MonJulMon2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

སྐད་ཆ་དེ་ཤོད་མཁན་གྱི་གང་དེ་ཡང་མི་ཞིག་ལ་བརྩི་སྲོལ་ཡོད་མ་རེད།

རྩོམ་རིག་མེ་ལོང་གི་ངོས་ནས་བོད་ཀྱི་སྐད་ཡིག་གི་རིན་ཐང་ངོས་འཛིན་གྱིས་མ་འོངས་རྒྱུན་འཁྱོངས་བྱ་ཐབས་དང༌། ལྷག་པར་དུ་བོད་ཀྱི་སྐད་ཡིག་གི་སྤུས་ཚད་གོང་མཐོར་དང་སྐད་ཡིག་གི་ཁོར་ཡུག་གཞི་ཁྱོན་ཇེ་ཆེར་ཡོང་ཐབས། དེ་བཞིན་མི་རབས་གསར་པ་རྣམས་ལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བདག་གཅེས་ཡོང་ཐབས་སོགས་ཀྱི་ཐོག་རྩོམ་པ་པོ་ཆུ་མིག་ལགས་སུ་བཅར་འདྲི་ཞུས་པ་གཤམ་བཀོད་ཡོད་པས་གཟིགས་ཞིབ་གནང་འཚལ།

 

 

༡ ༽ ཁྱོད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

ལན།  ང་ཡི་དངོས་མིང་ལ་ཆོས་འཛིན་དབང་མོ་དང་སྨྱུག་མིང་ལ་ཆུ་མིག་ཅེས་འབྲི་བཞིན་ཡོད།  ཅིག་དགུ་གོ་ལྔ་ལོར་མི་ཡུལ་འདིར་ཐོག་མའི་ངུ་ངག་བསྒྲགས།  དེ་ལྟར་མི་ཚེ་བྱ་བའི་སྐྱིད་སྡུག་འདྲེས་མའི་ལམ་དུ་སྙེག་འགོ་བརྩམས།  དམིགས་བསལ་གྱིས་སློབ་ཆུང་དུ་གོམ་ཁ་བསྒྱུར་བ་ནས་བཟུང་།   རང་ཉིད་ཀྱི་མི་ཚེའི་གོམ་ཁ་ལམ་བུ་གཞན་ཞིག་ཏུ་སྤོ་འགོ་བརྩམས་པ་ནས་ད་ལྟའི་བར།  སློབ་ཆུང་དང་སློབ་འབྲིང་།  སློབ་ཆེན་བསྐྱོད་བཞིན་པའི་དུས་ཡིན།  བར་སྐབས་འདིའི་ནང་གི་ང་ཡི་ནང་བསམ་པའི་ཀློང་དུ་སྐད་ཡིག་གི་གལ་ཆེ་རང་བཞིན་བརྗེད་མྱོང་མེད་པ་དོན་དངོས་ཡིན་ནོ།།

༢ ༽ད་ལྟའི་བོད་སྐད་ཡིག་གི་ཁྱབ་ཚད་སྔོན་ཆད་དང་བསྡུར་ན་ཅི་ལྟ་བུ་ཞིག་ཏུ་མཐོང་གི་ཡོད།

ལན།  དྲང་མོ་ཞུས་ན་གུས་མོ་ང་ལ་སྔོན་ཆད་བོད་སྐད་ཡིག་གི་གནས་བབ་སྐོར་ནས་རྒྱུས་ལོན་ཧ་ཅང་དབེན་པས་དེ་ཙམ་ཚོད་ཐིགས་པོས་ཞུ་བྲལ་མོད།  འོན་ཏེ།  གནས་བབ་སྤྱི་ལ་གཞིགས་ནས་བཤད་ན་བོད་སྐད་ཡིག་གནས་བབ་སྔོན་ཆད་དང་བསྡུར་ན་ད་ལྟའི་དུས་ཀྱི་ཁྱབ་ཚད་ཆེ་བ་ཧ་ཅང་གསལ་བོ་རེད་བསམ་བྱུང་།  རྒྱུ་མཚན་སྔོན་ཆད་བོད་སྐད་ཡིག་ནི་ཆོས་ལུགས་སམ་ནང་བསྟན་ཆོས་ལུགས་ཀྱི་སྐད་ཡིག་ལྟ་བུ་ཞིག་ལས་ད་ལྟ་ནང་བཞིན་དམངས་ཁྲོད་རང་བཞིན་ཅན་ནི་མ་ཡིན་ཏོ།  དེ་བས་བོད་སྐད་ཡིག་གི་འཕེལ་ཚད་ནི་སྔོན་ཆད་དང་བསྡུར་ན་ད་ལྟའི་ལྡབ་འགྱུར་གྱིས་བཀོལ་སྤྱོད་མང་བར་སྙམ། 

༣༽བོད་རང་གི་ཡུལ་སྲོལ་གོམས་གཤིས་མངོན་ཐུབ་པའི་བོད་སྐད་ཡིག་འདི་མ་འོངས་པར་སྤུས་ཚད་ཇི་འདྲ་ཞིག་ཏུ་འགྱུར་གྱི་རེད།


ལན།  དྲི་བ་འདི་ཡི་ལན་ང་ཡིས་ཏག་ཏག་ཅིག་བཤད་ཐུབ་ཀྱི་འདུག་མོད།  རྒྱུ་མཚན་མ་འོངས་པ་ཟེར་བ་དེ་སྐྱེ་བོ་སུ་ལ་མཚོན་ན་ཡང་ཆ་མེད་རྒྱུས་མེད་ཅིག་ཡིན་པས་སོ།། འོན་ཏེ།  ཚོད་དཔག་ཙམ་གྱིས་ལན་ཞིག་ལྡོན་པ་ཡིན་ན།  བོད་སྐད་ཡིག་སྤུས་ཚད་མ་འོངས་པའི་ནང་སྔར་ལས་ཚགས་ཚུད་དང་སྤྱོད་སྒོ་ཇེ་ཆེར་མི་འགྱུར་རམ་སྙམ་མོ།།  རྒྱུ་མཚན་ད་ལྟ་ཡིན་ན་བོད་སྐད་ཡིག་གི་དོན་དུ་བྱ་འགུལ་ཅི་ཡང་རྩོམ་པའི་མི་འབོར་ཆེན་པོ་འདུག   མ་ཟད་གཞུང་ཕྱོགས་ནས་ཀྱང་དེ་ཉིད་སྐད་ཡིག་ཅིག་གི་ཚད་དུ་བཟུང་སྟེ་ཐོབ་ཐང་ཡང་འདྲ་མཉམ་དུ་བསྐྲུན་འདུག   དེ་བཞིན་རྒྱལ་ཕྱི་ནང་གང་ནས་ཡིན་ཡང་བོད་སྐད་ཡིག་ནང་ནས་རྒྱལ་སྤྱིའི་གདན་ཆ་ལ་སྙོབ་ཐུབ་པའི་ན་གཞོན་མང་པོ་བྱུང་དང་འབྱུང་གིན་འདུག་པས་སོ།།
༤༽ད་ལྟའི་བོད་ཀྱི་མཐོ་རིམ་སློབ་གྲྭ་རྣམས་ཀྱིས་རིག་གནས་སྣ་མང་སྦྱང་ཆེད་གཞན་སྐད་སྟེང་ཆེད་ལས་སྦྱང་བ་མང་རུ་འགྲོ་བཞིན་པའི་དུས་སུ་བོད་སྐད་ཡིག་གི་ཆུ་ཚད་ཀྱིས་མ་འོངས་པར་ས་ཆ་ག་ཚོད་ཅིག་ཟིན་གྱི་རེད།
ལན།   དྲི་བ་འདིའི་ངོ་གདོང་རང་ནས་བལྟས་ན་ཉེན་ཁ་ཞིག་ཐོལ་ཐོལ་གྱིས་སེམས་སུ་ལྷུང་འོང་།་  ཡིན་ཡང་།  ཞིབ་ཀྱིས་བསམ་ན་དེ་ནི་དེ་འདྲའི་གནད་དོན་ཆེན་པོ་ཞིག་མ་རེད་སྙམ།  གཙོ་བོ་སྐད་ཡིག་སྔར་ལས་རིག་ཚན་གང་དང་གང་།  སྤྱི་ཚོགས་གང་དང་གང་ལ་བེད་སྤྱོད་དང་།   དོན་དངོས་ཐོག་ས་ཆོད་ཡོད་པ་ཤེས་དགོས་པ་གནད་འགག་རེད་སྙམ།  དེ་བས་གོང་གི་དྲི་བ་གསུམ་པའི་དྲིས་ལན་ནང་དུ་རགས་ཙམ་གསལ་བ་བཞིན་ནོ།།

༥༽དེང་དུས་བོད་མི་འགའ་ཤས་ནས་ཡུལ་གྲུ་གཞན་གྱི་སྐད་ཡིག་ཤེས་ན་བོད་ཀྱི་སྐད་ཡིག་ཤེས་མི་དགོས་ཚུལ་ཤོད་མཁན་ལ་དགོངས་ཚུལ་གང་འདྲ་ཡོད།

ལན།སྤྱིར་སྐད་ཆ་དེ་སྐད་ཆ་ཞིག་གི་གྲལ་དུ་བརྩི་སྲོལ་ཡོད་མ་རེད་ལ་སྐད་ཆ་དེ་ཤོད་མཁན་གྱི་གང་དེ་ཡང་མི་ཞིག་ལ་བརྩི་སྲོལ་ཡོད་མ་རེད།  ཁྲིམས་ཐོག་ནས་མི་ཞིག་གིས་དོན་མེད་མི་གསད་པ་དང་མི་ལ་ཆོམ་རྐུན་བགྱིད་པ་སོགས།  ནག་ཉེས་ཀྱི་ཚད་གཞི་ལྟར་ཉེས་ཁྲིམས་གཅོད་སྲོལ་ཡོད་པ་བཞིན།  མི་འདི་ཡང་དེའི་གྲལ་དུ་གཏོགས་པ་རེད།   ཡིན་ཡང་།  ད་ལྟར་རང་རེའི་རྒྱལ་ཁབ་ནི་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ལ་བརྟེན་ནས་ནང་སྲོག་ནང་གིས་བཅད།  ཕྱི་སྲོག་ཕྱི་ཡིས་བཅད་ཟིན་པ་རེད།  དེ་ཡིན་ཙང་ཡ་ཆུང་ལ་ཆུ་འཁྱག་བྱོ་བའི་མི་འདིའི་རིགས་ཅན་པོ་ཇེ་མང་ཡིན་པ་འདི་དཔལ་འབྱོར་ཙམ་གྱིས་རང་མགོ་ཐོན་ཙམ་ཡིན་པ་དག་རེད།  མཐར་གཏུགས་ན་མིག་རྒྱང་ཡེ་ནས་མེད་པའི་མི་དག་རེད། 

༦༽མ་འོངས་བོད་ཀྱི་མི་རབས་གསར་བ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་ག་ཚོད་ཅིག་སྤྲོད་ཀྱི་རེད་བསམ།

ལན། དེ་ནི་བོད་མི་སྤྱི་བོ་གནམ་བསྟན་རེ་རེ་ལ་འགན་འཁྲི་ཡོད་པ་ཞིག་རེད།  ལྷག་ཏུ་ད་ལྟའི་བོད་ཀྱི་ན་གཞོན་ཚོར་འཁྲི་བའི་འགན་འཁྲི་ཞིག་ཀྱང་རེད།   ང་ཚོས་ད་ལྟ་ནས་རང་གི་སྐད་ཡིག་གི་གལ་ཆེ་རང་བཞིན་ངེས་ཤེས་ཐོབ་པ་བྱས་ནས་ཅིས་ཀྱང་དེའི་ཆེད་དུ་བགྱི་ཐུབ་པ་གང་དང་བགྱི་འོས་པ་གང་ཡོད་ཅིས་ཀྱང་གཡོལ་དུ་མེད་པའི་འོས་འགན་བརྩིས་དགོས་པ་ཁ་ཚ་དགོས་གཏུགས་རེད།  དེ་ལྟར་བྱས་པའི་འབྲས་བུ་ནི་འབྱུང་འགྱུར་མི་རབས་ཚོས་ཀྱང་དེ་ལྟར་བགྱིས་པ་ཆོས་ཉིད་དོ།།

༧༽བོད་ཀྱི་སྐད་དང་ཡི་གེ་གཞི་རྒྱ་ཆེ་རུ་གཏོང་དགོས་པ་ཡིན་ན་ཁྱོད་ལ་ཐབས་ལམ་ཅི་ཞིག་ཡོད།


ལན།  ང་ལ་འདི་རེད་ཅེས་དམིགས་བསལ་བཤད་རྒྱུ་ཅང་མེད།   ཡིན་ཡང་།  གཙོ་བོ་བོད་མི་སྤྱི་བོ་གནམ་བསྟན་ཞིག་ཡིན་པ་ནས་བཟུང་རང་རང་སོ་སོའི་ཚོད་ཀྱིས་སྐད་ཡིག་ལ་སྲི་ཞུ་སྒྲུབ་མ་ཐུབ་ཀྱང་།  འོས་མེད་མི་བྱ་རྒྱུ་དེ་འོས་འགན་ཉག་ཅིག་ཏུ་མཐོང་།  དེ་ང་ཡི་སྐད་དང་ཡི་གེ་གཞི་རྒྱ་ཆེ་རུ་གཏོང་བའི་ཐབས་ལམ་མམ་བསམ་ཚུལ།   ཡང་ན་རེ་བ་ཉག་ཅིག་ཡིན་ནོ།།

རྩོམ་སྒྲིག་པ།   སྒྲེ་བོ།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།