MonMayMon2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

སྐད་ཆ་དེ་ངའི་རྣ་བ་ལ་ཤོང་ཁག་པོ་རེད།

རྩོམ་རིག་མེ་ལོང་གི་ངོས་ནས་བོད་ཀྱི་སྐད་ཡིག་གི་རིན་ཐང་ངོས་འཛིན་གྱིས་མ་འོངས་རྒྱུན་འཁྱོངས་བྱ་ཐབས་དང༌། ལྷག་པར་དུ་བོད་ཀྱི་སྐད་ཡིག་གི་སྤུས་ཚད་གོང་མཐོར་དང་སྐད་ཡིག་གི་ཁོར་ཡུག་གཞི་ཁྱོན་ཇེ་ཆེར་ཡོང་ཐབས། དེ་བཞིན་མི་རབས་གསར་པ་རྣམས་ལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བདག་གཅེས་ཡོང་ཐབས་སོགས་ཀྱི་ཐོག་རྩོམ་པ་པོ་ཁ་བའི་ལྷ་མོ་ལགས་སུ་བཅར་འདྲི་ཞུས་པ་གཤམ་བཀོད་ཡོད་པས་གཟིགས་ཞིབ་གནང་འཚལ།


༡ ༽ ཁྱོད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

ལན། ངའི་དངོས་མིང་ལ་ཡེ་ཤེས་ལྷ་མོ་དང་སྨྱུག་མིང་ལ་ཁ་བའི་ལྷ་མོ་ཟེར། ད་ལྟ་རྒྱ་གར་འཕགས་པའི་ཡུལ་གྱི་གྲོང་ཁྱེར་ཆེན་མོ་བྷེང་ལོར་དུ་རྟེན་གཞི་བྱེད་ཡོད་པའི་ཏཱ་ལའི་བླ་མ་མཐོ་སློབ་ཁང་དུ་བོད་ཡིག་ཆེད་སྦྱོང་བྱེད་བཞིན་ཡོད། ང་ལ་མཚོན་ན་བོད་ཀྱི་སྐད་ཡིག་དང་བོད་ཀྱི་རིག་གཞུང་ལ་དགའ་མཁན་གྱི་བོད་མོ་ཞིག་ཡིན། རེད་དེ་ངས་ད་དུང་བོད་ཀྱི་སྐད་དང་རིག་གཞུང་ཟེར་བ་དེ་བརྒྱ་ཆ་ལ་བགོས་ན་བརྒྱ་ཆ་བརྒྱ་ནས་གཅིག་ཙམ་ལས་ཤེས་ཀྱིན་མེད།

༢ ༽ད་ལྟའི་བོད་སྐད་ཡིག་གི་ཁྱབ་ཚད་སྔོན་ཆད་དང་བསྡུར་ན་ཅི་ལྟ་བུ་ཞིག་ཏུ་མཐོང་གི་ཡོད།

ལན།ད་ལྟ་བོད་ཀྱི་སྐད་ཡིག་གི་ཁྱབ་ཚད་སྔོན་ཆད་དང་བསྡུར་ན་ཁྱབ་ཚད་ཀྱི་ཆ་ནས་ཧ་ཅང་ཁྱབ་ཆེན་པོ་ཆག་ཡོད་རེད་དྲན་གིན་འདུག ༡༩༥༩ལོ་ནས་བོད་སྤྱི་རེད་ལྷག་པར་དུ་བོད་མི་ཟེར་བ་དེ་བོད་རྒྱལ་ཁབ་ཀྱི་ཕྱིར་ཐོན་འགོ་བརྩམས་པ་ནས་བོད་སྐད་ཡིག་འཛམ་གླིང་ཕྱིར་ཁྱབ་འགོ་བརྩམས་པ་དང་གཅིག་པ་རེད་བསམ། དུས་དེ་ནས་བོད་ཀྱི་སྐད་ཡིག་ཟེར་བ་དེ་ཁྱབ་ཚད་རྒྱ་ཆེ་རུ་སོང་པ་རེད་ཟེར་ན་མ་འགྲིག་པ་མེད།

༣ ༽བོད་རང་གི་ཡུལ་སྲོལ་གོམས་གཤིས་མངོན་ཐུབ་པའི་བོད་སྐད་ཡིག་འདི་མ་འོངས་པར་སྤུས་ཚད་ཇི་འདྲ་ཞིག་ཏུ་འགྱུར་གྱི་རེད།
ལན།བོད་སྐད་ཡིག་མ་འོངས་པར་ག་འདྲ་ཆགས་མ་ཆགས་ཟེར་བ་དེ་ད་ལྟའི་ང་རང་ཚོས་བོད་སྐད་ཡིག་ག་འདྲ་སྤྱོད་བཞིན་ཡོད་པ་དེ་ལ་རག་ལས་ཀྱི་རེད། ངའི་མཐོང་སྣང་ད་ལྟའི་བོད་ཀྱི་སྤྱི་ཚོགས་སུ་བོད་སྐད་ཡིོག་སྤུས་ལེགས་སྤྱོད་མཁན་ནི་བོད་མི་རིགས་འདིའི་སྐད་ཡིག་དགེ་རྒན་དང་མི་རིགས་ལ་ལ་ཞེན་ཡོད་མཁན་འགའ་ལས་གཞན་། ང་རང་ཚུད་པས་མང་ཆེ་བ་ཞིག་གིས་སྐད་ཡིག་སྲེ་སླས་སྤྱོད་བཞིན་ཡོད་པ་རེད། བོད་མི་རིགས་འདི་གསོན་མ་གསོན་ཟེར་བ་དེ་མི་ཁ་ཤས་ཀྱི་ལས་འགན་མ་ཡིན་པར་བོད་མི་ས་ཡ་དྲུག་ཡོངས་ལ་འགན་ཡོད་པས་ང་རང་ཚོ་མི་རེ་ངོ་རེས་འབད་པ་དང་བརྩོན་པ་ལྷག་མ་ཞིག་མ་བྱ་བར་གནས་པ་ཡིན་ན་མ་འོངས་པར་བོད་མི་རིགས་ཀྱི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་དེ་ནས་མི་རིགས་ཟེར་བ་དེ་ཆག་འཇིག་ཀྱི་ས་མཚམས་སུ་སླེབ་མི་སྲིད་པ་མ་རེད་དྲན་གིན་འདུག
༤ ༽ད་ལྟའི་བོད་ཀྱི་མཐོ་རིམ་སློབ་གྲྭ་རྣམས་ཀྱིས་རིག་གནས་སྣ་མང་སྦྱང་ཆེད་གཞན་སྐད་སྟེང་ཆེད་ལས་སྦྱང་བ་མང་རུ་འགྲོ་བཞིན་པའི་དུས་སུ་བོད་སྐད་ཡིག་གི་ཆུ་ཚད་ཀྱིས་མ་འོངས་པར་ས་ཆ་ག་ཚོད་ཅིག་ཟིན་གྱི་རེད།

ལན།ད་ལྟའི་བོད་ཀྱི་མཐོ་རིམ་སློབ་གྲྭ་རྣམས་ཀྱིས་རིག་གནས་སྣ་མང་སྦྱང་ཆེད་གཞན་སྐད་སྟེང་ཆེས་ལས་སྦྱང་བ་མང་དུ་འགྲོ་བཞིན་པའི་དུས་སྐབས་སུ་བོད་སྐད་ཡིག་གི་ཆུ་ཚད་ཀྱིས་མ་འོངས་པར་ས་ཆ་ཞིག་འཛིན་ཐུབ་ཀྱི་མ་རེད།
༥ ༽དེང་དུས་བོད་མི་འགའ་ཤས་ནས་ཡུལ་གྲུ་གཞན་གྱི་སྐད་ཡིག་ཤེས་ན་བོད་ཀྱི་སྐད་ཡིག་ཤེས་མི་དགོས་ཚུལ་ཤོད་མཁན་ལ་དགོངས་ཚུལ་གང་འདྲ་ཡོད།

བོད་མིོ་ཞིག་གིས་གཞན་སྐད་ཤེས་ན་བོད་སྐད་མི་དགོས་ཚུལ་ཟེར་བའི་ཐ་སྙད་དེ་ལ་ངས་བསམ་བློ་མང་པོ་གཏོང་མྱོང་། ཡིན་ཡང་སྐད་ཆ་དེ་ངའི་རྣ་བ་ལ་ཤོང་ཁག་པོ་རེད། སྐད་ཆ་དེའི་རིགས་འཆད་མཁན་དེ་ཚོས་སེམས་གཏིང་ནས་བཤད་ཀི་ཡོད་རྒྱུ་མ་རེད། གལ་ཏེ་དེ་དངོས་གནས་ཡིན་ན་མི་དེ་ཚོས་རང་མི་རིགས་ལ་ལ་ཞེན་དང་འགན་ཁུར་ཕྲ་མོ་ཙམ་ཡང་མེད་མཁན་ཞིག་ཆགས་ཟིན་པ་དེ་ཡིད་སྐྱོ་བའི་གནས་ཚུལ་ལས་གཞན་གང་ཡང་མ་རེད།

༦ ༽མ་འོངས་བོད་ཀྱི་མི་རབས་གསར་བ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་ག་ཚོད་ཅིག་སྤྲོད་ཀྱི་རེད་བསམ།
ད་ཡོད་བོད་མི་རིགས་རྒན་གཞོན་ཚང་མས་རང་སྐད་དྭངས་མ་འཆད་པ་དང་སྤྱོད་པ་སོགས་བྱས་ན་མ་འོངས་མི་རབས་གསར་པའི་སྐད་ཡིག་སྤྱོད་ཕྱོགས་དང་མི་རིགས་ལ་ལ་ཞེན་ཡོང་མི་སོགས་ཀྱི་ཐད་ལ་སེམས་ཁུར་གང་ཡང་བྱ་དགོས་དོན་མེད་སྙམ། དེ་ནས་ད་ཡོད་ང་རང་ཚོ་རྒན་གཞོན་བར་གསུམ་གྱིས་ནངས་སྔ་མོ་ནས་དགོང་མཚན་མོའི་བར་རང་སྐད་སྤྱོད་དགོས་པ་དེ་གལ་ཆེན་རེད།

༧ ༽བོད་ཀྱི་སྐད་དང་ཡི་གེ་གཞི་རྒྱ་ཆེ་རུ་གཏོང་དགོས་པ་ཡིན་ན་ཁྱོད་ལ་ཐབས་ལམ་ཅི་ཞིག་ཡོད།

སྤྱི་ཡོངས་ནས་བཤད་ན་བོད་ཀྱི་སྐད་དང་ཡི་གེ་འཛམ་གླིང་ཕྱོགས་ཁག་མང་པོ་ལ་ཁྱབ་ཡོད་པས་གཞི་རྒྱ་ཆེན་པོ་རེད། རེད་དེ་བོད་སྐད་གཞི་རྒྱ་ཆེན་པོ་ཆག་ཡོད་པ་ཙམ་མ་ཡིན་པར་སྤུས་ཚད་ཀྱིས་ཆ་ནས་ཤུགས་རྒྱག་རྒྱུ་གལ་ཆེན་པོ་རེད་སྙམ།

 

རྩོམ་སྒྲིག་པ།  སྒྲེ་བོ།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།