SatAugSat2017

སྤེལ་དུས་མཐའ་མ།05:18:50 AM GMT

རྩོམ་གསར།:

ལོ་གཅིག་ལ་བོད་ཀྱི་ལོ་གསར་ཐེངས་གསུམ།

བསམ་དོན་ཡིད་བཞིན་འགྲུབ་པའི་བཀྲིས་ཤོག ལོ་ལེགས་ནད་མེད་ཚེ་རིང་བཀྲིས་ཤོག

སྤོ་བོའི་ཁུལ་ལོ་ཏུ་ལོ་གཅིག་ལ་ལོ་གསར་ཐེངས་གསུམ་གཏོང་བ་ཡིན་ཏེ། རྒྱལ་པོའི་ལོ་གསར་དང་། མི་ནག་ལོ་གསར། (སོ་ནམ་ལོ་གསར་) བྱིས་པའི་ལོ་གསར་བཅས་ཡིན།

བྱིས་པའི་ལོ་གསར།
དེ་ནི་བོད་ཟླ་བཅུ་གཅིག་པའི་ཚེས་གཅིག་ལ་གཏོང་གི་ཡོད་ཅིང་། གཙོ་བོ་ལོ་ཆུང་བྱིས་པ་རྣམས་ཀྱི་ལོ་གསར་ཡིན་པས་དེའི་སྐབས་ལོ་བཅུ་བཞི་མན་གྱི་ལོ་ཆུང་བྱིས་པ་རྣམས་ལ་གྱོན་ཆས་གསར་པ་གཡོགས་པ་དང་། ཟས་སྣ་གང་དྲག་གྲ་སྒྲིག་བྱས་ནས་ལོ་གསར་ལ་རྟེན་འབྲེལ་བྱེད་ཀྱི་ཡོད། ལོ་གསར་དེ་ཉིན་གཅིག་ནས་གཉིས་ཀྱི་བར་དུ་གཏོང་སྲོལ་ཡོད་པ་དང་། ཚེས་གཅིག་ཉིན་གྱི་ཞོགས་པར་བྱིས་པ་རྣམས་གཟབ་མཆོར་གྱིས་བརྒྱན་ཏེ་གཉེན་ཉེ་དང་། ཁྱིམ་མཚེས་ཀྱི་སར་ཞལ་མཇལ་ཞཱུ་བར་འགྲོ་སྲོལ་ཡོད་ཅིང་། གཉེན་ཉེའམ་ཁྱིམ་མཚེས་ཀྱི་ཁྱིམ་བདག་གིས་ཟས་སྣ་ལེགས་གྲས་ཤིག་གིས་སྣེ་ལེན་ཞུ་བའམ། ཡང་ན་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་དོངས་པོ་ཙག་ཙིག་ཅིག་སྤྲོད་དགོས། ཚེས་གཉིས་ཉིན་བྱིས་པ་རྣམས་ནམ་རྒྱུན་རང་འདྲིས་ཆེ་བའི་གྲོགས་པོ་དང་། ཁྱིམ་མཚེས་དང་གཉེན་ཉེའི་ཕྲུ་གུ་རྣམས་དང་རུབ་འཛོམས་བྱས་ཏེ་ཤ་མོག་མོག་བཟོ་བའམ་ཡང་ན་བཟའ་ཆས་གཞན་དག་བཙོས་ནས་དགའ་དགའ་སྤྲོ་སྤྲོའི་ངང་སྡོད་ཀྱི་ཡོད། སྤྱིར་ན་མི་རྒན་པ་ཞིག་གིས་འགན་འཁུར་རོགས་རམ་བྱེད་ཀྱི་ཡོད་པ་དང་། གལ་ཏེ་དེའི་ནང་ཕྲུ་གུ་ལོན་ཅུང་ཆེ་ཙམ་ཞག་ཡོད་དཚེ་དེས་འགན་འཁུར་གྱི་ཡོད། ལོ་གསར་ཉིན་གཉིས་པོའི་རིང་ལ་ཕ་མ་དང་རྒན་རབས་ཚོས་ཕྲུ་གུ་ཚོའི་འདོད་བློ་གཙོ་བོར་བྱེད་པ་ལས་བཙན་ཤེད་དང་། ཁ་རྡུང་གཏོང་བ་སོགས་ཕྲུ་གུའི་བསམ་བློར་ཕོག་ཐུག་གཏོང་བའི་བྱ་བ་མཐའ་དག་སྤོང་བ་ཡིན།

མི་ནག་ལོ་གསར།
དེ་ནི་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ལ་གཏོང་གི་ཡོད་པ་དང་། སྤོ་བོའི་ཁུལ་གྱི་སོ་ནམ་པའི་ལོ་གསར་ཡིན་ལ། མིང་ལ་ལོ་ཆུང་ཞེས་ཟེར་ཡང་དོན་དངོས་ཐོག་རྒྱས་ཤོས་ཤིག་ཀྱང་ཡིན། (སྤོ་བོའི་ཕར་ལུང་དང་ཚུར་ལུང་བར་ལ་ཁྱད་པར་ཅུང་ཡོད་) དེའི་སྐབས་རྒྱས་གཏོང་བྱེད་དགོས་དོན་ནི་སྤྲོ་བོའི་ཁུལ་ནི་བོད་ལྗོངས་ས་མཐོའི་དཔྱིད་ཀ་ཤར་སྔ་བའི་ས་ཆ་ཞིག་ཡིན་པས་ན། བོད་ཟླ་དང་པོར་སོ་ནམ་གྱི་བྱ་བ་བྱེད་འགོ་ཚུགས་རན་པའི་སྟབས་ཀྱིས་ཡིན། དེ་ཡང་བོད་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཡས་མས་ནས་ལོ་གསར་གྱི་གྲ་སྒྲིག་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ་བོད་ཚེས་ཉེར་དགུ་ནས་ནང་མི་ཡོངས་རྫོགས་ཀྱིས་ལོ་གསཏར་གྲ་སྒྲིག་གི་ལས་ཀ་ཁོ་ན་བྱེད་ཀྱི་ཡོད་པ་སྟེ་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར་ཁྱིམ་ནང་འཛིན་ཆས་དང་། དུ་སྒོའི་དུད་དྲེག་རྣམས་གཅིག་ཀྱང་མ་ལུས་པར་གཙང་དག་བཟོས་ཏེ་དེ་རྣམས་ཁང་འོག་གི་རྒྱ་ལམ་དུ་ཚོ་དགུར་བགོས་ནས་འཕོ་བ་དང་དེ་ལ་ “དགུ་ལུད་" ཅེས་ཟེར། དེ་ནས་འཛིན་ཆས་དང་ཅ་ལག་རྣམས་སླར་ཁང་པའི་ནང་སྤོས་ཏེ་གྲལ་ལྟར་འགྲིག་པོར་བསྒྲིགས་ཐོག་ཕྱི་དྲོར་ཁྱིམ་མི་ཡོངས་རྫོགས་ནས་ཚེས་བཅོ་ལྔ་ཡས་མས་སུའང་མགྲོན་མཚམས་ཆོད་མི་ཐུབ།

རྒྱལ་པོའི་ལོ་གསར།
དེ་ནི་བོད་ཡོངས་ཀྱི་ཡིན་པས་དེ་ལ་ལོ་ཆེན་ཡང་ཟེར། ལོ་གསར་ལ་རྟེན་འབྲེལ་བྱེད་ཚུལ་ནི་གོང་གསལ་ “མི་ནག་ལོ་གསར་” དང་མཚུངས་ལ། སྤོ་བོའི་ཁུལ་གྱི་ཡུལ་ཁག་ཅིག་གིས་ལོ་གསར་འདི་རྒྱས་ཤོས་ལ་བརྩི་ཞིང་། སྤོ་བོའི་ཁུལ་གྱི་དགོན་སྡེ་ཁག་གིས་ལོ་གསར་འདི་མ་གཏོགས་ “མི་ནག་ལོ་གསར་” གཏོང་སྲོལ་མེད། འོན་ཀྱང་ལོ་གསར་འདིའི་སྐབས་སུ་སོ་ནམ་པ་རྣམས་དཔྱིད་རྨོད་ལས་ཀ་འགོ་ཚུགས་གྲབས་ཡོད་སྟབས་ངལ་གསོ་རྒྱུན་རིང་དེ་ཙམ་སྡོད་རྒྱུ་ཡོད་གི་མེད།

ཡོང་ཁུངས། ངེད་དྲྭ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།