MonAugMon2017

སྤེལ་དུས་མཐའ་མ།05:18:50 AM GMT

རྩོམ་གསར།:

ལྷག་དཀར་ངོ་སྤྲོད།

ལྷག་བསམ་ཅན་ལ་ཕན་ཕྱིར་ཏུ། ལྷག་བསམ་གཙང་མས་ཀུན་ནས་སློང།

སྤྱིར་ལྷག་དཀར་ཞེས་པ་དེ་ནི་རེས་གཟའ་ལྷག་པ་གི་ཉིན་མོ་ཡིན་ལ་འདི་ལ་ལྷག་དཀར་ཞེས་འབོད་དགོས་དོན་ཅི་ཞིག་རེད་ཟེར་ན༼ལྷག༽ཞེས་པ་འདིའི་གཟའ་ལྷག་པ་ཡིན་པའི་དོན་དང་༼དཀར༽ཞེས་པ་དེ་ནི་དཀར་པོ་དགེ་བའི་ཕྱོགས་ལ་འབད་དགོས་པའི་དོན་ཡིན་ནོ།

གཟའ་བདུན་གྱི་ནང་ནས་ལྷག་པ་འདི་གལ་ཆེན་ཞིག་ལ་ངོས་འཛིན་བྱེད་དོན་ནི་གོང་ས་རྒྱལ་བའི་དབང་པོ་མཆོག་གི་བླ་གཟའ་ཡིན་པ་དང་བོད་ཀྱི་རིག་གནས་སྲུང་སྐྱོབས་གི་ཉིན་མོ་ཞེས་ཀྱང་འབོད་གི་ཡོད་པས་སོ། ཉིན་འདི་ཡི་རིང་ལ་བསྒྲུབ་དགོས་ངེས་ཀྱི་དོན་མཚན་ལྔ་ཡོད་པ་རེད།

༼གཅིག་ བོད་ཡིག་བཀོལ༽བོད་ཡིག་བཀོལ་ཟེར་ན་རང་སོ་སོའི་ཤེས་ཚོད་དང་བསྟུན་ནས་ཉིན་འདི་ཡི་རིང་ལ་སྙན་རྩོམ་འབྲི་བ་དང་བོད་ཡིག་མི་ཤེས་མཁན་ཚོ་ལ་སློབ་པ་དང་རང་ཉིད་ཀྱི་དྲྭ་མིང་སོགས་བོད་ཡིག་ཐོག་ནས་འབྲི་དགོས་པ་དང་དེ་བཞིན་ཏུ་ཕན་ཚུན་ལ་འཕྲིན་སོགས་བཏང་དུས་ཡང་བོད་ཡིག་ཁོ་ནའི་སྟེང་ནས་བཏང་དགོས་དེ་ལྟར་བྱས་ན་བོད་ཡིག་ཀྱང་ཡར་རྒྱས་ཡོང་བར་ལ་ཕན་ནུས་ཆེན་པོ་ལྡན་པ་ཡིན་མ་གཏོགས་བོད་ཡིག་འདི་སྣང་མེད་དུ་བསྐྱུར་བཏང་ན་ནམ་ཞིག་ལ་བོད་ཡིག་གཏན་ནས་མེད་པར་འགྱུར་འགྲོ་བོད་ཡིག་མེད་ཚར་རྗེས་ང་ཚོའི་ཆོས་དང་རིག་གཞུང་ངོ་བོ་སོགས་ཅིའང་མེད་པར་འགྱུར་འགྲོ་བས་ན་དགོས་པ་ཆེན་པོའི་དབང་གི་དོན་ཚན་གཉིས་པ་དེ་བོད་ཡིག་བཀོལ་ཞེས་བརྗོད་པ་རེད།

༼གཉིས་ བོད་ལྭ་གྱོན་༽བོད་ལྭ་གྱོན་ཟེར་ན་རང་མི་རིགས་ཀྱི་ཁྱད་ཆོས་དང་ལྡན་པ་དྲོ་གྲང་དང་འཚམས་པའི་གཞན་དང་ཐུན་མོང་མ་ཡིན་པའི་བོད་རང་གི་གྱོན་ཆས་གོང་བ་ཅན་པོ་དེ་གྱོན་དགོས་པ་དང་དེ་གྱོན་ན་དགེ་མཚན་ཅི་ཞིག་ཡོད་ཟེར་ཕ་རོལ་བའི་མི་ཞིག་གིས་ཁྱོད་ཉིད་མཐོང་བ་དང་བོད་མི་ཞིག་ཡིན་པ་གསལ་པོ་རྟོགས་ཐུབ་པའི་དགེ་མཚན་ལྡན་ཡོད་པས་དོན་ཚན་གསུམ་པ་དེ་བོད་ལྭ་གྱོན་ཞེས་བརྗོད་པ་རེད།

༼གསུམ་ བོད་ཟས་མཆོད༽བོད་ཟས་མཆོད་ཟེར་ན་བོད་རང་གི་ཁ་ཟས་དག་མ་སྦྲང་དཀར་རྩམ་པ་དང་འབྲི་མར་སེར་པོ་དེ་བཞིན་ཏུ་ཕྱུར་བ་དང་ཞོ་འོ་མ་སོགས་བཟའ་བཏུང་བྱེད་དགོས་འདི་ཚོ་བཟའ་བཏུང་བྱས་ན་ཕན་ཐོག་ཅི་ཞིག་ཡོད་སྙམ་ན་བོད་རང་གི་ཁ་ཟས་དག་མ་འདི་ཚོ་ནི་རྫས་རིགས་དང་དུག་སྨན་སོགས་ཀྱི་མ་གོས་པའི་གཙང་མ་ཁོ་ན་ཡིན་པས་ནད་མེད་པ་དང་ལུས་ཁམས་བདེ་བ་སོགས་ཀྱི་ཕན་ནུས་ལྡན་པས་དོན་ཚན་བཞི་པ་དེ་བོད་ཟས་མཆོད་ཞེས་བརྗོད་པ་རེད།

༼བཞི་ བོད་ཚོང་བྱོས༽བོད་ཚོང་ཇི་ལྟར་བྱེད་དགོས་སྙམ་ན་ཁྱོད་ཀྱི་དེ་རིང་གླ་བཏང་རླངས་འཁོར་ཞིག་གླ་དགོས་ན་འདྲ་དེ་བཞིན་དུ་ཚོད་མ་ཞིག་ཉོ་དགོས་ན་ཟ་མ་ཞིག་བཟའ་དགོས་ན་མགྲོན་ཁང་ཞིག་གི་ནང་ལ་བསྡོད་དགོས་ན་དེ་ཚོ་ཚང་མ་བོད་རང་གི་ཟ་ཁང་དང་མགྲོན་ཁང་ལྡུམ་ཁང་སོགས་ནས་ཉོ་ཚོང་བྱ་དགོས་དེ་ལྟར་བྱས་ན་བོད་རང་གི་དམངས་ཁྲོད་ལ་དཔལ་འབྱོར་ཡར་རྒྱས་ཡོང་བའི་ཕན་ནུས་ལྡན་པས་དོན་ཚན་ལྔ་པ་དེ་བོད་ཚོང་བྱོས་ཞེས་བརྗོད་པ་རེད།

༼ལྔ་ གཙང་སྦྲ་བྱོས༽གཙང་སྦྲ་ཅི་འདྲ་བྱེད་དགོས་བསམ་ན་སྤྱིར་བོད་རང་གི་ས་གནས་ཡོངས་ལ་རང་གི་ནུས་བ་དང་བསྟུན་ནས་ཁོར་ཡུག་གཙང་སྦྲ་དང་སྲུང་སྐྱོབས་བྱེད་དགོས་པ་དང་སྒོས་སུ་རང་ཉིན་འཚོ་བསྡོད་བྱེད་སའི་ཁོར་ཡུག་དེ་ཡི་ཉེ་འཁོར་ལ་འགྱིག་རིགས་གཙོ་བོ་གྱུར་བའི་གད་སྙིགས་ཡོངས་རྫོགས་ཕྱོགས་གཅིག་ཏུ་སྤུང་ནས་མེ་ལ་སྒྲོན་དགོས་པ་དང་འབར་རྫས་སོགས་ཁོར་ཡུག་ལ་གཏོར་བརླག་གཏོང་བའི་དངོས་པོ་དག་སྔོན་འགོག་ནན་མོ་བྱ་དགོས་དེ་ལྟར་བྱ་དགོས་པའི་རྒྱུ་མཚན་ནི་ད་ལྟ་རང་རེའི་ཁོར་ཡུག་འདི་གཏོར་རླག་རྒྱ་ཆེར་མེད་པ་དང་མཁའ་དབུགས་དྭངས་གཙང་ཡིན་པས་འདི་ལྟར་མུ་འཐུད་གནས་ཐུབ་པ་ཞིག་དགོས་པའི་དབང་གི་དོན་ཚན་དྲུག་པ་དེ་གཙང་སྦྲ་བྱོས་ཞེས་བརྗོད་པ་རེད།

མདོར་བསྡུས་ན་ལྷག་དཀར་ཞེས་པ་དེ་ཅི་ཞིག་རེད་ཟེར་ན་བོད་ཀྱི་རིག་གནས་སྲུང་སྐྱོབས་བྱེད་པའི་ཉིན་མོ་ཞིག་ཡིན་ཞེས་བརྗོད་དགོས་དེ་ལྟར་བརྗོད་ན་ལྷག་དཀར་ལ་རོལ་མི་ཆོག་ཟེར་ནས་ཁོ་ཚོའི་བཀག་འགོག་བྱེད་རྒྱུ་ཡོད་པ་མ་རེད་རྒྱུ་མཚན་ནི་རྩ་ཁྲིམས་ལས་གྲངས་ཉུང་མི་རིགས་ཀྱི་རིག་གནས་སྐྱོབས་བྱེད་རྒྱུ་རང་དབང་ཡོད་པས་སོ། ལྷག་བསམ་ཅན་ལ་ཕན་ཕྱིར་ཏུ།། ལྷག་བསམ་གཙང་མས་ཀུན་ནས་སློང།། ལྷག་དཀར་ངོ་སྤྲོད་ཅུང་ཟད་བྱས།། ལྷག་དཀར་བ་ཚོའི་བརྒྱུད་སྐུར་བྱོས།

ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།