TueMayTue2017

སྤེལ་དུས་མཐའ་མ།06:49:09 AM GMT

རྩོམ་གསར།:

མེ་ལྕེ་ཡི་སྙན་ཚོམ།

རེ་བའི་རྨི་ལམ་ལྡན་ཚེ། ས་སྲོད་མུན་པ་མི་རིང་།

གདོང་འབག

___ སློབ་གྲོགས་ཞིག་ལ་ཕུལ་བ།

ངས་རེ་ལྟོས་བྱེད་པ་དེར།
འཇའ་ཚོན་ཞིག་དང་མཚུངས་ན།
ཡལ་བཞིན་འདར་བའི།
སྐར་ཕྲན་ཅིག་ལའང་མི་དོ།

འོན་ཀྱང་ཁྱེད་ཉིད།
སྟོང་སྣང་གི་བྱེ་ཐང་ཞིག་གྱུར་ཚེ།
ང་ནི་མཚོན་རྟགས་ཤིག་སྟེ།
དྭངས་གཙང་གི་སྦྲང་ཆར་མཚོན།
ང་ཚོས་སྐྱོ་འཛུམ་དང་མིག་ཆུ།
རྟོག་སྣང་གི་ཁྱེད་ལ་གཏོར།
ངའི་ལས་དབང་གིས།
ཁྱེད་རང་འཚོལ་གྱིན་ཡོད་ལ།
དེ་ནི་སྒྱུ་མའི་རྟ་གླང་ཞིག་དང་མཚུངས།
ཕྱིའི་བལྟས་ཚོད་ལ།
ཁྱེད་ཀྱི་མིག་འོད་ལས།
རྟོག་དཀའ་བའི་ཆུ་ཐིག་ཤིག་མངོན་འདུག
དེ་སུ་ཡིན་ནམ།
གདོང་འབག་གྱོན་འདུག
ང་ལ་མཚོན་ན་དེ་གལ་ཆེན་ཞིག་མིན་ན་ཡང་།
ངའི་བསམ་པར།
དྲན་ཞིང་བརྗོད་ཐུབ་ཀྱིན་མེད་པ་ནི།
གཅིག་མཚུངས་ཡིན་པ་དེ་ཁོ་ནའོ།
༢༠༡༥/༥/༡༧

དཔྱིད་ཀྱི་བུ་མོ།

ས་གཞི་ཧྲིལ་པོས་ལྗང་མདོག་གི་ལྭ་བ་གྱོན་ཏེ།
བསིལ་རླུང་དང་ལྗོན་པའི་གར་གྱིས།
མྱུ་གུ་བསུ་བ་བྲེལ་ལ།
ནམ་མཁའ་དང་སྤྲིན་གྱི་ཕོ་ཉས།
སྦྲང་ཆར་བསུ་བའི་སྟ་གོན་བྱེད་ཀྱིན་འདུག  
ཡིན་ནའང་།
ཕ་ཡུལ་གྱི་དཔྱིད་ཀྱི་བུ་མོས།
ཁོ་བོ་བསུ་བའི་དྲན་སྣང་མེད་ལ་ཞེ་སྣང་འང་མེད།
ཁུ་སིམ་སིམ་གྱི་དཔྱིད་ཀའི་བུ་མོ།
ན་ནིང་གི་ལོ་དེར།
སློབ་གྲོགས་ཚོ་དང་ལྷན་དུ།
ཁྱེད་ཀྱི་རོལ་དབྱངས་ཀློང་དུ་འཛུམ་མདངས་དང་དགོད་སྒྲའི་འཐིམ་པའི་སྣང་བརྙན་དེ།
འཇའ་ཚོན་བཞིན་འདར་འགྲོ་བ་ཡིན་ནམ།
ཡང་ན།  
གསང་རྒྱ་བཞིན་ཉལ་འདུག་པ་ཡིན།
ཁོ་བོས་དྲན་ཐེངས་རེ་རེའི།
སེམས་ཀྱི་ལྷུན་པོ་སོང་མཐའ་མེད་པར་སྨུག་སྤྲིན་འཐིམ་པའི།
ལུས་ཀྱི་ལང་ཚོས་བཟོད་པར་དཀའ་བས།
བསིལ་རླུང་ཁྲོད་ཀྱི་དར་ལྕོག་ལྟར་ཆས་སྲིད།
ཕ་ཡུལ་གྱི་དཔྱིད་ཀའི་བུ་མོ།
༢༠༡༥/༤/༢

བང་སོ་ནང་གི་སྙན་ངག

དྲག་ཆར་དང་བུ་ཡུག་འཐབ་པའི་ཁེར་
རྐྱང་གི་གྲུ་ཆུང་སྟེ།
བྱེའུ་དང་སྦྲང་མས་བྲོ་གར་འཁྲབ་པའི་
རྩེད་ར་ཆུང་ཆུང་ཞིག  
དགའ་བ་དང་སྐྱོ་བའི་རེས་མོ་བྱེད་པའི་རྣམ་ཤེས་ཕྲ་མོའི།
དུས་གཏན་དུ་འཚོ་བའི་ཁྱིམ་གཞི་དྲོན་མོ།
ལས་དབང་གིས་བརྒྱུད་པའི་ལམ་བུ་ཁོ་ན།
སྐྱ་ལང་ལོང་གི་བང་སོ་ཨ།
ཁྱོད་ལ་འཁོར་བའི་རྣམ་ཤེས་ཕྲ་མོ།
མཁའ་ལ་འཕྱོ་བའི་རླབས་རྒྱུན་བཞིན།

ཉི་མཚན་འཁོར་མོར་འུར་འུར་
དུ་སྡོད་མ་ཚུགས་པ།
སྐྱོ་སྡུག་གི་ངུ་ངག་གྱེར་བཞིན་བཞུད་ཀྱིན་འདུག
ངས་ད་གཟོད་མི་ཚེའི་བགྲོད་ལམ་
ཀྱག་ཀྱོག་ཡིན་པ་རྟོགས།

བང་སོ་ཡ།
ངའི་འགྲིམ་པ་དང་བློ་སྙིང་བར་ནས།
ཁྱེད་ལ་གདུང་བའི་སྙན་ངག་འབྲི།

ཁྱོད་ནི་ངའི་སྙན་ངག་གི་བརྗོད་བྱ་ཁོ་ན་ཡིན།
ཁྱོད་རང་ནི་ཁོ་བོ་བརྒྱུད་མི་ཚར་བའི་སེམས་ཀྱི་ལམ་བུ་དེ་ཡིན།
2015/5/7

བརྩེ་དུང་།

མཛེས་མའི་དུང་བ་ཟབ་མོས།།
སེམས་ཀྱི་མེ་ལོང་ངོས་སུ།།
བརྩེ་བའི་ཟུངས་ཁྲག་བཞུར་ཚེ།།
འཁོར་བའི་སྡུག་བསྔལ་མི་ཚོར།།

རྫ་རིའི་བརྩེ་སེམས་བརྗིད་པོ།།
དུང་བའི་འདུད་པ་མ་གྲོལ།།
རེ་བའི་རྨི་ལམ་ལྡན་ཚེ།།
ས་སྲོད་མུན་པ་མི་རིང་།།

ཡིད་ཀྱི་དྲན་འཛིན་ངོས་ནས།།
དུང་བའི་ཕྱག་རྒྱ་མ་ལྷོད།།
བརྩེ་བའི་འདུན་མ་མངོན་ཚེ།།
ལུས་ཀྱི་ན་ཟུག་མི་ཚོར།།

དྲན་པའི་གདུང་དབྱངས་གྱེར་བཞིན།།
ལོ་ཟླ་འཁོར་མོར་འགོར་བའི།།
སྐྱོ་བའི་མིག་ཆུ་ཕྲེང་བ།།
ཁྱེད་ལ་གཏད་ནས་འཐོར་སོང་།།
༢༠༡༥/༤/༢༢

འོད་ཟེར་བདུན་པ།

ནམ་མཁའི་གཡུ་འབྲུག་སྔོན་མོས་འཁྱུག་རྩལ་ངོམ།།
ཞགས་པའི་གཟུགས་སུ་བཀོད་པའི་འོད་ཟེར་འཕྲོ།།
ཐུགས་ཀྱི་བརྩེ་བས་ཟིན་པའི་ཁ་ཆར་ལྷུང་།།
ཡན་ལག་འགུལ་སྟབས་མྱུར་བའི་ཞབས་བྲོ་ཞིག།

དཔྱིད་ཀའི་ཕོ་ཉ་བསུ་བའི་གསོལ་སྟོན་དུ།།
སྤྲིན་གྱི་འོད་ཟེར་འདར་བས་གནམ་ས་འགུལ།།
ལང་ཚོའི་བརྩེ་མདངས་མངོན་པའི་སྨྱུ་གུ་འཁྲུངས་།།
འོད་ཟེར་བདུན་པ་འཆར་བའི་དུས་ཚིགས་ཤིག།

ཞོགས་པའི་ཉི་འོད་འཇམ་པོའི་ལང་ཚོ་གཟིམས།།
མུན་པའི་སྲང་ལམ་ཕྲ་མོའི་དར་སྐུད་བརྒྱུད།།
འཛུམ་པའི་འོད་མདངས་ཕྱུང་བའི་ས་སྲོད་དེ།།
རོལ་དབྱངས་ཀློང་དུ་འཐིམ་པའི་ཉམས་འགྱུར་ཞིག།

ཟླ་བས་དྭངས་གཙང་འཐུངས་པའི་རོ་མངར་གྱིས།།
རླུང་གི་ལྷོད་ཤ་བསྣམས་པའི་རྣོ་སྦྲེང་དཀྲོལ།།
གཙང་བོའི་རྦ་རླབས་འཕྱུར་བའི་བྲོ་གར་ཏེ།།
འོད་ཟེར་བདུན་པ་འཆར་བའི་དུས་ཚིགས་ཤིག།
༢༠༡༥/༤/༤

ཁོ་བའི་སེམས་པ།

མི་རྟག་སྒྱུ་མའི་འཇིག་རྟེན་ཕྲ་མོ།།
ཁོ་བོའི་ཡིད་ཀྱི་དྲན་འཛིན་ངོས་སུ།།
སྨུག་སྤྲིན་འཐིམ་པའི་རླུང་གིས་ཁྱེར་ཞིང་།།
རྫ་རི་ལྷུན་པོའི་དར་ལྕོག་གཡོར་བཞིན།།

སྲིད་པའི་དུས་ཚིག་འདར་བག་ཁྲོད་ནས།།
སྨྱུ་གུ་གསར་བའི་ལང་ཚོ་འབུལ་ཚེ།།
ཡབ་ཆུང་སེམས་ཀྱི་མེ་ལོང་དབུས་སུ།།
ཁོ་བོའི་ཚོར་སྣང་འཇའ་མཚོན་ཡལ་བཞིན།།

ས་སྲོད་ཟླ་བའི་དཀྱིལ་འཁོར་འདར་བའི།།
མུན་པ་ནག་པོའི་འོལ་ཚོད་གཏོར་ཡང་།།
ཁོ་བོའི་དུངས་སེམས་ཡོལ་བ་ནག་པོ།།
ཙག་ཙིག་རྡོ་ལ་རི་མོ་བརྐོས་བཞིན།།
༢༠༡༥/༣/༢༦


ཁོ་བོ་ནི་སྤྱི་ལོ༡༩༩༥ལོའི་སྤྱི་ཟླ་༩པའི་སྤྱི་ཚེས་༢༨ཉིན་སྐྱེས་ལ། ཕ་ཡུལ་དཀར་མཛེས་ཁུལ་སེལ་ཤུལ་རྫོང་འདན་མ་ནས་ཡིན། དངོས་མིང་ལ་བཀྲ་ཤིས་དགེ་ལེགས་འབོད། ད་ཡུལ་དུང་དཀར་ལྔ་རིག་སློབ་གླིང་དུ།

ཡོང་ཁུངས། ངེད་དྲྭ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།