WedJunWed2020

སྤེལ་དུས་མཐའ་མ།03:57:53 AM GMT

རྩོམ་གསར།:

༢༠༡༤ལོའི་གྲོང་གསེབ་བུ་མོའི་སྙན་ཚོམ།

ས་མཐའ་ཡི་འཚོ་བ། ཆེས་རང་དབང་གི་མྱ་ངམ་ཐང་ཆེན་ཞིགང་ཚེ་སྲོག་ལ་དུངས་བའི་ལོ་རྒྱུས་ཤིག

༡༽ ང་རྣམ་ཤེས་ལྡོམ་པོ་ཞིག་གི་རྨི་ཐག་ལ་འཇུས་ཏེ།
ཚེ་སྲོག་གསར་པ་ཞིག་གི་རོལ་དབྱངས་དཀྲོལ་དུས།
ངས་མ་ཡུམ་གྱི་ནུ་ཞོ་དང་ཡབ་ཆེན་གྱི་ཟུང་ཁྲག་འཇིབ་མྱོང༌།
ང་ཚེ་སྲོག་ལ་དུངས་དྲགས་པའི་ལོ་རྒྱུས་དེ་སུ་ལ་ཡང་བཤད་མ་ཕོད།

དེ་ལས་མང་བ:

༢༠༡༤ལོའི་མེ་ཟླུམ་གྱི་སྙན་ཚོམ།

སེམས་གསོ་སྙན་ངག་དབྱངས་ལ་ཞུགས་ནས་ཁྱོད་ཉིད་བརྗོད་བྱ་ཡང་ཡང་བྱས།།༼ངས་ད་དུང་ཁྱོད་ཀྱི་རྒྱབ་གཟུགས་སུ་ཐ་སྙད་འགའ་བསྒྲིག་ན་འདོད།༽

ཟླ་བའི་ལྷ་མོ་འཛུམ་མདངས་འཕྲོས་དུས་སྐར་མ་འོད་ཆེན་ཆགས་པས་འདར།།
ཆུ་སྐྱེས་སྟེང་གི་ཕྲག་དོག་སེམས་པ་མེ་རླབས་བཞིན་དུ་འཕྱོར་བ་ཡིས།།
སྐར་མ་འོད་ཆེན་ཡ་མཚན་སེམས་ཀྱི་མིག་མདངས་དམར་པོ་འགྱུར་བའི་དུས།།
མཉམ་འཛོམས་འདོད་འདུན་ཅི་ལྟར་བྱས་ཀྱང་ཡིད་དབང་ཟླ་དཀར་འཛུམ་ཆུང་གྲོལ།།

དེ་ལས་མང་བ:

༢༠༡༤ལོའི་ཏཱ་ན་བློ་བཟང་གི་སྙན་ཚོམས།

ཉི་མ་བཞུར་སོང༌། སྣང་བ་བཞུར་སོང༌།གཏམ་རྒྱུད་ཅིག་རྗེས་སུ་དྲན་པ།

རི་ལུང་འདར་བའི་དུས་ཚིགས་ཤིག་ལ་རུས་རྐང་ཁྲོད་ཀྱི་མར་ཁུ་ཁྱེད།།
རེ་བ་རྒས་པའི་དེབ་ཐེར་བར་གྱི་སྒྱུ་རྩལ་ཕུང་པོའི་ཐིགས་པ་ཡིན།།
ཉི་ནུབ་མཚམས་ལ་གྲིབ་སོ་གོན་དུས་གསེར་ཡིག་སྡོམ་པའི་གླེགས་ཐག་ཁྱེད།།
རྩྭ་ཕུང་འདབ་མ་སྨག་གིས་ཟ་དུས་ཁྱེད་ནི་མཚན་མོའི་ཟླ་འོད་ཡིན།།

དེ་ལས་མང་བ:

༢༠༡༤ལོའི་ཁྲག་འཐུང་གི་སྙན་ཚོམ།

ཡོད་ཚད་དྲན་དུ་བཅུག་པའི་རི་འདབས་ཀྱི་སྨུག་པ།སྨུག་པ།

དེ་རིང་གི་རི་འདབས་ཀྱི་སྨུག་པ/
དུས་ཚོད་ཀྱི་མདའ་རྩེ་དང་འགྲོགས་ནས/
འཚོ་བ་རྒྱ་ཡན་པའི་ནང་དུ་ཐིམས་འདུག/
གླུ་ལེན་བཞིན་པའི་རི་འདབས་ཀྱི་སྨུག་པ་དེ/
རི་འདབས་ལ་ཕྱིན་དུས/
ཚེ་སྲོག་ཡོད་ཚད་ལ་གསོན་ཤུགས་རྒྱས་ཡོང་/

དེ་ལས་མང་བ:

༢༠༡༤ཨ་རིག་འགྱུར་མེད་ཀྱི་སྙན་ཚོམ།

ཡུལ་ལྷ་གཞི་བདག་ཚོགས་ལ་དད་ཅིང་བསྟོད། བོད་པའི་དད་འདུན་མཚོན་པའི་སྙན་ངག་ཡིན།

ངའི་འདོད་པའི་སྙན་ངག

ཀ་མད་སུམ་བཅུའི་ཚིག་རྐང་ལེགས་པར་བསྒྲིགས། །
དབྱངས་ཡིག་བཞི་ཡིས་རམ་འདེགས་གང་མཁོ་བསྣན། །
སྐད་རིགས་གཞན་གྱི་བསྲེ་སླད་མེད་པ་འདི། །
ཕ་སྐད་གཙང་མས་བྲིས་པའི་སྙན་ངག་ཡིན། །

དེ་ལས་མང་བ:

༢༠༡༤ལོའི་གསོན་སྨྱུག་གི་སྙན་ཚོམ།

མྱི་ཟེར་བའི་གནས་ལུགས་ཀྱི་སྒོ་ཟྭ་ཆེན་པོ་དེ་འབྱེད་ཐུབ་པར་ཤོག༢༠༡༤
ལ་མོ་བརྒལ་ལ་ཉེ་བའི་ཉི་མའི་ངོ་མདངས
གཉོམ་ལྷང་ལྷང་གིས་བསིལ་གྲིབ་མངོན་འདུག
སླར་མཐོང་ལམ་དུ་ཡོད་མི་སྲིད་པའི་ཉི་མ
ཝུ་ཆང་གིས་བཟི་བའི་སྣང་བ་བཞིན་ཁྱུག་ཙམ་གྱིས་ལྡིང་སོང༌།

དེ་ལས་མང་བ:

༢༠༡༤ལོའི་གཟུངས་འདུས་སྐྱིད་ཀྱི་སྙན་ཚོམ།

ཇི་སྲིད་བསྐལ་བརྒྱར་བརྗེད་ཐབས་མེད་པ།། བརྩེ་བས་བསྐྱངས་པའི་ལོ་ཟླ་དག་ཡིན།།གཅེས་ཕྲུག  ངོ་མ་ཐུགས་རྗེ་ཆེ།

གཅེས་ཕྲུག ཁྱེད་ཨ་མའི་མངལ་དུ་སྦྲུམ་པ་ནས་བཟུང་། ཨ་ཕ་དང་ངེད་གཉིས་ཀྱི་བདེ་སྣང་གི་འཚོ་བའི་ཐོག་ཁང་དམར་པོར་མཛེས་སྡུག་གི་རྒྱ་ཕིབས་གཏད་དེ། མིག་མདུན་གྱི་ཕུགས་བསམ་རྒྱང་ལ་བསྲིངས་ཤིང། སེམས་ཀྱི་གོམ་ཁ་སྔར་ལས་ཡངས་པོ་ཞིག  ཡོད་ཚད་སྤྲོ་སྣང་དང། ཐམས་ཅད་རེ་བཞག་ཅིག་ཏུ་གྱུར་ནས། འཇིག་རྟེན་དཀར་ངོགས་འདི་བདེ་སྐྱིད་ཀྱི་ཞིང་ཁམས་ཤིག  གཅེས་ཕྲུག  ངོ་མ་ཐུགས་རྗེ་ཆེ།

དེ་ལས་མང་བ:

༢༠༡༤ལོའི་གཟུ་མིག་གི་སྙན་ཚོམ།

དོ་ནུབ་ཕྱི་རོལ་ཡུལ་དུ་རྡོག་སྒྲ་འཇགས།པན་ཆེན་རིན་པོ་ཆེ་རྗེས་སུ་དྲན་པ།

དུང་གི་ཟླ་འོད་ཐོལ་གྱིས་ཤར་བས་སྨག་གིས་བཏུམས་པའི་ཡོལ་རས་ཕྱེས།།
སྤོབས་པའི་གད་རྒྱངས་ཞུམ་མེད་མངའ་བའི་གནམ་ས་སྦྲེལ་བའི་བར་མཚམས་གཤེགས།།
རིགས་ཞེན་མེ་ལྕེའི་ཡ་ཁོག་བསྲེག་པས་བོད་པ་ཚང་གི་བླ་སྲོག་གསོས།།
སྔོན་བྱོན་མེས་པོའི་དཔའ་གདེང་ཁུར་བའི་རྟག་བརྟན་མི་འགྱུར་རྡོ་རིང་ཞིག།

དེ་ལས་མང་བ:

༢༠༡༤ལོའི་སེར་ཤུལ་རིན་ཆེན་དོན་འགྲུབ་གྱི་སྙན་ཚོམ།

མིག་ཟུང་རྣམས་ནི་གདངས་པས་ངལ་བར་གྱུར། འཇིག་རྟེན་དག་ནི་ཉུང་ནས་ཉུང་དུ་སོང༌།དུས་ཀྱི་སྟོན་མཆོག

«འཇིག་རྟེན་ཞི་བདེའི་དེད་དཔོན།» «འགྲོ་བ་མིའི་རིགས་ཀྱི་བསམ་བློའི་སློབ་དཔོན་ཆེན་པོ།» «ྋགོངས་སྐུ་འཕྲེང་བཅུ་བཞི་བ་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དོན་དགུ་བར་ཕུལ།»

དེ་ལས་མང་བ:

༢༠༡༤ལོའི་འབྲོག་རུ་ཆོས་དར་གྱི་སྙན་ཚོམ།

མི་རབས་གསར་བའི་ལུས་སྟེང་ན་རྒྱུ་བ་ནི་ཁྱེད་ཅག་གི་ཁྲག་རྒྱུན་ཡིན།ན་ཟུག་གི་ཕུང་བོ།

གནམ་ས་གཉིས་ཀྱི་བསྣོལ་མཚམས་ན
ཆེས་མཐོ་བའི་མངའ་ཐང་དེ་ནི
ངའི་ཕ་མེས་ཀྱི་དུར་ས་ཡིན་ལ
ངའི་མི་རིགས་ཀྱི་གཤིན་སའང་ཡིན

དེ་ལས་མང་བ:

༢༠༡༤ལོའི་ཆུང་ཚེ་རིང་གི་སྙན་ཚོམ།

རྒུན་བུ་འབེན་དུ་བཟུང་བའི་བྱ་ཚོགས་འགའ།།  མཚོ་ཁར་ལྡིང་བ་ང་ཡི་སེམས་མ་རེད།། སྒྱུ་མའི་དྲན་གདུང་།

ཉི་མ་ཤར་ནས་ནུབ་ཅིང་ཟླ་བ་ནུབ་ནས་ཤར་།།
ཆུ་མོ་ལོག་པར་འདོད་ཀྱང་གྱེན་གྱིས་བཀག་སོང་ཟེར།
མི་ཚོ་སོང་ནས་ལོག་ཅིང་རི་དྭགས་ནགས་ནས་སོང་།།
སྐོམ་གདུང་སྐྱེལ་ཆང་སྐྱུར་མོས་ངེས་པར་གསོ་དགོས་འདྲ།།

དེ་ལས་མང་བ:

༢༠༡༤ལོའི་འབྲོང་རི་ལྡོམ་གྱི་སྙན་ཚོམ།

མིག་འདི་ང་ལ་ཐོགས་པའི་ཉིན་མོ་ནས།། ཁྱེད་ཀྱི་ཆུ་མིག་དྭངས་པ་མེ་ལོང་འདྲ།།སྲིད་པའི་ཟླ་བ་མོ།

མཚོ་ལ་རླབས་འཁྱུག་སྲིད་པའི་ཟླ་བ་མོ།།
ལྕང་ལོ་ལན་བུ་རླུང་གིས་རྒྱབ་ཏུ་ཁུར།།
མིག་འདི་ང་ལ་ཐོགས་པའི་ཉིན་མོ་ནས།།
ཁྱེད་ཀྱི་ཆུ་མིག་དྭངས་པ་མེ་ལོང་འདྲ།།

དེ་ལས་མང་བ:

༢༠༡༤ལོའི་མི་ཞུན་གྱི་སྙན་ཚོམ།

དཀའ་བའི་ཤེས་བྱ་དག་ནི་བྱ་ཤ་བཞིན།། བརྔོས་ནས་བཟའ་རྒྱུ་ཡོད་ན་སྐྱིད་པ་ལ།།རྩ་བའི་བླ་མ་ཁྲི་ལོར་ཤོག

མི་རྣམས་རང་དོན་ཆུང་ངུའི་སླད་དུ་ལྟོ་བ་འབའ་ཞིག་གཉེར་བའི་དུས།།
མི་རྣམས་རང་ཁེ་ཕྲ་མོའི་སླད་དུ་འཚེ་བ་འབའ་ཞིག་བྱེད་པའི་དུས།།
མི་རྣམས་རང་རྒྱལ་གཞན་ཕམ་ཆེད་དུ་ཁྱོད་ཤི་ང་གསོན་བགྱི་བའི་དུས།།
མི་རྣམས་དབང་དང་གོ་ཐོབ་ཕྱིར་དུ་གཡོ་སྒྱུ་ཁྲམ་གསུམ་སྤེལ་བའི་དུས།།

དེ་ལས་མང་བ:

༢༠༡༤ལོའི་ཤར་སྐྱེས་ཀྱི་སྙན་ཚོམ།

མིག་མཐོང་ལག་པས་རྙོབ་པ་མཛེས་ཚོད་རང་འདུག་གོཐོ་རངས་ཀྱི་སྐད།

ཟླ་བ་ལྷ་མོ་ལ་དུང་བ་ཡིན་ནམ། །
སྐྱ་རེངས་བུ་ཆུང་ལ་སྐྲག་པ་གང་ལྟར། །
འདར་འདར་སྐར་མ་དག་ཕྱི་མིག་འཕེན་ཞོར། །
རབ་རིབ་མག་མོག་གིས་གནམ་དུ་འཛུལ་ཐལ། །

དེ་ལས་མང་བ:

༢༠༡༤ལོའི་ལྕོག་མིག་གི་སྙན་ཚོམ།

ང་ཡི་འཇིག་རྟེན་ངོས་སུ་གདུང་ཡུས་ཀྱི་ཆར་བ་ཆག་ཆག་ཏུ་འབབ།སྣང་ལ་མ་ངེས་པའི་འཇིག་རྟེན།

དབྱིབས་དེ་སྒྱུ་མ་ལྟ་བུར་འགྱུར་བཞིན་འདུག།
སྒྱུ་མའི་ལག་ནས་འཇིག་རྟེན་འཁོར་བཞིན་འདུག།
ཁ་མདོག་ཆུ་ཤེལ་བཞིན་དུ་གསལ་ལེར་འདུག།
ཉི་མའི་འོད་ན་འུག་པ་ངུ་བཞིན་འདུག།

དེ་ལས་མང་བ:

༢༠༡༤ལོའི་ཨ་འཇམ་གྱི་སྙན་ཚོམ།

སེམས་པ་འདི་ཐར་ཤ་དཔེ་མེད་བཅད།། ཁ་བྱང་ནི་བསྣར་བ་ཅི་བས་སྐྱོན།།དགུན་གྱི་ཆང་།

་་་་་་་་་གྲོགས་འཇམ་སྦྱིན་དང་རས་པ་མཉམ་དུ།

དོ་ནུབ་ཅུང་ཟད་འབར་བའི་ཤེལ་དམ་གྱིས།།
མེས་པོའི་ལག་བྲིས་ཡི་གེ་དེད་ནས་སོང་།།
མུན་པའི་ཧྲག་ཁ་དོག་པོ་ཕྱེ་བའི་ཚེ།།
ས་ཐིག་རྙིང་བའི་ཟླ་ཚེས་ལམ་ལམ་འབབ།།

དེ་ལས་མང་བ:

༢༠༡༤ལོའི་རང་རྟོན་གྱི་སྙན་ཚོམ།

ཟླ་འོད་མེ་ལོང་ངོས་ལ་ཤར་ཐེངས་རེར།། གདོང་གི་གཉེར་མས་ལབ་རྡོལ་ཤུབ་ཤུབ་སྨྲ།།མི་རྟག་སྨྱོན་པའི་རང་གཟུགས།
__གྲོགས་ཀྱི་དྭངས་མ་འབྲུག་འབུམ་ལགས་གློ་བུར་འདས་གྲོངས་ལ་ཕྱིན་པས་བྲིས།

གློ་བུར་གློ་བུར་བཞུད་པས་ཡིད་ཆེས་དཀའ།།
འདང་རེ་འདང་རེ་བརྒྱབ་ན་རྨི་ལམ་འདྲ།།
དངོས་གནས་དངོས་གནས་མིན་པའི་སྣང་ཚུལ་འདི།།
ག་ལེར་ག་ལེར་བསམ་ན་སྐྱོ་བ་ལྕི།།

དེ་ལས་མང་བ:

༢༠༡༤ལོའི་འདྲེ་མྱེ་ཡི་སྙན་ཚོམ།

ངས་ཁྱེད་རང་དྲན་བྱུང༌། ཨ་མ་ལགས།སྒྱུ་མའི་ལམ་གྱི་རོལ་རྩེད།

དཔག་བསམ་ཡོངས་འདུ་ཚངས་པ་དཀར་པོའི་གླུ།།  
ཡང་ཡང་གྱེར་མའི་རྟ་ལ་དྲངས་པ་དེ།།  
སྣ་ཚོགས་སྒྱུ་མའི་ཀྱོ་བ་རྣོན་པོ་ཡིས།།  
སུམ་རྩེན་ལྷ་ཡི་གནས་ལ་ཟུར་གྱིས་འཕྱ།།

དེ་ལས་མང་བ:

༢༠༡༤ལོའི་བྱ་སྨྱོན་པའི་སྙན་ཚོམ།

གོམ་པའི་འདེགས་འཇོག་གི་བློ་སྟོབས་ལ ནམ་ཡང་འགྱུར་བ་མ་སོང་ན་སྙམགཞས་ཆུང་དེ།

གཞས་ཆུང་དེ
སེམས་ཀྱི་ན་ཟུག་ཏུ་གྱུར་ནས་ལོ་མང་འགོར
ལོ་མང་འགོར་བའི་དེ་རིང
བདག་ལ་གཞས་ཆུང་དེ་ལེན་པའི་སྐད་ངག་མེད་ནའང
སྤོབས་པ་དང་ང་རྒྱལ་ཞིག་སྐྱེས་ཡོང་བ་ནི
གཞས་ཆུང་དེས་ང་ལ་བཞག་པའི་བག་ཆགས་ཡིན་པ་འདྲ

དེ་ལས་མང་བ:

༢༠༡༤ལོའི་ཁྲི་གཤོག་སྙེ་མའི་སྙན་ཚོམ།

དྲན་པ་འདི་ཚང་སྐྱེས་རྒོད་པོ་བཞིན། ཉག་ག་དེའི་ཕར་རྒྱབ་རྟོལ་བཞིན་འཕུར།རྣམ་དཔྱོད་གློག་གི་འགྱུ་བ།

བྲིས་པའི་སྙན་ངག་སོས་ཀའི་མདངས་ལ་འཁུ།།
བྱོ་བའི་ཚོར་བ་འོ་མའི་བཅུད་དུ་གཏམས།།
ཤེས་བརྩོན་ལྷུར་ལ་སྤོབས་པས་བཏེགས་པ་འདི།།
རྣམ་དཔྱོད་གློག་གི་འགྱུ་བ་ཅིའི་མིན་ནམ།།

དེ་ལས་མང་བ:

༢༠༡༤ལོའི་ལྷ་ཆབ་ཀྱི་སྙན་ཚོམ།

སྤྲིན་གྱི་བ་གམ་བརྩེགས་པའི་དཀྱིལ་འཁོར་ནས། ཕྱི་རོལ་འཇིག་རྟེན་ཞིག་ལ་གློ་བུར་སླེབས།འགྲོ་ཞོར་ལམ་བུའི་སྙན་ངག
ཉི་མ་མཚོ་མོར་བསྣུབས་ཚེ་གློ་བུར་དངངས།།
གཡོར་གྲུ་ལྡེམ་ཙམ་བྱེད་དུས་མཐའ་ལ་ལོག།
ཆུ་གཉེར་རེ་རེ་མཛེས་མའི་སྟངས་སྟབས་བཞིན།།
ལྡེམ་ལྡེམ་གླང་ཆེན་འགྲོས་ཀྱིས་མཁའ་ལ་འཕྱོ།།

དེ་ལས་མང་བ:

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།