SatAugSat2017

སྤེལ་དུས་མཐའ་མ།05:18:50 AM GMT

རྩོམ་གསར།:

པདྨ་དོན་འགྲུབ་ཀྱི་སྙན་ཚོམ།

ཁྱེད་རང་མེད་པའི་ལོ་ཟླ། བསམས་ན་སྡུག་གི་རྒྱུ་རེད།

སྒེར་དོན་གྱི་ཆེད་དུ།

ཉི་ཟླའི་འཆར་ནུབ་བར་འཚོ་བའི་མི་བུ་འདི་དག་གིས
རང་ཉིད་ནི་འཇིག་རྟེན་འདིའི་མགྲོན་པོ་ཡིན་པ་བརྗེད་སོང་བ་འདྲ  
ཁྱོད་ནི་ཉི་ཟླའི་འཆར་ནུབ་དང་མི་མཚུངས་ཏེ་དུས་ཚོད་ཀྱི་འདུར་རྒྱུགས་ཁྲོད་ནས

རང་ཉིད་སུ་ཞིག་གིས་འཁྲིད་གྱིན་ཡོད་པ་ཤེས་པར་གྱིས་དང་དེ་ནི་ང་ཚོ་འགྲོ་མི་འདོད་ས་དེ་རེད
སྒེར་དོན་ལ་བྲེལ་བའི་ང་ཚོས   
ལས་ལས་པའི་མཐའ་མ་དེར་ཡོད་ཚད་ཤུལ་དུ་བཞག་ནས་ཕྱིར་མིག་ཙམ་ཡང་འཕེན་མི་ཐུབ་པ་ཤེས་བཞིན་དུ   ད་དུང་བྱ་བ་ཙག་ཙིག་ཞིག་གི་གོ་རིམ་ཁྲོད་ནས་རང་ཉིད་འབོར་གྱིན་པ་དེ་ཤེས་གི་མི་བདའ

ངས་ཐོས་ཚོད་ལྟར་ན་ཁ་ཆེའི་ཕྱུག་བདག་ཞིག་ཤི་སོང་ཟེར
ཕ་ཆེར་ཚོང་བ་ཞིག་ཡིན་སྐད
འགྲོ་ཁར་རོ་སྒམ་ཞིག་ལས་ཅི་ཡང་མེད་ཟེར
རྒྱ་ནག་གི་འགོ་བ་ཞིག་ཡང་ཞིག་ཤི་སོང་ཟེར
ཕ་ཆེར་མཐོན་པོ་ཞིག་ཡིན་སྐད
འགྲོ་ཁར་བདག་པོས་ཤོག་བུ་འགའ་རླུང་ལ་བསྐུར་བ་ལས་ཅི་ཡང་མ་འཐོང
ས་སྐྱའི་སྤྲང་བོ་དེ་ཡང་ཤི་སོང་ཟེར
ལག་ཏུ་འཕྲེང་བ་ཟད་པོ་ཞིག་དང་སྐེད་ན་ཚུལ་དྲེག་ཆགས་པའི་སྲུང་འཁོར་སྙིང་བ་ཞིག་ལས་ཅི་ཡང་མི་འདུག་ཟེར

ང་ཚོས་རང་ཉིད་ཀྱི་སྒེར་དོན་དེ་ཁོ་ན་ལས
རྒས་བཞིན་པའི་ཕ་མའི་སྡུག་བསྔལ་མ་ཚོར   
ཕྱག་གི་འཕྲེང་བ་ཇེ་ཟད་ཡིན་པ་མ་ཚོར
ཐོད་པའི་གཉེར་མ་ཇེ་མང་ཡིན་པ་མ་ཚོར
ཁྱེད་ཚོས་རང་གི་གཉེར་མ་དག་མཐོང་ན་དེ་དུས་ཀྱི་ཨ་མ་ཨེ་དྲན་གི
རང་གིས་པང་གི་བྱིས་པ་སྣབ་ལུག་འདི་མཐོང་ན་དེ་དུས་ཀྱིས་ཨ་མའི་པང་གི་རང་ཉིད་ཨེ་དྲན་གི   
ཨ་མས་གནའ་གཏམ་བཤད་པ་དེ་ཨེ་དྲན་གི   
ཨ་མས་སྒྲོལ་མ་འདོན་པ་དེ་ཨེ་དྲན་གི   
ཁྱེད་སློབ་གྲྭར་འགྲོ་ཁར་ཨ་མ་ངུ་བ་དེ་ཨེ་དྲན་གི   
ཐོད་པར་འོ་བྱས་པ་དེ་ཨེ་དྲན་གི
འོན་ཀྱང་ང་ཚོས་ད་ལྟ་འཐོང་ཐུབ་པ་ནི་སུ་ཡིས་ཀྱང་མཐོང་ཆེན་བྱེད་མྱོང་མེད་པའི་ཨ་མའི་ལག་རྟེན་ཆག་པོ་རེད
མཆོད་མདུན་གྱིས་མ་ཎི་འཁོར་ལོ་དེ་རེད   
དུར་སའི་མ་ཎི་བྲིས་པའི་རྡོ་ལོག་དེ་དག་རེད

ནམ་ཡང་སྒེར་དོན་ལ་བྲེལ་བའི་ང་ཚོས
འཇིག་རྟེན་ཡུན་རིང་དུ་གནས་པའི་གནས་ལུགས་རྟོགས་ནའང
རང་ཉིད་ཇ་ཡུན་གཅིག་གི་དུས་ཚོད་ལས་མེད་པ་ཁྱོན་ནས་ཤེས་གྱིན་མི་འདུག  
སྒེར་དོན་འདིའི་ཆེད་དུ་མང་པོ་མང་བོ་ཞིག་ཁ་རོག་གེར་རང་ཉིད་དང་བྲལ་བཞིན་པ་མ་ཚོར  

ཕ་མ་ཞིག་ཕྱུག་རྫ་ནས་ཚར་སོང
བུ་ཆུང་ཞིག་སློབ་གྲྭ་ནས་ཚར་སོང   
བུ་མོ་ཞིག་གནས་ཡུལ་ནས་ཚར་སོང
ང་ཚོ་འདི་ལྟར་ཚར་སོང
རྟ་རྒན་ལོ་ལོན་དེ་འཚེར་བ་མ་ཚོར་བར་ཚར་སོང
གཡག་རྒན་ལོ་ལོན་དེ་ངུར་བ་མ་ཚོར་བར་ཚར་སོང
མ་མོ་ལོ་ལོན་དེ་འབའ་བ་མ་ཚོར་བར་ཚར་སོང
ཁྱི་རྒན་ལོ་ལོན་དེ་ཟུག་པ་མ་ཚོར་བར་ཚར་སོང

མིག་ཆུ་བཞུར་བའི་དགོངས་མོ་དེར།

_____ གྲོགས་པོ་ཞིག་གིས་ཚབ་དུ་རི་རི་གྲོང་བ་ནས།
གླེན་མ
དེ་རིང་ནས་བཟུང་ངས་བརྩེ་བ་ཟེར་བ་འདི་ཧ་གོ་སོང
དུངས་པ་ཟེར་འདི་ཧ་གོ་སོང
བརྩེ་དུངས་ཟེར་བ་འདི་མ་གཞི་ནས་ཁ་རྩོད་ནང་སྦས་ཡོད་ལ་ཁ་རྩོད་རེ་རྒྱབ་ཚར་དུས་ཡོད་ཚད་འགྱོད་པ་ཡིན་པ་གཞི་ནས་ཚོར
འགྱོད་པ་རེ་རེ་ནི་སེམས་ཀྱི་ཟབ་ས་རེ་རེ་ནས་ན་ཟུག་གིས་འཕགས་དུས
མིག་ཆུ་རེ་རེ་ནི་ཁུར་ཚོས་སྐྱ་བོའི་དེའུ་འབུར་བརྒྱུད་དེ
ས་ཆེན་པོའི་སྤང་ལ་ལྷུང་གིན་འདུག
ཁུར་ཚོས་ལས་བརྒྱུད་པའི་མིག་ཆུ་དེ་ནི
དྭངས་ཤིང་གཙང་ལ་དྭངས་ཤིང་གཙང་བའི་མིག་ཆུ་ནི་ཁྱེད་གྱི་ཆེད་དུ་བཞུར་གྱིན་པ་གཞི་ནས་རྟོགས

མིག་ཆུ་ནི་སེམས་ནས་བཞུར་ཞིང་སེམས་ཀྱི་ཟབ་ས་ན་སྦས་ཡོད་པ་ནི་ཁྱེད་ཁོ་ནའོ

རྒྱང་རིང་བའི་ཡུལ་དེ་ལ།

རྒྱང་རིང་ཡུལ་གྱི་བྱམས་པ།།
མ་ཐུག་ཡུན་རིང་འགོར་སོང་།།
ཡུན་རིང་འདྲེས་བའི་བུ་མོ།།
དམར་ཆུང་སེམས་ན་ཡོད་རེད།།

མ་ཐུག་ཡུན་རིང་འགོར་བ།།
ལས་ཀྱི་བྱ་བའི་དབང་རེད།།
ལུས་སེམས་ཤོར་སའི་བུ་མོ།།
རྨི་ལམ་ནང་ན་ཡོད་རེད།།

ལས་གྱིས་གནང་བའི་ལམ་བུར།།
མི་འགྲོ་རང་དབང་མེད་གི།
རང་སེམས་ཤོར་བའི་བྱམས་པ།།
དམར་ཆུང་སྲོག་གི་ལྷག་རེད།།

ཁྱེད་རང་མེད་པའི་ལོ་ཟླ།།
བསམས་ན་སྡུག་གི་རྒྱུ་རེད།།
སྡུག་འདི་སེམས་ལ་བཟུང་ནས།།
ཨེ་འཕྲད་རེ་སྒུག་བྱས་ཡོད།།


ང་ནི་ཕ་ཡུལ་རྩེ་ཁོག་ནས་སྐྱེས་པའི་འབྲོག་ཕྲུག་ཅིག་ཡིན། ངའི་མིང་ལ་པདྨ་དོན་འགྲུབ་དང་སྨྱུག་མིང་ལ་རི་གྲོང་བ། དགའ་ཕྱོགས་སྙན་ངག་འབྲི་རྒྱུ་དེ་ཡིན་ལ། སྙན་ངག་ནི་ང་དགའ་དུས་གྱི་སྙིང་གཏམ་བཤད་ས་དང་སྡུག་དུས་གྱི་མིག་ཆུ་འདོན་ས་དེ་ཡིན་པས་ངས་སྙན་ངག་ནི་རང་གི་གྲོགས་པོ་ཡག་ཤོས་དེ་རུ་བརྩི་བཞིན་ཡོད།

ཡོང་ཁུངས། ངེད་དྲྭ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།