངས་ལ་འཐིམས་པའི་སེམས།

ལོ་ཟླའི་སེར་མདོག་གི་ནག་ཐིག་ཁྲོད་ན་
སེམས་པ་ནི་རླུང་བུས་གཏོར་བའི་ལོ་མ་ཞིག
མིག་འཕྲུལ་དང་སྒྱུ་མའི་ཟིལ་པ་དང་བྲལ་ཚེ་
མགོ་བོ་ཆུ་རུ་འཐིམས་པའི་ཚོར་བ་དེ་
སྐར་མ་དང་སྐར་ཆ་ཙམ་ལའང་བཟོད་ཐབས་བྲལ་

དེ་ལས་མང་བ:

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།