MonJulMon2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

དྲ་མིང་དུ་བོད་ཡིག་མེད་ན་གྲོགས་འབྲེལ་འཇོག་གི་མེད།

དྲ་མིང་དུ་བོད་ཡིག་མེད་ན་གྲོགས་འབྲེལ་འཇོག་གི་མེད།

རྩོམ་རིག་མེ་ལོང་གི་ངོས་ནས་བོད་ཀྱི་སྐད་ཡིག་གི་རིན་ཐང་ངོས་འཛིན་གྱིས་མ་འོངས་རྒྱུན་འཁྱོངས་བྱ་ཐབས་དང༌། ལྷག་པར་དུ་བོད་ཀྱི་སྐད་ཡིག་གི་སྤུས་ཚད་གོང་མཐོར་དང་སྐད་ཡིག་གི་ཁོར་ཡུག་གཞི་ཁྱོན་ཇེ་ཆེར་ཡོང་ཐབས། དེ་བཞིན་མི་རབས་གསར་པ་རྣམས་ལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བདག་གཅེས་ཡོང་ཐབས་སོགས་ཀྱི་ཐོག་རྩོམ་པ་པོ་ནོར་བུ་ཉི་མ་ལགས་སུ་བཅར་འདྲི་ཞུས་པ་གཤམ་བཀོད་ཡོད་པས་གཟིགས་ཞིབ་གནང་འཚལ།

༡ ༽ ཁྱོད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།


ལན།  གུས་པའི་མིང་ལ་ནོར་བུ་ཉི་མ་ཟེར་ཞིང་།  ད་ལྟའི་ཆར་འབྲིང་རིམ་སློབ་གྲྭ་ཞིག་གི་དགེ་ཆེའི་ལས་དོན་གཉེར་ཞོར་འཛིན་རིམ་དྲུག་པ་དང་བརྒྱད་པ་ལ་བོད་ཡིག་སློབ་འཁྲིད་ཞུ་བཞིན་ཡོད།


༢ ༽ད་ལྟའི་བོད་སྐད་ཡིག་གི་ཁྱབ་ཚད་སྔོན་ཆད་དང་བསྡུར་ན་ཅི་ལྟ་བུ་ཞིག་ཏུ་མཐོང་གི་ཡོད།

ལན། བོད་བརྒྱུད་ནང་བསྟན་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པའི་དབང་གིས་བོད་ཡིག་ལ་དོ་སྣང་བྱེད་མཁན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པས།  བོད་ཡིག་གི་ཁྱབ་ཚད་ལ་མཚོན་ན་ཁྱབ་ཆེ་རུ་འགྲོ་བཞིན་ཡོད།


༣ ༽ བོད་རང་གི་ཡུལ་སྲོལ་གོམས་གཤིས་མངོན་ཐུབ་པའི་བོད་སྐད་ཡིག་འདི་མ་འོངས་པར་སྤུས་ཚད་ཇི་འདྲ་ཞིག་ཏུ་འགྱུར་གྱི་རེད།

ལན། བཙན་བྱོལ་བོད་མིའི་ད་ལྟའི་གནས་སྟངས་ལ་བསམ་ནས་བཤད་ན།མ་འོངས་པར་སྤུས་ཚད་ཇེ་ཞན་དུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་འདུག


༤༽ད་ལྟའི་བོད་ཀྱི་མཐོ་རིམ་སློབ་གྲྭ་རྣམས་ཀྱིས་རིག་གནས་སྣ་མང་སྦྱང་ཆེད་གཞན་སྐད་སྟེང་ཆེད་ལས་སྦྱང་བ་མང་རུ་འགྲོ་བཞིན་པའི་དུས་སུ་བོད་སྐད་ཡིག་གི་ཆུ་ཚད་ཀྱིས་མ་འོངས་པར་ས་ཆ་ག་ཚོད་ཅིག་ཟིན་གྱི་རེད།

ལན། བོད་ཡིག་གི་གོ་ས་དམའ་རུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད།


༥ ༽དེང་དུས་བོད་མི་འགའ་ཤས་ནས་ཡུལ་གྲུ་གཞན་གྱི་སྐད་ཡིག་ཤེས་ན་བོད་ཀྱི་སྐད་ཡིག་ཤེས་མི་དགོས་ཚུལ་ཤོད་མཁན་ལ་དགོངས་ཚུལ་གང་ཡོད།

ལན། ངས་ནི་སྐད་ཆ་དེ་ནི་མི་རིགས་འཆི་གསོན་གྱི་གནད་དོན་སྐད་ཡིག་ལ་ཐུག་ཡོད་པའི་གནས་ལུགས་མ་རྟོགས་པའི་བླུན་གཏམ་ཡིན་པ་ལ་ངོས་འཛིན་ཞུ་བཞིན་ཡོད།


༦ ༽མ་འོངས་པའི་བོད་ཀྱི་མི་རབས་གསར་བ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་ག་ཚོད་ཅིག་སྤྲོད་ཀྱི་རེད་བསམ།

ལན། མི་རབས་རྒན་པ་ཚོ་དང་གནད་ཡོད་རྣམ་པས་འགན་མ་བླངས་ན་ཆེ་མཐོང་གི་ཚབ་ཏུ་ཞེན་ལོག་བྱེད་རྒྱུའི་ཉེན་ཁ་ཆེན་པོ་ཡོད།

༧ ༽བོད་ཀྱི་སྐད་དང་ཡི་གེ་གཞི་རྒྱ་ཆེ་རུ་གཏོང་དགོས་པ་ཡིན་ན་ཁྱོད་ལ་ཐབས་ལམ་ཅི་ཞིག་ཡོད།

ལན། ང་ལ་དམིགས་བསལ་ཐབས་ལམ་གང་ཡང་མེད།  རང་ངོས་ནས་ངོ་དེབ་དང་སྐད་འཕྲིན་གྱི་དྲ་མིང་ལ་བོད་ཡིག་འབྲི་རྐྱང་བྱེད་བཞིན་ཡོད་ལ། གཞན་ཚོར་ཡང་འབྲི་རྒྱུ་གལ་ཆེ་ཡིན་ཚུལ་བཤད་ཀྱི་ཡོད།བདག་གི་ངོ་དེབ་ལ་མཚོན་ན།དྲ་མིང་དུ་བོད་ཡིག་མེད་ན་གྲོགས་འབྲེལ་འཇོག་གི་མེད།

རྩོམ་སྒྲིག་པ།  སྒྲེ་བོ།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།