ThuJunThu2017

སྤེལ་དུས་མཐའ་མ།11:49:25 AM GMT

རྩོམ་གསར།:

འབྲུག་མོ་ཐར་གྱི་སྙན་ཚོམ།

དུས་ཀྱིས་འགྱུར་ལྡོག་ཞིག་གིས། ཡིད་འོང་སྐྱེས་མོའི་ཚལ་གྱི།

དེ་རིང་གི་ངའི་སེམས་པ།

དེ་རིེང་གི་ངའི་སེམས་པར་འདི་དག་མཆིས
སུས་ཀྱང་རྟོགས་དཀའ་བའི་གབ་ཚིག་ཅིག
ནམ་ཡང་བརྗེད་དཀའ་བའི་སྐྱོ་གར་ཞིག
གང་གིས་ཀྱང་བཅོས་མི་ནུས་པའི་ན་ཟུག་ཅིག

གདུང་བས་བཏུམས་པའི་ཕྱིར་དྲན་ཞིག
ཅིས་ཀྱང་འགོག་ཏུ་མེད་པའི་དངངས་འཚབ་ཅིག
ད་དུང་རྫོགས་ཚིག་དབེན་པའི་འདང་རྒྱག་ཅིག
དེ་བས།   དེ་རིང་གི་ངའི་སེམས་པ་འདི
ཧ་ཅང་མུན་ནག་གི  རྨི་ལམ་འཇིགས་པོ་ཞིག་སྟེ
དྲག་ཏུ་ལྡང་བའི་མཚན་མོའི་རླུང་འཚུབ་ཅིག་ལས་མ་འདས།

དེ་རིང་གི་ངའི་སེམས་པ་འདི
ངུ་བཞིན་འདུག  ཁེན་ས་དང་བསྙལ་ས་མེད་པར
ཕ་གའི་གྱང་རྩ་གན་ན།  མགོ་བོ་རྩིགས་ངོགས་སུ་བརྡབ་ཀྱིན་ངུ་བཞིན་འདུག
ཁེར་རྐྱང་དུ་ངུ་བཞིན་འདུག  ཁུ་སིམ་སིམ་ངང་ངུ་བཞིན་འདུག
དེ་རིང་གི་ངའི་སེམས་པ
ལས་དབང་སྐྱུར་མོ་ཞིག་གིས་ངུ་རུ་བཅུག
རྒྱུ་འབྲས་གཤེད་པོ་འགས་ངུ་རུ་བཅུག
དྲི་རྟགས་སྒམ་པོ་འགས་ངུ་རུ་བཅུག
དྲིས་ལན་འཁྱོག་པོ་འགས་ངུ་རུ་བཅུག

དེ་རིང་གི་ངའི་སེམས་པ
དྲང་བདེན་དང་འདྲ་མཉམ
ཞི་བདེ་དང་བྱམས་བརྩེ་ཡི་ཆེད་དུ
ངུ་བཞིན་འདུག
ཕ་རོལ་དེ་ན
གཡོ་སྒྱུ་དང་བརྙས་བཅོས
ཕྲག་དོག་དང་འགྲན་རྩོད་ཀྱི་ཆེད་དུ
ངུ་བཞིན་འདུག
དེ་རིང་གི་ངའི་སེམས་པ
ད་དུང་ངུ་བཞིན་འདུག
སུ་ཞིག་གིས།  ངའི་མིག་ཆུའི་ཕྲེང་ཐག་འདི་གཅོད་ཐུབ་བམ
ནམ་ཞིག་ལ།   ཁ་སང་གི་འཛུམ་མདངས་དེ  སླར་ཡང་འཆར་རམ
ཅིའི་ཕྱིར།  མིའི་བདེ་སྐྱིད་མི་ཡིས་འཕྲོག་གིན་ཡོད་དམ
དེ་རིང་གི་ངའི་སེམས་ལ
དྲི་རྟགས་ལས་དྲིས་ལན་མེད་པས
ང་
འདི་ལྟར་ངུ་བཞིན་ཡོད།

༣་༡༠ དེ་རིང་གི་ངའི་སེམས་པ།
དེ་རིེང་གི་ངའི་སེམས་པར་འདི་དག་མཆིས
སུས་ཀྱང་རྟོགས་དཀའ་བའི་གབ་ཚིག་ཅིག
ནམ་ཡང་བརྗེད་དཀའ་བའི་སྐྱོ་གར་ཞིག
གང་གིས་ཀྱང་བཅོས་མི་ནུས་པའི་ན་ཟུག་ཅིག
གདུང་བས་བཏུམས་པའི་ཕྱིར་དྲན་ཞིག
ཅིས་ཀྱང་འགོག་ཏུ་མེད་པའི་དངངས་འཚབ་ཅིག
ད་དུང་རྫོགས་ཚིག་དབེན་པའི་འདང་རྒྱག་ཅིག
དེ་བས།   དེ་རིང་གི་ངའི་སེམས་པ་འདི
ཧ་ཅང་མུན་ནག་གི  རྨི་ལམ་འཇིགས་པོ་ཞིག་སྟེ
དྲག་ཏུ་ལྡང་བའི་མཚན་མོའི་རླུང་འཚུབ་ཅིག་ལས་མ་འདས།

དེ་རིང་གི་ངའི་སེམས་པ་འདི
ངུ་བཞིན་འདུག  ཁེན་ས་དང་བསྙལ་ས་མེད་པར
ཕ་གའི་གྱང་རྩ་གན་ན།  མགོ་བོ་རྩིགས་ངོགས་སུ་བརྡབ་ཀྱིན་ངུ་བཞིན་འདུག
ཁེར་རྐྱང་དུ་ངུ་བཞིན་འདུག  ཁུ་སིམ་སིམ་ངང་ངུ་བཞིན་འདུག
དེ་རིང་གི་ངའི་སེམས་པ
ལས་དབང་སྐྱུར་མོ་ཞིག་གིས་ངུ་རུ་བཅུག
རྒྱུ་འབྲས་གཤེད་པོ་འགས་ངུ་རུ་བཅུག
དྲི་རྟགས་སྒམ་པོ་འགས་ངུ་རུ་བཅུག
དྲིས་ལན་འཁྱོག་པོ་འགས་ངུ་རུ་བཅུག

དེ་རིང་གི་ངའི་སེམས་པ
དྲང་བདེན་དང་འདྲ་མཉམ
ཞི་བདེ་དང་བྱམས་བརྩེ་ཡི་ཆེད་དུ
ངུ་བཞིན་འདུག
ཕ་རོལ་དེ་ན
གཡོ་སྒྱུ་དང་བརྙས་བཅོས
ཕྲག་དོག་དང་འགྲན་རྩོད་ཀྱི་ཆེད་དུ
ངུ་བཞིན་འདུག
དེ་རིང་གི་ངའི་སེམས་པ
ད་དུང་ངུ་བཞིན་འདུག
སུ་ཞིག་གིས།  ངའི་མིག་ཆུའི་ཕྲེང་ཐག་འདི་གཅོད་ཐུབ་བམ
ནམ་ཞིག་ལ།   ཁ་སང་གི་འཛུམ་མདངས་དེ  སླར་ཡང་འཆར་རམ
ཅིའི་ཕྱིར།  མིའི་བདེ་སྐྱིད་མི་ཡིས་འཕྲོག་གིན་ཡོད་དམ
དེ་རིང་གི་ངའི་སེམས་ལ
དྲི་རྟགས་ལས་དྲིས་ལན་མེད་པས
ང་
འདི་ལྟར་ངུ་བཞིན་ཡོད།
༣་༡༠

རྩྭ་ཐང་དྲན་པ།

བདག་ནི་རང་དབང་ཞི་བདེ་གླིང་དུ་གནས་ན་ཡང༌།།
ཕ་རོལ་ཕ་བང་འོག་གི་རྩྭ་ཐང་དྲན་ནས་ཡོད།།
བདག་གི་སེམས་ནི་སྡོད་ཚུགས་བྲལ་བའི་ལུ་གུ་ཞིག
མ་མོའི་བརྩེ་བ་དྲན་པའི་མིག་ཆུ་འགོག་ཐབས་བྲལ།།

གླག་རྒོད་མཁའ་རུ་ལྡིང་ཞིང་ཧམ་སྡེར་སྲིང་བའི་ཚེ།།
ལུག་ཕྲུག་སྙིང་ཆུང་དམར་པོའི་འཕར་ལྡིང་རྒོད་ཅིང་རྒོད།།
ལུག་མའི་དངངས་སྐྲག་ཕྲ་ཆུང་མིག་ནས་གསལ་ན་ཡང༌།།
གེ་སར་ལུག་རྫིའི་འུར་རྡོ་རྣོ་ངར་མཚོན་གྱིས་བཅད།།

མཛེས་ལྡན་རྩྭ་ཐང་ལུག་ཁྱུའི་ལོངས་སྤྱོད་ཡིན་ན་ཡང༌།།
ལུག་ཤ་ཚོན་པོ་དེང་རབས་སྤྱང་ཀིའི་ཁ་ཟས་གྱུར།།
མུ་མེད་མཁའ་དབྱིངས་སྔོན་ཆད་འཇའ་ཚོན་ཉིད་ཀྱིས་བརྒྱན།།
དེ་རིང་དུག་རླུང་སྟུག་པོས་ཡོངས་སུ་བཏུམས་ཤིང་བཀག།

དྭངས་གཙང་ཆུ་མིག་འོ་མ་ལས་ཀྱང་ཞིམ་པ་དེ།།
ད་ནི་གཏེར་བཙག་རྫས་ཁུ་ངན་པས་གཏིང་ནས་འབགས།།
གསེར་ཉས་འཇོ་སྒེག་ཞབས་བྲོ་འཁྲབ་སའི་གཙང་བོ་ཡང༌།།
དེང་སང་ཉ་རྒྱ་བཟུང་བའི་སྤྱང་རྒན་རྐྱང་རྐྱང་འཚོ།།

འདི་ནི་ལྡོག་ཏུ་མེད་པའི་འགྱུར་བ་ཡིན་སྲིད་རུང༌།།
གང་ལྟར་སེམས་ཀྱི་རྨ་ཁར་བྲིས་པའི་རི་མོ་ཞིག
ནམ་ཡང་བརྗེད་ཐབས་བྲལ་བའི་སྤྱང་ཀིས་བརྙས་བཅོས་ཤིག
རྟ་ཕོ་མདུན་དུ་མཆོང་བྱེད་གཞན་དབང་རྟ་ལྕག་ཅིག
༢༠༡༥།༠༣།༠༡

འོད་དེ

ཤར་ཕྱོགས་རི་བོའི་རྩེ་ནས
བཀྲག་མདངས་རྒྱས་ཤིང་འཕྲོས་སོང
བྱིན་རླབས་དང་གཟི་བརྗིད
བསྣམས་ནས་འཚེར་སོང༌།

འོད་དེ
ཕྱོགས་རིས་མེད་པར་འཕྲོས་སོང
མཁའ་དབྱིངས་སུ་ཁྱབ་སོང
ས་གཞི་རུ་ཐིམས་སོང༌།

འོད་དེས
ཡངས་ཤིང་རྒྱ་ཆེ་བའི་འཛིན་མའི་སྟེང་གི
རྒྱུ་དང་མི་རྒྱུ་ཀུན་ལ
དྲོད་ཁོལ་དང་འཚོ་བ
ཞི་བདེ་དང་ལྷིང་འཇགས
ད་དུང  བྱམས་པ་དང་བརྩེ་བ
མདོར་ན  འཇིག་རྟེན་འདིའི་ཆེས་རིན་ཐང་བྲལ་བའི
ནོར་བུ་ངོ་མ  བདེ་སྐྱིད་རྣལ་མ་དེ་གནང་སོང༌།

འོད་དེ
སྦྲིན་ནག་ཅི་ཙམ་འཁྲིགས་ཀྱང
མུན་པ་ཅི་འདྲའི་སྟུག་ནའང
ད་དུང་  སྔར་བཞིན་བཀྲག་ལ་འཕྲོ༌།

འོད་དེར
ནམ་ཡང་  ང་ཚོས་སེམས་ཁུངས་ནས་འདུད་ལ
སྙིང་དབུས་ནས་དུངས།
༢༠༡༤།༡༢།༠༣

ལྷགས་རླུང་ལྡང་སྟངས་ཤིག་གིས།།

ཁྭ་ཏའི་གཏམ་ངན་ཐོས་བྱུང༌།།
སེམས་ཀྱི་གཏིང་རིམ་ཞིག་ནས།།
སྤྲིན་ནག་ལྷོག་ལྷོག་འཁྲུག་སོང༌།།


མེ་ལྕེ་འཁྱུག་སྟངས་ཤིག་གིས།།
མཛེས་པའི་སྤང་ལྗོངས་ཚིག་སོང༌།།
ཉེས་མེད་འབུ་སྲིན་ཚེ་སྲོག།
དོན་མེད་ངང་གིས་ཤོར་ཐལ།།

དུས་ཀྱིས་འགྱུར་ལྡོག་ཞིག་གིས།།
ཡིད་འོང་སྐྱེས་མོའི་ཚལ་གྱི།།
མེ་ཏོག་མཐོང་བ་དཀོན་སོང༌།།
གཡུ་སྤྲང་སེམས་པ་སྐྱོ་བྱུང༌།།

དུས་དང་ལྷགས་རླུང་བར་ནས།།
མི་ཚེ་མར་མེའི་རང་བཞིན།།
མེ་ལོང་ནང་ནས་མཐོང་བྱུང༌།།
མྱོང་བའི་ཁྲོད་ནས་ཚོར་སེང༌།།

མྱི་ཚེ་རྟ་རྔ་འདྲ་བོ།།
རིང་གི་རིང་གི་མ་བསམ།།
ནམ་འཆི་ངེས་པ་མེད་པས།།
གསོན་དུས་དོན་བཟང་སྒྲུབས་དང༌།།

དོན་གྱི་བདེ་སྐྱིད་ཟེར་ནས།།
ཐག་རིང་ཐག་རིང་ཞིག་ལ།།
སྟོངས་བསམ་རེ་ལྟོས་མ་མང༌།།
སེམས་ངལ་འབྱུང་བའི་རྒྱུ་རེད།།

མདུན་གྱི་བདེ་སྐྱིད་གང་དེ།།
སྣང་མེད་ངང་གིས་མ་རློགས།།
མནོ་བསམ་སྔོན་ལ་གཏོང་དང༌།།
གནད་དོན་རྗེས་སུ་རྟོགས་ཡོང༌།།
༢༠༡༥།༠༢།༡༥

རྩ་བའི་བླ་མ།

ངོ་མཚར་ཞལ་འཛུམ་ཨུཏ་པལ་གཟི་འོད་སྐྱེས་མའི་ཚལ་ནས་མཛེས་པར་བཞད།།
རྐང་གཉིས་གཡུ་སྦྲང་ཚོགས་ཀྱིས་སྣང་བྱེད་པདྨའི་ཟེའུ་འབྲུ་ངོམས་མེད་རོལ།།
རྨད་བྱུང་གསུང་གི་བདུད་རྩི་བསིལ་མ་དུས་ཐོག་སྦྲང་ཆར་ངང་གིས་བབས།།
ཚ་གདུག་གདུང་བ་ལྕི་མོས་མནར་བའི་སྣོད་བཅུད་སྐོམ་པ་ངང་གིས་སེལ།།

རྨད་བྱུང་སྣ་འཛོམས་ཆོས་དང་འཇིག་རྟེན་ཤེས་བྱ་རིག་པའི་བང་མཛོད་དང༌།།
བཏང་སྙོམས་འདྲེན་བྱེད་ཉི་འོད་ཟུང་གིས་འཛིན་མའི་མུན་པ་ཡོངས་སུ་སེལ།།
དྭངས་གཙང་ཐུགས་བརྩེ་ཡན་ལག་བརྒྱད་ལྡན་འོ་མཚོའི་མར་ཁུའི་སྙིང་བཅུད་དེས།།
སྐྱམས་མེད་གནས་མེད་དྭ་ཕྲུག་དག་ལ་དབྱེར་མེད་བྱམས་ཀྱིས་དམ་པོར་སྐྱོང༌།།

དྲི་མེད་བྱམས་ལྡན་བྱང་ཆུབ་སེམས་ཀྱི་མཐུ་ཡིས་འགྲོ་ཀུན་བདེ་ལ་བཀོད།།
རབ་འཇམ་བལ་དཀར་གཤིས་དེས་འཇིག་རྟེན་མི་ལ་ཞི་བའི་དཔེ་བཟང་བསྟན།།
འོད་སྟོང་འཕྲོ་བའི་སྐུ་གསུང་ཐུགས་ཀྱི་རབ་མཛེས་འཇའ་མཚོན་ཤར་བའི་ཚེ།།
འཛིན་མེད་རྒྱུ་དང་མི་རྒྱུ་ཀུན་གྱི་ཞལ་ལ་དགའ་སྤྲོའི་འཛུམ་མདངས་འཕྲོ།།

རབ་ཟབ་ཤེས་རབ་རྒྱ་མཚོ་དེ་ཡི་ཚད་མེད་དངོས་དོན་སུ་ཡིས་རྟོགས།།
རབ་ཡངས་ཐུགས་དགོངས་ཀུན་གསལ་མེ་ལོང་མུ་མཐའ་བྲལ་ལ་སུ་ཡིས་འགྲན།།
དགེ་ལེགས་ཡོན་ཏན་ཀུན་གྱི་བདག་ཉིད་གངས་རིའི་སྲས་མཆོག་འཛམ་གླིང་མགོན།།
སངས་རྒྱས་ཁོང་གི་འཕྲིན་ལས་རྒྱས་ཤིང་སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག།
༢༠༡༥།༠༤།༡༠


དངོས་མིང་འབྲུག་མོ་ཐར། ཕ་ཡུལ། ཨ་མདོ་བླ་བྲང༌།

ཡོང་ཁུངས། ངེད་དྲྭ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།