FriOctFri2019

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

འབྲི་རྭ་དགོན་པའི་ངོ་སྤྲོད་མདོར་བསྡུས།

འཛམ་གླིང་ཐོག་ཆེས་མཐོ་སྒང་དུ་ཆགས་པའི་དགོན་པ།

འབྲི་ཐིམ་འབྲི་རྭ་ཕུག་གམ་གསང་ཆེན་ལྷ་ལུང་འབྲི་རྭ་དགོན་པ་ནི། བོད་ལྗོངས་ལྷ་སའི་ནུབ་ཕྱོགས་མངའ་རིས་སེང་གེ་གྲོང་གི་ཤར་ལྷོའི་སར་བར་ཐག་ལེ་དབར་༣༡༠དང་གངས་རི་དར་ཆེན་ནས་ནས་བྱང་ཕྱོགས་ལེ་དབར་༢༢་སར་ཡོད་པ།

རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད་༥༢༡༠ཐོག་ལ་ཡོད་པའི་གསང་ཆེན་ལྷ་ལུང་འབྲི་རྭ་དགོན་པ་བྱུང་ཚུལ་ནི། རབ་བྱུང་བཞི་པ་སྤྱི་ལོ་དུས་རབས་བཅུ་གཉིས་པའི་དུས་མགོ་ཙམ་ལ་རྒྱལ་བ་རྒོད་ཚང་པའི་གནས་སྒོ་ཕྱེས་ཞིང་། གནས་སྐོར་ཐོག་མར་ཕེབས་སྐབས་མ་ཕམ་གཡུ་མཚོའི་མདུན་ནས་ཚུར་ཕེབས་ཞིང་། གངས་རིན་པོ་ཆེ་ལ་དད་པ་དང་མོས་གུས་ལྡོག་མེད་རྒྱུད་ལ་སྐྱེས་ནས།ཕྱག་འཚལ་སྒང་ནས་ཕྱག་དང་གསོལ་བ་སྨོན་ལམ་མཛད་པས་མཚན་ཡང་ཕྱག་འཚལ་སྒང་ཞེས་ཡོངས་སུ་གྲགས།

དེ་ནས་རིམ་བཞིན་འབྲོང་ལུང་མདར་ཕེབས་ནས་ཅུང་ཙམ་བཞུགས་པས་ད་ལྟའི་དགོན་པའི་རྒྱབ་རི་འདི་བསྐལ་བཟང་སངས་རྒྱས་སྟོང་གི་ཕོ་བྲང་ཡིན་པ་མཁྱེན་ནས་དེ་ཉིད་སྐོར་ནང་དུ་ཚུད་ན་དགོངས་ཏེ་བྱང་ཕྱོགས་ལ་གཟིགས་ནས་བྱོན་པའི་ཚེ་གློ་བུར་དུ་མདུན་ནས་འབྲོང་འབྲི་ཞིག་བྱུང་བས་འདི་ཅི་ཡིན་དགོངས་ནས་ཏིང་ངེ་འཛིན་གྱི་ངང་ལ་གཟིགས་པས་མཁའ་འགྲོ་སེང་གདོང་མ་ཡི་སྤྲུལ་པ་སྐོར་རིའི་ལམ་སྟོན་ཡིན་པ་མཁྱེན་ནས་རྗེས་དེད་ཚུལ་དུ་ཕེབས་ཞིང་། ད་ལྟའི་སྒྲུབ་ཕུག་གི་བྲག་ལ་འབྲི་དེ་མི་སྣང་བར་གྱུར།བྲག་ལ་འབྲི་ཡི་ཞབས་རྗེས་བྱུང་བ་མ་ཟད་འབྲི་དེ་ཉིད་ཀྱི་རྭ་ཕྱི་རབས་པའི་དད་རྟེན་དུ་བཞག་པ་ད་ལྟ་ཡང་མཇལ་རྒྱུ་ཡོད།

དེ་ནས་རྒྱལ་བ་རྒོད་ཚང་པའི་ཐུགས་ལ་མཁའ་འགྲོ་སེང་གདོང་མ་ཡིས་གནས་འདི་ལ་སྒྲུབ་པ་དགོས་པའི་བརྡ་བསྟན་པ་དགོངས་ནས་སྒྲུབ་ཕུག་བཟོ་བཅོས་མཛད་དེ་ཐོག་ཁར་ཕེབས་ནས་གནས་དེའི་ངོ་མཚར་གྱི་བཀོད་པ་ལ་གཟིགས་སྐབས་བྲག་ལ་ཞབས་རྗེས་བྱུང་། དེ་ནས་འཇིག་རྟེན་མི་ཡི་འཚོ་གོས་ལ་མ་བརྟེན་པར་མཁའ་འགྲོ་སེང་གདོང་མ་ཡི་ས་ཞག་གི་བདུད་རྩི་གནང་ནས་ལོ་གསུམ་ཟླ་གསུམ་གྱི་སྒྲུབ་པ་དམ་པོ་མཛད། དེ་ནས་རྒྱལ་བ་རྒོད་ཚང་པའི་ཐུགས་ལ་གནས་འདི་ས་མཐོ་བ་དང་། གྲང་ངར་ཆེ་བ་འཚོ་གོས་དཀོན་པས་འགྲོ་དགོས་དགོངས་ནས་ཕེབས་གྲབས་མཛད་ནས་ང་ཡི་སྒྲུབ་ཕུག་འདིས་ནང་འཇིག་རྟེན་མི་དང་བྱ་བྱིའུ་འབུ་གྲོག་མ་ཚུན་ཆད་སྲོག་ཆགས་སུས་མགོ་བཏུད་དེ་གསོལ་བ་སྨོན་ལམ་བཏབ་ན་ངན་སོང་ལ་རྡོག་པས་འཕུལ་ཀྱང་མི་གཏོང་ཞེས་ཞལ་བཞེས་མཛད་དོ།

ཕེབས་སྐབས་དབུ་ཞྭ་བྲག་ལ་ཐོགས་ནས་བྲག་ལ་དབུ་ཞྭའི་རྗེས་བྱུང་བ་ད་ལྟ་ཡང་མཇལ་རྒྱུ་ཡོད། དེ་ནས་འཁོར་དང་སློབ་ཚོགས་རྣམས་གངས་སྐོར་དུ་ཕེབས་སྐབས་གནས་འདི་ཁྱད་པར་དུ་འཕགས་པ་དགོངས་ནས་སྒྲུབ་ཕུག་གཡས་གཡོན་དུ་སྒྲུབ་ཁང་གསར་རྒྱག་མཛད་ནས་གསང་ཆེན་ལྷ་ལུང་འབྲི་རྭ་དགོན་ཞེས་མཚན་གསོལ།རིམ་བཞིན་འཁོར་དང་སློབ་ཚོགས་རྒྱས་ནས་དགོན་པའི་རྒྱབ་རི་གཡས་གཡོན་ལ་སྒྲུབ་ཕུག་༡༠༨ཡོད་པ། ད་ལྟ་ཡང་ཁ་ཤས་མཇལ་རྒྱུ་ཡོད།

༡༩༥༨ལོ་བར་གནས་འདིར་འགྲོ་མགོན་བཀའ་བརྒྱུད་པའི་རྗེས་འཇུག་རི་ཁྲོད་རྣམ་འབྱོར་པ་བར་མ་ཆད་པ་བྱུང་ཡོད། རིག་གནས་གསར་བརྗེའི་སྐབས་བསྟན་པ་སྤྱི་ལྟར་ཉམ་ཆག་ཆེན་པོ་བྱུང་། ༡༩༨༦ལོ་ཆོས་ལུགས་སླར་གསོའི་གོ་སྐབས་བརྒྱུད་ནས་སྲིད་གཞུང་ནས་རོགས་དངུལ་གནང་ཞིང་འབྲི་ཆུ་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་འདུ་ཁང་དང་། ཐབ་ཚང་། གྲྭ་ཤག་གཉིས་བཅས་བརྒྱབ་ནས༡༩༩༦ལོ་བར་ལོ་ངོ་བཅུའི་རིང་དཀོར་གཉེར་གྲྭ་པ་གཉིས་བཞགས་ནས་དགོན་པའི་རིག་དངོས་སྲུང་སྐྱོབ་དང་ཉམས་གསོ་བྱེད་སོགས་སྐོར་ལ་དཀའ་ངལ་མི་ཉུང་བ་འཕྲད་དང་འཕྲད་བཞིན་པའི་སྐབ་དགེ་རྒྱས་རྫོང་འབོང་བ་ཆུས་གོང་འོག་དབུ་ཁྲིད་རྣམས་ཀྱིས་ཐུག་ཁུར་དང་རྒྱབ་སྐྱོར་འགོ་འབྲི་ཆུ་མི་དམངས་ཀྱི་རེ་ཞུ་དང་། བྲག་སྐྱ་དགོན་གྱི་གདན་འཛིན་བླ་མ་ཨ་ཆུང་རིན་པོ་ཆེ་ཡི་དགོངས་གཞི་བཞིན། ༧རྒྱལ་དབང་ཀརྨ་པ་མཆོག་དང་སྐྱབས་བརྗེ་དམ་པ་སྒྲུབ་དཔོན་རིན་པོ་ཆེ་རྣམས་གཉིས་དབུ་བཞུགས་ཐོག་གདན་ས་མཚུར་ཕུའི་དམང་བདག་ཨུ་ཡོན་ལྷན་ཁང་གི་བླ་མ་བསྟན་འཛིན་རྣམ་རྒྱལ་རིན་པོ་ཆེ་འབྲི་རྭ་དགོན་པའི་བསྟན་བདག་དགོས་པའི་གྲོས་ཐག་བཅད།

ལྷག་པར་དུ་སྐྱབས་རྗེ་དམ་པ་སྒྲུབ་དཔོན་རིན་པོ་ཆེ་ཡིས་སྦྱིར་རྒྱལ་བསྟན་སྤྱི་དང་དགོས་འགྲོ་མགོན་བཀའ་བརྒྱུད་པའི་བསྟན་པ་ལ་ཕན་ཐོག་རྒྱ་ཆེན་འབྱུང་བས་ངེས་པར་དུ་མཛད་དགོས་ཅེས་ནེན་གསུང་གནང་། བླ་མའི་བཀའ་དང་ཡུལ་མིའི་རེ་བ་བཞིན་འབྲི་རྭ་དགོན་པར་ཕེབས་ནས་ཐོག་མའི་ལས་གཞི་ལ་དར་ཆེན་བསྟན་པའི་རྒྱལ་མཚན་བསྒྲིངས། དེའི་སྐབས་སུ་ནམ་མཁའ་ནས་ཆར་ཟིལ་འབབ་ཞིང་འབྲུག་སྒྲ་སླང་སླང་གི་ཁྲོད་ནས་འཇའ་ཤར་བ་སོགས་ངོ་མཚར་ཤིན་ཏུ་ཆེན་པོ་བྱུང་། དེ་ཡོད་ཡུལ་མི་དང་གནས་སྐོར་བ་རྣམས་ཤིན་ཏུ་དང་སྤྲོད་ཆེན་པོ་བྱུང་། དེ་ལོ་ཇ་ཁང་ཡོངས་འདུས་དགའ་ཚལ་ཁང་དང་།ཕན་བདེའི་འགྲོ་ཕན་ཁང་གཉིས་ལེགས་སྒྲུབ་མཛད།

ཕྱི་ལོ་དགེ་རྒྱས་རྫོང་ཆོས་དོན་ཅུས་དབུ་ཁྲིད་དགེ་སློང་དང་འབྲི་ཆུ་བཤང་ཧྲུའུ་ཅིའུ་དབང་འགྲུབ་གཙོ་བའི་དབུ་ཁྲིད་རྣམས་ནས་སྔར་ཡོད་བསྟན་གསུམ་དང་དགོན་པའི་ཕྱི་ནང་དངོས་ཟོག་ཚང་མ་བརྩེས་སྤྲོད་མཛད། དེ་ནས་རིམ་བཞིན་བསམ་གྲུབ་ཡར་རྒྱས་མ་ནི་འཁོར་ཁང་དང་། གཟིམ་ཆུང་ཉི་འོད་ཕོ་བྲང་། ཚོམ་ཆེན་ཟླ་བའི་མུན་སྣང་། མགོན་ཁང་ཆེན་མོ་ཀླ་ཀློ་དྲེགས་པ་ཚར་གཅོད་ཁང་། རྟགས་བརྒྱད་འོད་གསལ་ཡེལ་པ་ལྷ་ཁང་། འདུ་ཁང་ཆེན་མོ་ཀུན་དགའ་ངོ་མཚར་དོན་གཉིས་ལྷུན་གྲུབ་ཕོ་བྲང་། འཕགས་བོད་ཆོས་མཛོད་བཀའ་འདུ་ཁང་། མགྲོན་གཉེར་ཁང་དང་། སྐུ་འགྲོན་ཁང་། དབུས་སུ་ཀུན་འདུས་འོད་གསལ་འབྲི་ཐིམ་ཕུག དེ་ཡི་གཡས་ཕྱོགས་སུ་མི་ལ་དགའ་ཚལ་ཕོ་བྲང་དང་གཡོན་ཕྱོགས་སུ་གྲྭ་ཤག་ལྔ་དང་ཐབ་ཚང་། དགོན་པའི་ཞབས་སུ་ཀུན་ཕན་མགྲོན་ཁང་ཉེ་འཁོར་དུ་ཕག་མོའི་ཀླུ་འདུལ་ཕུག་གྲུབ་ཆེན་ཤཱ་བ་རི་བདེ་ལྡན་ངོ་མཚར་ཕུག  གསང་སྔགས་སྒྲོལ་མ་ཕུག བདེ་མཆོག་གསང་བ་ཕུག་ཆེན་ཤཱ་བ་རི་བདེ་ལྡན་ངོ་མཚར་ཕུག  གསང་སྔགས་སྒྲོལ་མ་ཕུག

བདེ་མཆོག་གསང་བ་ཕུག་མཁའ་འགྲོ་འདུ་གླིང་ཕུག་བཅས་ཉམས་གསོ་མཛད། གཞན་ཡང་སྐུ་གསུང་ཐུགས་རྟེན་སྐོར་ལ་ཐོག་མར་སྐུ་རྟེན་ལ་རྡོ་རྗེ་འཆང་དང་། ཏེ་ལོ་ནཱ་རོ་མར་པ་མི་ལ་དྭགས་པོ། ཀར་རབས་བཅུ་དྲུག་ཆོས་ལུང་སྤྲུལ་གསུམ་རིགས་གསུམ་རིགས་གསུམ་མགོན་པོ། ཚེ་ལྷ་རྣམ་གསུམ། རྗེ་ཡབ་སྲས་གསུམ། མི་ལའི་སྐུ་བཅོ་ལྔ། རྒྱལ་བ་རྒོད་ཚང་པའི་སྐུ་ཆེ་ཆུང་གསུམ། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་སྐུ་གཅིག་བཅས་བསྡོམས་ཆེ་ཆུང་གྲངས་བརྒྱ་ལྷག་གསར་བཞེངས་དང་། གསུང་རྟེན་རྒྱལ་པའི་བཀའ་འགྱུར་ཆེན་མོ་དང་བསྟན་འགྱུར་སོགས་གླེགས་བམ་པོ་ཏི་བརྒྱ་ཕྲག་དང་།ཐུགས་རྟེན་བཀའ་གདམས་མཆོད་རྟེན་སྤུས་ལེགས་བཞི་དང་། གཞན་ཡང་མཆོད་རྟེན་བརྒྱ་དང་བརྒྱད་སོགས་གསར་བཞེངས་གནང་།

འདུ་ཁང་ནང་དུ་མཆོད་ཆས་དང་གདན་ཁྲི་བླ་བྲེ་སོགས་མཁོ་ཆས་ཆ་ཚང་བཅས་མདོར་ན་དམངས་སྒོར་ཁྲི་ཉིས་རྒྱ་ལྷག་གི་འགྲོ་སོང་དང་དགེ་འདུན་གྲངས་བརྒྱད་དང་སློབ་གྲྭ་ལྔ་བཅས་ཡོད་པ་དེ་རྣམས་ལ་འཚོ་གོས་རྒྱས་འབུལ་དང་ཟླ་རེ་རོགས་དངུལ་སོགས་གནང་ནས་ཉིན་རེ་སྔ་གྲོ་གངས་རིའི་གནས་གསང་དང་། ཟབ་ཏིག་སྒྲོལ་ཆོག ཕྱི་གྲོ་གསོལ་ཀ། དུས་མཆོད་ལ། ཚེས་བཅུ་ལ་དཀོན་མཆོག་སྤྱི་འདུས། ཉེར་ལྔ་ལ་བདེ་མཆོག ཚེས་སུམ་བཅུ་ལ་བཀའ་བརྒྱུད་མགུར་མཚོ། གཞན་ཤི་དགེ་གསོན་རིམ་སྦྱིན་བདག་རྣམས་ཐུགས་འདོད་ལྟར་སྒྲུབ་ནས་བསྟན་པ་དང་འགྲོ་བའི་དོན་ལ་མཛད་འཕྲིན་སྐྱོང་དང་སྐྱོང་བཞིན་མཆིས་སོ།

ལྷག་པར་དུ་དགོན་པ་འདིར་ཕེབས་མཁན་ཕྱི་རྒྱལ་ཡུལ་གྲུབ་ཁག་གི་ཡུལ་སྐོར་སྤྲོ་འཆམས་དང་གངས་རིན་པོ་ཆེ་ལ་དད་འདུན་ཡོད་པའི་མི་རིགས་ཁག་གི་གནས་སྐོར་བ་རྣམས་ལ་རོགས་རམ་གང་དྲག་བྱེད་བཞིན་ཡོད་པ་དང་། མདོ་དབུས་ཁམས་གསུམ་ནས་ཡོང་བའི་གནས་སྐོར་རྣམས་དང་ཕྱི་རྒྱལ་ཁག་ནས་ཕེབས་པའི་ཉམ་ཐག་གནས་སྐོར་རྣམས་ལ་རིན་མེད་ཀྱི་གནས་ཚང་དང་། འཚོ་བ་བཅས་ཞབས་ཞུ་སྒྲུབ་ནས་ཉིན་རེ་མང་བའི་སྐབས་སུ་མི་གྲངས་༩༠དང་།ཉུང་བའི་སྐབས་མི་གྲངས་༢༥ལས་མི་ཉུང་བར་བོད་ཟླ་བཞི་པ་ནས་དགུ་པའི་བར་རྒྱུན་ཆད་མེད་པ་བྱུང་དང་བྱུང་བཞིན་ཡོད། ད་དུང་མུ་མཐུད་གངས་མཚོའི་ཁོར་ཡུག་ལ་སྲུང་སྐྱོང་བཙོག་སྐྱོན་གཙང་སེལ་བྱེད་རྒྱུ་དང་སྒྲུབ་ཕུག་ཁག་ལ་མཚམས་སྒྲུབ་མཛད་མཁན་དང་། གནས་སྐོར་རྣམས་ལ་མུ་མཐུད་ནས་ཞབས་ཞུ་སྒྲུབ་སེམས་ཡོད་པས་འདིར་ཕེབས་པར་འགའ་བསུ་ཞུ་རྒྱུ་ཡིན་པས་ཚང་མས་ཐུགས་ངེས་ཡོད་པ་ཞུ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།