WedMarWed2017

སྤེལ་དུས་མཐའ་མ།06:49:09 AM GMT

རྩོམ་གསར།:

༢༠༡༤ ལོའི་ལི་ཐང་དབྱིག་གཉེན་གྱི་སྙན་ཚོམ།

ང་ཡི་མིག་གིས་ཁྱེད་ཀྱི་རྐང་རྗེས་བཟུང་།

སང་ཉིན།

ཆར་བ་ནི་གནམ་གྱི་ཟིལ་བ་ཡིན་ན།།
མེ་ཏོག་ཀྱང་བྱི་རིའི་ཁྲ་རྒྱན་ཡིན་པས།།
སྤྲང་པོ་དག་རྒྱུ་ཆེན་ཚོང་པའི་ཟོལ་གྱིས།།
ཉི་མ་ཡང་སང་ཉིན་ཤར་རྒྱུ་ལོས་ཡོད།།

མ་འོངས་ནི་འོད་ཀྱི་གོང་བུ་ཡིན་ན།།
སང་ཉིན་ཡང་འོད་ཀྱི་མེ་ལོང་ཡིན་པས།།
རླངས་འཁོར་ལ་རྡབ་སྐྱོན་ཆག་གྲུམ་མེད་ན།།
ཁ་ལོ་བར་འཛུམ་གྱི་ཁེངས་རྒྱུ་ལོས་ཡོད།།

འཛུམ་མདངས་ནི་གང་ནས་བཞད་རྒྱུ་ཡོད་ན།།
མེ་ཏོག་ཀྱང་ཡང་སྲིད་ཕྱི་མ་ཡོད་པས།།
ཡ་ཁོག་གི་རྣམ་ཤེས་གསོན་པོ་དེ་ཡང་།།
སང་ཉིན་ནས་ངོས་འཛིན་བྱ་ཡང་ཆོག་པ།།

ལམ་བུ་ནི་བཞུད་ནས་བསླེབ་རྒྱུ་ཡོད་ན།།
གོམ་ཆུང་ཡང་རིན་ཐང་ཆེན་པོ་གདའ་བས།།
འཕྲུལ་རིཊ་ལ་མགོ་བོ་འཁོར་རྒྱུ་གཡུགས་ནས།།
སང་ཉིན་ནས་ཨ་མའི་གོམ་ཆུང་སྤོས་ཨ།།

སང་ཉིན་ནི་གསེར་དང་མཚུངས་རབས་གླེང་དུས།།
སང་ཉིན་རྗེས་སང་ཉིན་ཡོད་རབས་བཤད་པས།།
སང་ཉིན་དེ་སང་ཉིན་ཡིན་པར་ཤེས་ན།།
སང་ཉིན་ནས་སང་ཉིན་མེད་པར་བྱ་དགོས།།
༢༠༡༣།༡༡།༡༣ ཉིན་བྲིས།

མཚན་མོ།

མཚན་མོ་མང་པོས་ང་རང་སྒུལ་བར་བྱེད།།
དབྱངས་ཀྱི་རུས་པ་ཟ་དང་ཟུར་ནས་འཐོར།།
སྒེའུ་ཁུང་འགྲམ་གྱི་རླུང་བུའི་ཤུར་སྒྲ་ཡིས།།
ཀྱེ་མ་ང་ཡི་ལྷིང་འཇགས་དཀྲོགས་པར་བྱེད།།

མུན་པའི་ཁ་ངོ་མཐུག་པའི་མཚན་ལྗོངས་སུ།།
སྐར་མ་རྐང་གཅིག་ངུ་བའི་སྐད་སྒྲ་ཡིས།།
བྱིས་པའི་ཚོགས་ཀྱི་རྣ་བ་གཟན་པ་ལ།།
སྐར་ཁུང་སྲབ་སྲབ་ཡིན་པའི་གཏན་ཚིཊ་ཤར།།

མཚན་མོར་ཡོལ་བ་མང་པོའི་རྒྱབ་ངོགས་སུ།།
སྐད་ངག་ཞར་བའི་ཡི་གེ་ཡང་ཡང་འགུལ།།
ཚིག་གིས་རྡེག་པའི་སྙིང་གཏམ་ཁྲ་བོ་ཡིས།།
གྱང་ངོར་མི་གཞི་ཤོར་བའི་ཐང་ག་བྲིས།།

གློག་སྒྲོན་ངོགས་སུ་འཚེར་བའི་སྐུ་པར་འགའ།།
མུན་པའི་མདུན་ནས་ག་ལེར་མར་མར་ཉུལ།།
ཙག་རླུང་གོ་སྟག་འཕག་པའི་འུར་སྒྲ་ཡིས།།
དོ་ནུབ་ཆམ་ལ་ཕམ་པའི་མིག་ཆུ་ཚེས།།
༢༠༡༥_༥_༡༠ནུབ་མོར་ཡི་གེར་ཕབ།

གནའ་གཏམ་གཡེལ་བ།

____པར་རིས་ཀྱི་ངོས་ཤིག་མོལ་བ།

མེ་ཏོག་འགའ་རེ་གྱང་ཁུག་ཅིག་ཏུ་འཁུམ།།
ཁ་བ་རྡོག་རྡོག་འགའ་ཡང་དེ་རུ་ལྷུང་།།
དགུན་ཁའི་གནམ་ངོ་ཨ་འདྲ་འཁྱག་ན་ཡང་།།
ང་ཡི་མིག་གིས་ཁྱེད་ཀྱི་རྐང་རྗེས་བཟུང་།།

ཁྱེད་རང་བུད་པར་རྒྱུ་མཚན་མེད་དོན་ནི།།
ལམ་ཁ་འདི་རུ་ཕྱི་གསལ་ནང་གསལ་ཡིན།།
གནམ་གཤིས་འཕག་འཚག་རྒྱག་པའི་ད་ཚོད་ལ།།
དགུན་ཁ་རུལ་བའི་ཉེས་པ་བཅར་བ་འདྲ།།

སྐད་ངན་འདི་ནི་ད་ཚོད་གཅིག་པུ་མིན།།
ན་ནིང་འདིར་ཡང་ཤིང་ལོས་མིག་ཆུ་བཏང་།།
ད་ཞག་དྲན་པ་མང་པོ་ལྷག་ཏུ་འགུལ།།
ཁྱེད་ཀྱི་རྐང་རྗེས་རུལ་བའི་ཉེས་པ་མཐོན།།

ངེད་གཉིས་གློག་ལྟར་དང་པོ་ཐུག་ས་རུ།།
སྡོང་ལོ་མང་ལ་མེ་ཏོག་དེ་བས་འབེལ།།
ད་ནི་ཡང་བསྐྱར་དེ་དག་བཀྲག་ན་ཡང་།།
ཁྱེད་རང་བུད་སྟངས་ཤིག་གིས་གནའ་གཏམ་གཡེལ།།

སུ་ཡི་ཆེད་དུ་ཆུ་ཚོད་མང་པོ་ལྕེབས།།
གཞུང་ལམ་ཕ་རོལ་དེ་ཡི་ཆེད་དུ་ལྕེབས།།
གང་གི་ཆེད་དུ་མིག་རྩ་ཆུ་ལ་སྦངས།།
དགུན་གྱི་ཕ་རོལ་དེ་ཡི་ཆེད་དུ་འོ།།  
__༢༠༡༥__༤__༢༩ནུབ་མོར་གྲུབ།

དོ་ནུབ་དང་ཕ་ཡུལ།

དོ་ནུབ་རླུང་བུ་འབེལ་པའི་ཕྱི་དྲོ་ཡིན།།
ཉི་འོད་ཆག་རོ་ཁ་ཤས་གདོང་ལ་འཁྱུག།
རྒྱ་སྲང་ལམ་ལ་ཐལ་རྡུལ་འཚུབ་ན་ཡང་།།
དེ་ཀའི་འགྲུལ་བ་མངས་པོ་སྔ་བཞིན་འགུལ།།

གུང་སེང་བརྟོལ་ན་ཨ་ཉོག་གློ་བ་བད།།
བོད་ཀྱི་ཡི་གེ་ལྷུག་ལྷུག་འབབ་ཞོར་དུ།།
ལག་པ་མང་པོས་མི་གཞི་ཚལ་བར་གཤཊ།།
ཀུན་སྤྱོད་རེ་འགའ་སྐྱ་བོའི་མིག་ངོར་བཤམས།།

བདག་ནི་འདི་གར་གྲལ་གྱི་ཐ་མ་སྟེ།།
ད་ནངས་ཉི་མའི་སྐྱེ་བ་རྡུགས་པོ་ཡིན།།
ཚོར་བའི་གཏིང་ལ་འཇུས་ཤིང་ཕྱི་ལ་འཐིམ།།
སྲོད་ཁའི་ཉི་འོད་དབྲག་ཏུ་སྤྲིན་བཞིན་འཁོར།།

བྱེའུ་ནམ་མཁར་ལྡིར་བའི་ད་ཚོད་ལ།།
"ཕ་ཡུལ"་ཞེས་པའི་ཁ་བྱང་རིའི་ངོཊ་བབ།།
ཉི་འོད་གསལ་མ་གསལ་གྱི་ནམ་མཁའ་ཡང་།།
ད་ཞག་"ཕ་ཡུལ"་དྲན་པའི་གདུང་བ་འོ།།
༢༠༡༥_༤_༡༧ནུབ་མོར་གྲུབ།

ཚོར་བའི་ཁ་དོག

ཚོར་བའི་ཁ་དོག་རྨང་ནས་བོར་ཏེ་སོང་།།
ལམ་འགྲམ་ཐལ་བ་མང་པོས་ཟུར་ཟ་བྱེད།།  

མེ་ཏོག་མང་པོའི་འགྲམ་གྱི་བུད་མེད་ཝེ།།
འཇིག་རྟེན་སྐྱ་སྐྱ་ནང་ལ་འཁྱུག་ཤོག་གོ།

ཀྱེ་མ་མདང་ནུབ་རྨི་ལམ་འཁྲུལ་བ་དེས།།
བདག་ནི་འཁོར་བའི་གཏིང་གི་རི་མོ་བྱས།།

མི་གཞིའི་གཏིང་གི་ལྷན་པ་སྐྱ་བོ་དེར།།
དཔའ་སྐད་ངར་མ་ཞིག་གི་ཤ་ཚུགས་བྱུང་།།

དེ་ལ་མེ་ཏོག་འཚིག་པའི་གདུང་བ་ཡོད།།
དེ་ལ་སྤྲིན་པ་ངུ་བའི་མིག་ཆུ་བདོག།

གནམ་ནི་སུ་ལའང་དབང་བའི་འཇིག་རྟེན་ཏེ།།
ཁྱེད་ཚོར་གཤོག་པ་ཡོད་ན་མཁའ་རུ་འཕག།

དོ་ནུབ་གནམ་ངོ་ཅུང་ཟད་ནག་ན་ཡང་།།
ང་ནི་སྐར་མའི་ཟོལ་གྱིས་གང་སར་རྩེན།།
__༢༠༡༥_༤_༡༨ནུབ་མོར།  

ཞོགས་པ།

ཉི་མའི་འོད་ཀྱིས་སྒེའུ་ཁུང་འབུད་རྒྱག་གཏོང་།།
ཆུ་ཚོད་ཏིང་སྒྲ་མངས་པོ་རྣ་རྩར་འོང་།།

རྨི་ལམ་ངན་ངོན་དེ་ཡང་གློ་བུར་གྲོལ།།
ཞོགས་ཚིགས་འདི་ནི་མནའ་མིའི་སྐད་ཆ་ཡིན།།

ཞོགས་ཇའི་ཁ་ན་ཚིག་གི་རྨི་ལམ་འཁོར།།
ལས་དང་ལམ་གྱིས་འོང་བའི་རྨི་ལམ་འཁོར།།

བདེན་དང་སྟོབས་ཀྱིས་གྲུབ་པའི་ཡི་གེ་ཤར།།
ཡིད་བརྙན་འདི་ཀོ་སྲིད་པའི་སྣང་བ་ཉིད།།

དེ་ཚེ་ཕོར་བའི་ཟུར་ནས་རྒྱང་ལ་བལྟས།།
དེ་ཚེ་བདག་ལ་རེ་བ་ཅུང་ཟད་མཆི།།
༢༠༡༥_༤_༡༨་ཉིན།

དད་པ།

བག་ཆགས་རྙིང་རལ་ལུས་ལ་འགོས་པས་ན།།
དད་པ་ཞེས་པའི་མེ་ཏོག་འཚིག་རོ་འཁྲུངས།།

ང་རང་གྲུང་པོ་མེད་པའི་རྒྱུ་མཚན་གྱིས།།
མིག་གིས་རིག་ཚད་པོ་ལ་ཐོད་པ་གཏུགས།།

ཀླད་པ་ཅུང་ཟད་གསལ་བའི་ཉིན་དཀྱིལ་དུ།།
ངས་ནི་རང་གིས་རང་ལ་ཁ་རྡུང་གཏོང་།།

ང་རང་གླེན་རྟགས་བདོག་པའི་ངོས་ཤིག་ནས།།
གསལ་ལ་མི་གསལ་བ་ཞིག་རང་ལ་སྨད།།

ད་ཞག་མྱི་རྣམས་ཀུ་རེ་རྩེད་སྟངས་མཁས།།
ང་ཅག་རྐང་ལག་གཡུགས་སྟངས་མི་འདྲ་འོ།།
༢༠༡༥_༣_༡༣ཉིན་ཐོལ་བྲིས།

སྣང་བ་དགུ་འཁོར་མ།

སྲིད་པ་ཅེས་པ་དབྱར་ཁའི་ཕྱེ་ལེབ་སྟེ།།
སྐབས་རེར་སྡུག་ཅིང་ལན་རེར་རུས་པ་བཀྱ྄ོཊ།།
མི་མངོན་ཡུལ་ཕྱོཊ་གང་སར་གཤཊ་པར་བྱེད།།
རླུང་བུའི་མདུན་གྱི་འཁོར་ལོ་རྩེ་དགུ་འོ།།

དབྱར་ཁ་ཟེར་བའི་ཐ་སྙད་ཡག་མོ་མ།།
ཐག་རིང་ཐག་རིང་ཞིག་ནས་བསིལ་བསིལ་འོང་།།
མགྲོན་པོ་སྐེ་རྒྱན་ཅན་གྱི་རྣ་བ་ལ།།
གཉན་ན་ཆོག་མི་ཤེས་པའི་དབྱངས་ཤིག་འཁོར།།

སྙན་ངག་རྐང་པ་ཞ་བའི་ནངས་མོ་དེར།།
ཚོར་བ་ཐམས་ཅད་ལ་ལུང་གང་སར་བུད།།
ད་ལོ་དགུན་གཞུང་འཁེལ་བའི་གནས་ལུཊ་ཀྱིས།།
རྒན་པོ་སྐྲ་དཀར་ཅན་ཡང་འདར་སིག་རྒྱག།

རི་གྲོང་གནའ་ཉམས་ཅན་གྱི་རྒྱབ་ངོགས་སུ།།
ད་ནངས་ཉི་མས་གནའ་གཏམ་མཚར་པོ་ཕབ།།
རྩ་ལོའི་ངུ་སྐད་འཆོར་བའི་སྤང་གཞུང་གི།
ཕྱེ་ལེབ་དག་ནི་ཉི་འོད་དབྲག་ཏུ་དགོད།།

འདི་འདྲའི་ཡིད་བརྙན་མང་བའི་དོ་ཞག་དག།
ངུ་ན་མི་འགྲིག་བགད་ན་མི་འཚམས་ཀྱང་།།
ཨ་ཉོག་དོ་ཁ་རལ་བའི་གནས་ལུཊ་ཀྱིས།།
ལམ་ཟུར་དག་ལ་གཅེན་པ་ཅུང་ཟད་ཤོར།།
_༢༠༡༥_༡_༣ཉིན།


ས་མཐའི་སྙན་ངག་པ་ལི་ཐང་དབྱིག་གཉེན། སྙན་ངག་པ་དང་། རྩོམ་སྒྲིག་པ། གཞུང་ཆེན་སློབ་གཉེར་བ་བཅས་ཡིན་ཞིང་། མིང་གཞན་ལ་ལི་སྨྱོན་མ་ཧཱ་ཀཱ་ལ་སོགས་འབོད། ཕྱི་ལོ ༡༩༨༨ ཡས་མས་སུ་ཁམས་ལི་ཐང་དུ་སྐྱེས་ཤིང་། ཕྱི་ལོ་ ༢༠༠༦ ལོར་ཕྱི་ཕྱོགས་སུ་ཕེབས།ཆུང་དུས་ནས་རྩོམ་འབྲིའི་འདུན་པ་ཆེ་བའི་དབང་གིས་སློབ་གཉེར་གྱིས་ད་བར་དཔྱད་རྩོམ་དང་སྙན་ངག་སོགས་རྩོམ་ཡིག་བརྒྱ་མ་ཟིན་ཙམ་ཞིག་བྲིས།ཁོང་གིས་ཕྱི་ལོ ༢༠༡༠ ལོར་ཚོད་ལྟའི་སྙན་དེབ་༼རྣམ་ཤེས་འཁྱམ་པོ༽་དང་། ཕྱི་ལོ་ ༢༠༡༣ ལོར་༼གྲིབ་ནག༽་ཅེས་པའི་སྙན་ངག་གི་དེབ་གཉིས་སྤྱི་ཚོགས་སུ་འགྲེམས་སྤེལ་གནང་ཞིང་། ད་ལྟ་རྒྱ་གར་ལྷོ་ཕྱོགས་སུ་ནང་ཆོས་ལ་སློབ་གཉེར་བྱེད་བཞིན་ཡོད་པ་དང་། ཆིག་སྒྲིལ་དུས་དེབ་དང་དྲ་བའི་རྩོམ་སྒྲིག་པའང་གནང་བཞིན་ཡོད།

ཡོང་ཁུངས། ངེད་དྲྭ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།