TueFebTue2017

སྤེལ་དུས་མཐའ་མ།03:59:19 AM GMT

རྩོམ་གསར།:

ཁ་བའི་སྲས་ཀྱི་སྙན་ངག་ཆེད་འགོད།

ཁ་བའི་སྲས་ཀྱི་སྙན་ངག་ཆེད་འདོད།

ང་།   རང་དབང་གི་གླུ་བ་ཞིག་ཡིན།

སྙན་ངག་ཡིན་ན་ཚིགས་བཅད་ཡིན་དགོས་པའི་ཉིན་ཞིག་ལ
རྒྱ་གར་བའི་ཨ་མྱེས་ཞིག་གི་མེ་ལོང་ལ་བལྟས་མྱོང
མེ་ལོང་དེས་ཁོ་བོ་བཙན་གཡེམ་མང་པོ་བྱས་རྗེས
ཞེན་པ་གཏིང་ནས་ལོག་སོང



ཞེན་པ་ལོག་རྗེས
ང་ལ་རང་དབང་ཞིག་ཐོབ་སོང
དགོས་མེད་ཀྱི་ཚིག་འཁྱམ་དེ་ཚོ་ལ་བཞི་ཤད་བྲིས
བཞི་ཤད་བྲིས་རྗེས
ང་རང་ནམ་མཁར་མི་ཤོང་བའི་མི་ཞིག་ཡིན་པར་རྟོགས

སྟོང་གསུམ་གྱི་འཇིག་རྟེན་ཁ་རྒྱ་ཆེ་རབས་བཤད་ཀྱང
ངའི་སྒྱུ་འཕྲུལ་ཆེན་པོ་ཟུར་ཙམ་ལས་དབང་གི་མེད
ཨ    ན་རྒས་ཚོ   ང་ལ་སྡང་མིག་མ་གཡུག
ང    རང་དབང་གི་གླུ་བ་ཞིག་ཡིན

རྒྱུད་སྐུད་འགས་པའི་གླུ་གཞས་ཀྱི་གསང་བ་དཀྲོལ་ཐབས་མི་འདུག
མེ་ལོང་ཞིག་ལས་ཁྲ་ཁྲ་ཟིང་ཟིང་གི་ང་རང་མངོན་ཐབས་མི་འདུག


1,22,2017

༥༩ལོ།


དེ་ནས་བཟུང   ང་ལ་ཕ་མ་མེད
བུ་ཡུག་འཚུབ་པའི་དགུན་གཞུང་ཧ་ཅང་གྲང་ན་ཡང
ངའི་སྨྲ་ལྕེ་ལ་ཟྭ་ཞིག་བརྒྱབས་ཏེ་སྐེ་ལ་ལྕགས་ཐག་བསྐོན་ཡོད།


དེ་ནས་བཟང     ང་ལ་རང་དབང་མེད
གཟེབ་ཏུ་བཙུད་པའི་བྱིའུ་ཧ་ཅང་སྔངས་ན་ཡང
ལྕགས་དྲ་དེ་དག་གིས་མི་སྐད་གོ་སྲིད་དམ


དེ་ནས་བཟུང       རླུང་དམར་གྱི་གཡོ་སྐྱོམ་ཁྲོད
འཁྱག་འདར་ཁོ་ནས་ཚེ་སྲོག་ཆུང་ཆུང་འདི་རླུང་གིས་སྐྱོད་ཀྱང
ངའི་ཤ་རུས་ཁྲག་གསུམ་ལ་སེམས་ཁུར་བྱེད་མཁན་སུ་ཞིག་ཡོད
སུ་ཡང་མེད་དུས     ང་རང་ས་མཐའ་ནས་ས་མཐར་བྱོལ
ཨ་་་ཨ་་་་ཨ                ངའི་ལསདབང་འདི
༢༠༡༧/༡/༢༦ཉིན།

ཆིག་ལབ།

བདག་ནི་གསེར་གྱི་ཉ་མོ་ཁེར་འགྲོ་ཞིག།
ཆུ་བོ་ཡར་འགྲོ་དག་གི་རྐང་མི་འདྲེན།།
རླུང་གི་ཁ་ཕྱོགས་རྒྱུ་བ་བལྟ་མི་བྱ།། 
ང་ལ་རྒྱ་མཚོ་འཇིབ་པའི་སྤོབས་པ་ཡོད།།

དབུགས་ཀྱི་ལྒང་ལུ་འདྲ་བའི་ཤ་ཚུགས་ཀྱིས།།
སྡིགས་པའི་གད་མོ་གཡུག་པར་འཇིགས་མི་འགྱུར།།
ཚོར་བའི་རོལ་མོ་ཁྲག་གིས་དཀྲོལ་བ་འདི།།
ང་རང་ལྔ་ལམ་འགྲོ་དུས་ཁ་ཆེམས་ཡིན།། 

སྤུར་ཁང་ནང་ནས་མཛའ་མོ་དྲན་པའི་ཚེ།།
འདང་བརྩེ་མངར་མོ་དབྱངས་ཀྱི་ནང་ལ་རུམ།།
སྡུག་གི་ཨ་ཐང་ཆད་པའི་མཚན་ལམ་དུ།།
མཆི་མ་བརྡོལ་ས་ཡིག་འབྲུའི་གསེང་ལ་ཡོད།།
ཕྱི་ལོ་༢༠༡༧། ཟླ་༡། ཚེས༢༥།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།