TueFebTue2017

སྤེལ་དུས་མཐའ་མ།08:34:18 AM GMT

རྩོམ་གསར།:

བོད་རིགས་སློབ་འབྲིང་སློབ་མས་ངེས་པར་དུ་བཀླག་དགོས་པའི་དཔེ་ཆ་བརྒྱ་བ།

བོད་རིགས་སློབ་འབྲིང་སློབ་མས་ངེས་པར་དུ་བཀླག་དགོས་པའི་དཔེ་ཆ་བརྒྱ་བ།

དེང་སྐབས་ང་ཚོའི་སློབ་མ་དག་ནི་སྐད་ཡིག་ལས་རྒྱ་ཡིག་དང་ཕྱི་ཡིག་ལ་སྤྲོ་བ་ཆེན་པོ་ལྡན་ལ།དེ་དག་གི་ཕྱོགས་ལ་ནུས་ཤུགས་ཅི་ཡོད་ཕུད་དང་ཕུད་བཞིན་པས། རང་གི་སྐད་ཡིག་གི་ཆུ་ཚད་ལོ་རེ་ནས་ལོ་རེར་ཇེ་ཞན་ནས་ཇེ་ཞན་དུ་འགྲོ་བཞིན་པའི་སྣང་ཚུལ་ཚབས་ཇེ་ཆེར་འགྲོ་བཞིན་ཡོད། དེ་ལ་རྒྱུ་རྐྱེན་གང་མང་ཡོད་སྲིད་ཀྱང་། ངས་མཐོང་བའི་སློབ་འབྲིང་དག་ལ་མཚོན་ན།སློབ་མའི་ལྟ་ཀློག་གི་རྒྱུ་ཆ་མང་ཆེ་བ་རྒྱ་ཡིག་ཡིན་ཕྱིར།

སློབ་མར་མཚོན་ན་བསླབ་དེབ་ལས་སྐད་ཡིག་གི་དཔེ་ཆ་འཚམ་པོ་ཞིག་ལྟ་ཀློག་བྱེད་པའི་བགོ་སྐལ་ཤིན་ཏུ་དབུལ་བ་ཡིན།འོ་ན་སློབ་གྲྭ་དག་གིས་རྒྱ་ཡིག་གི་དཔེ་ཆ་ལས་རང་ཡིག་གིས་བྲིས་པའི་དཔེ་ཆ་མང་པོ་བསྡུ་སྒྲིག་མི་བྱེད་དོན་ཅི་ཡིན་ཟེར་ན།དེ་ལ་ལན་གཅིག་སྟེ། རྒྱ་ཡིག་གི་དཔེ་ཆ་དེ་དག་སྲིད་གཞུང་ནས་མུག་སྐྱོབ་ལྟ་བུར་བྱིན་པ་ཡིན་པས་རང་སློབ་གྲྭའི་སྒོར་མོ་གཅིག་ཀྱང་བརླག་མི་དགོས་པས་ཡིན།

 

འོ་ན།སློབ་གྲྭའི་མགོ་གཙོ་དག་གིས་སློབ་མའི་སྐད་ཡིག་གི་ཆུ་ཚད་མཐོར་འདེགས་གཏང་ཆེད་རང་ཡིག་གིས་བྲིས་པའི་དཔེ་ཆ་མང་པོ་བསྡུ་སྒྲིག་མི་བྱེད་དོན་ཅི་ཡིན་ཟེར་ན།དེའི་ལན་ནི་རྒྱ་ཆེའི་བོད་རིགས་ཤེས་ཡོན་ཅན་དག་གིས་གདབ་པར་རེའོ།བདག་གིས་ནི་ནམ་ཡང་འདི་ཉིད་གནད་དོན་ཆེན་པོ་ཞིག་ལ་བསམ་བཞིན་ཡོད། ཡིན་ཡང་དཔེ་ཆ་མི་སྒྲིག་པ་དེ་སློབ་གྲྭའི་མགོ་ཁྲིད་དང་དགེ་རྒན་ཁོ་ནའི་སྟེང་ལའང་འདེད་རྒྱུ་མེད་དེ།འུ་ཅག་གི་སློབ་མར་མཚོན་ན་དཔེ་ཆ་ཉོ་བ་ལས་ཁ་ཚ་ཉོ་བ་དང་དྲ་ཁང་ཉུལ་བ། གྱོན་གོས་མིང་གྲགས་ཅན་ཉོ་བ་སོགས་ལ་སྤྲོ་ལ།སློབ་མའི་ཁྱིམ་བདག་རྣམས་པས་དབྱར་དགུན་གནང་སྐབས་རང་གི་བྱིས་པས་དཔེ་ཆར་མ་བལྟས་ཀྱང་དགེ་རྒན་གྱི་མདུན་ནས་བལྟས་ཚུལ་བལྟས་རབས་བཤད་ནས་དགེ་རྒན་ལ་མགོ་སྐོར་གཏོང་ལ། བྱིས་པར་སློབ་གྲྭ་ནས་སློབ་སྦྱོང་བྱས་མིན་དང་དགེ་རྒན་གྱིས་ཁྲིད་པ་ལེགས་མིན་སོགས་དྲི་བ་ལས་ཟ་མའི་བཟང་ངན་དང་རོགས་སྐྱོར་ཐོབ་མིན་སོགས་འདྲི་བས།བདག་ལ་རེ་ཞིག་སྐད་ཆ་བཤད་པའི་སྟོབས་ཤུགས་ཀྱང་མེད་པར་གྱུར་འགྲོ།

དེ་བས་བདག་གིས་སློབ་མའི་སྐད་ཡིག་གི་ཆུ་ཚད་མཐོར་འདེགས་གཏང་ཆེད་དང་སློབ་མར་དཔེ་ཆ་ཉོ་བའི་གོམས་སྲོལ་ལེགས་པོ་ཞིག་ཆགས་སུ་འཇུག་ཆེད། སློབ་མ་རེ་རེ་ནས་དཔེ་ཆ་གཉིས་རེ་ཉོ་རུ་བཅུག་སྟེ་སྡོམ་པས་སྐད་ཡིག་གི་དཔེ་ཆ་བརྒྱ་ཐམ་པ་རང་འཛིན་གྲྭའི་དཔེ་སྒྲོམ་དུ་ཉར་ཐུབ་པ་བྱུང་ཡོད་ལ། མིང་ལའང་བོད་རིགས་སློབ་འབྲིང་སློབ་མས་ངེས་པར་དུ་བཀླག་དགོས་པའི་དཔེ་ཆ་བརྒྱ་བ་ཞེས་བཏགས་ཡོད།སྤྱིར་དཔེ་ཆ་བརྒྱ་བ་ཞེས་པའི་མིང་དེ་ནི་ང་ལ་མཚོན་ན་འོལ་ཚོད་ཀྱིས་བཏགས་པ་ཙམ་ལས་གནས་ལུགས་འདིའོ་ཞེས་ཁ་ཚོན་གཅད་རྒྱུ་མེད།  གལ་ཏེ་ངས་བདམས་པའི་དཔེ་ཆ་བརྒྱ་བ་དེ་ནི་ངེས་པ་དོན་གྱིས་བོད་རིགས་སློབ་འབྲིང་སློབ་མས་ངེས་པར་དུ་བཀླག་དགོས་པའི་དཔེ་ཆ་བརྒྱ་བ་རུ་གྱུར་ན་ནི། དེ་ལ་དགོས་པ་དང་དོན་སྙིང་རྒྱ་ཆེན་པོ་མཆིས་པས། སྐབས་དེ་དུས་གླེང་བ་ལས་གནས་སྐབས་འོལ་ཚོད་ཀྱི་སྟེང་ལ་འོལ་ཚོད་བསྣན་པར་མི་བྱའོ།

ང་ཚོའི་སློབ་འབྲིང་སློབ་མར་བསམ་བློའི་དམིགས་གཟུགས་ས་ཞིག་ངེས་པར་དུ་མཁོ་བར་འདོད་དེ།དཔེ་ཆ་བརྒྱ་བ་འདི་བསྒྲིག་པར་རང་ཚོད་ཀྱིས་བསམ་གཞིག་བཏང་ཁུལ་ཙམ་ཡིན་མོད།འདི་ལ་ད་དུང་མང་སྐྱོན་དང་ཉུང་སྐྱོན། དཔེ་ཆ་བདམས་པ་ནོར་སྐྱོན་སོགས་ཀྱི་སྐྱོན་ཆ་བགྲང་བས་མི་ཚར་བ་ཞིག་ཡོད་པའང་སྨྲ་མི་དགོས་པ་ཡིན།  དེ་བས་བདག་གིས་དྲ་ངོས་སུ་འཇོག་དོན་ཡང་རང་རིགས་ཀྱི་མི་རབས་རྗེས་མར་ཤ་ཚ་བའི་བོད་ཀྱི་སློབ་གསོའི་ཆེད་མཁས་པ་དང་ཤེས་ཡོན་ཅན།དགེ་རྒན་ཀུན་གྱི་གསེར་ལྟ་བུའི་བསམ་འཆར་བསྡུ་ལེན་བྱས་ཏེ་ཇེ་རྒྱས་ཇེ་ལེགས་སུ་གཏང་ཆེད་ཡིན་པས་ཀུན་ཀྱིས་རྒྱབ་སྐྱོར་གནང་རོགས་ཞུ།

གསལ་བཤད།

དོན་ཀྱིས་དཔེ་ཆ་བརྒྱ་བ་ཞེས་དཔེ་ཆ་འདི་འདྲའི་མང་པོ་ཞིག་བདམས་དོན་ནི་སྐད་ཡིག་གི་ཆུ་ཚད་ཤིན་ཏུ་བཟང་བའི་སློབ་འབྲིང་སློབ་མ་དག་ལ་དམིགས་པ་ཡིན་པས།  ཀུན་གྱིས་བརྒྱ་བོ་ངེས་པར་དུ་བཀླག་དགོས་པའི་ལྟ་ཚུལ་བཟུང་མེད་ལ།ལྷག་པར་དུ་ཉོ་འཚོང་ལྟ་བུའི་སློབ་མའི་མཐོ་རྒྱུགས་སྤྲོད་སྤྱད་ཁོ་ནར་དེ་བས་ཀྱང་དམིགས་མེད།

བོད་རིགས་སློབ་འབྲིང་སློབ་མས་ངེས་པར་དུ་བཀླག་དགོས་པའི་དཔེ་ཆ་བརྒྱ་བ།

དཔེ་ཆའི་མིང་།           རྩོམ་པ་པོ།         ནང་དོན།

༡. དགེ་ཆོས་གསུང་རྩོམ་ཕྱོགས་བསྒྲིགས།  པོད་ལྔ།     དགེ་འདུན་ཆོས་འཕེལ།          གསུང་རྩོམ་ཕྱོགས་བསྒྲིགས།

༢. དོན་གྲུབ་རྒྱལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས།  པོད་དྲུག   དོན་གྲུབ་རྒྱལ།         གསུང་རྩོམ་ཕྱོགས་བསྒྲིགས།

༣. དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས། དུང་དཀར་བློ་བཟང་འཕྲིན་ལས། གསུང་རྩོམ་ཕྱོགས་བསྒྲིགས།

༤. བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་ཡིག་གཅེས་བསྡུས།   རིན་ཆེན་རྡོས་བསྒྲིགས།     གསུང་རྩོམ་ཕྱོགས་བསྒྲིགས།

༥ ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།  ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།  གསུང་རྩོམ་ཕྱོགས་བསྒྲིགས།

༦.ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས།       ནམ་མཁའི་ནོར་བུ།         གསུང་རྩོམ་ཕྱོགས་བསྒྲིགས།

༧.མི་དབང་རྟོགས་བརྗོད།     མདོ་མཁར་ཞབས་དྲུང་བ་ཚེ་རིང་དབང་རྒྱལ། རྟོགས་བརྗོད།

༨.གཞོན་ནུ་དྲུག་གི་རྟོགས་བརྗོད།      རྟོགས་བརྗོད།

༩.བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད།   རྟོགས་བརྗོད།

༡༠.མི་ལ་རས་པའི་རྣམ་ཐར།   གཙང་སྨྱོན་ཧེ་རུ་ཀ རྣམ་ཐར།

༡༡ ལྷ་མོའི་འཁྲབ་གཞུང་བརྒྱད།   རྣམ་ཐར།

༡༢ འཛམ་གླིང་སྐད་ཡིག་གི་སྐྱེ་འཆི་ལུག་རྫི་རྒན་པོའི་ཀི་སྒྲ། ཚུལ་ཁྲིམས་བློ་གྲོས། སྐད་ཡིག་ལོ་རྒྱུས།

༡༣ བྱ་སྤྲེལ་གཏམ་རྒྱུད།  རྡོ་རིང་བསྟན་འཛིན་དཔལ་འབྱོར།    གཏམ་རྒྱུད།

༡༤ གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད།  མདོ་མཁར་ཞབས་དྲུང་བ་ཚེ་རིང་དབང་རྒྱལ། གཏམ་རྒྱུད།

༡༥ དབྱི་སུའོ་ཡིས་བརྩམས་པའི་གཏམ་རྒྱུད།   དབྱི་སོ། གཏམ་རྒྱུད།

༡༦ ནང་བསྟན་སློབ་དེབ་སྐལ་བཟང་འཇུག་ངོགས།  ཤེས་རབ་བསྟན་དར(རྒྱ་གྲོལ) ནང་ཆོས་ངོ་སྤྲོད།

༡༧ ཉི་ཆོས་བཟང་པོའི་སྒྲུང་།     སྒྲུང་།

༡༨ ཚངས་དབྱངས་རྒྱ་མཚོའི་མགུར་གླུ། ཚངས་དབྱངས་རྒྱ་མཚོ།  མགུར་གླུ།

༡༩ ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་མགུར་གླུ། ཞབས་དཀར་ཚོགས་དྲུག་རང་གྲོལ།   མགུར་གླུ།

༢༠ ཁ་ཆེ་ཕ་ལུ།   པཎ་ཆེན་བསྟན་པའི་ཉི་མ།     ལེགས་བཤད།

༢༡ ས་སྐྱ་ལེགས་བཤད།   ས་སྐྱ་པཎ་ཊི་ཏ་ཀུན་དགའ་རྒྱལ་མཚན།     ལེགས་བཤད།

༢༢ དགེ་ལྡན་ལེགས་བཤད།    པཎ་ཆེན་བསོད་ནམས་གྲགས་པ། ལེགས་བཤད།

༢༣ ཆུ་ཤིང་གི་བསྟན་བཅོས།    གུང་ཐང་བསྟན་པའི་སྒྲོན་མེ།   ལེགས་བཤད།

༢༤ ཤེས་རབ་རྒན་པོའི་འབེལ་གཏམ། སྦྲང་ཆར་རྩོམ་སྒྲིག་ཁང་གིས་བསྒྲིགས།  འབེལ་གཏམ།

༢༥ བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ། གྱི་ལུང་བཀྲ་ཤིས་རྒྱ་མཚོ་དང་གྱི་ལུང་ཐུགས་མཆོག་རྡོ་རྗེ། རུས་མཛོད

༢༦ མདའ་དང་འཕང་ ། མཁར་རྨེའུ་བསམ་གཏན། དཔྱད་བརྗོད

༢༧ བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ།    དུང་དཀར་བློ་བཟང་འཕྲིན་ལས། དཔྱད་བརྗོད

༢༨ བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ།  རྒྱལ་མོ་འབྲུག་པ།  ལོ་རྒྱུས

༢༩ བོད་ཀྱི་ལོ་རྒྱུས་སྤྱི་དོན་པད་མ་རཱ་གའི་ལྡེ་མིག   ཐུབ་བསྟན་ཕུན་ཚོགས།   ལོ་རྒྱུས

༣༠ རྒྱལ་རབས་གསལ་བའི་མེ་ལོང་།   ས་སྐྱ་བསོད་ནམས་རྩེ་མོ།  ལོ་རྒྱུས

༣༡ རྒྱལ་རབས་དེབ་ཐེར་དཀར་པོ།    དགེ་འདུན་ཆོས་འཕེལ།  ལོ་རྒྱུས

༣༢ བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་།     དམུ་དགེ་བསམ་གཏན།  ལོ་རྒྱུས

༣༣ དགེ་ཆོས་ཞིབ་འཇུག མེ་ལྕེས་བསྒྲིགས།   ཞིབ་འཇུག་དཔྱད་རྩོམ

༣༤ རང་གྲོལ་ཞིབ་འཇུག  (དེབ་བཞི) དགུ་རོང་སྤུན་གྲོལ་གྱིས་བསྒྲིགས། ཞིབ་འཇུག་དཔྱད་རྩོམ

༣༥ དགེ་འདུན་ཆོས་འཕེལ།    རྡོ་རྗེ་རྒྱལ།  ལོ་རྒྱུས་དཔྱད་རྩོམ

༣༦ དྲང་བདེན་གྱིས་བསླུས་པའི་སློང་མོ་བ།   ཧོར་གཙང་འཇིགས་མེད། ལོ་རྒྱུས་དཔྱད་རྩོམ

༣༧ ཕ་མས་བདག་ལ་འདི་སྐད་གསུངས།     མོག་ཆུང་ཕུར་ཁོ།  རིག་གཞུང་དཔྱད་རྩོམ

༣༨ བོད་རྩོམ་གསར་བ་བདམས་བཀོད་དང་དེ་དག་གི་དཔྱད་པ།  བདུད་ལྷ་རྒྱལ།    རྩོམ་རིག་དཔྱད་བརྗོད

༣༩ སོ་ལྟ་དང་གཟབ་ཉན། ཚེ་རིང་དོན་གྲུབ།  རྩོམ་རིག་དཔྱད་བརྗོད

༤༠ སློབ་གསོའི་ཐབས་ལམ་རྣམ་བཤད།     གཅན་རོང་བསྟན་འཛིན། སློབ་གསོ་དཔྱད་བརྗོད

༤༡ སློབ་གསོའི་ལག་ལེན་རྣམ་བཤད།  གཅན་རོང་བསྟན་འཛིན། སློབ་གསོ་དཔྱད་བརྗོད

༤༢ རྩོམ་ཉམས་དཔེ་ཁྲིད།     བྱ་མདོ་དོན་གྲུབ་ཚེ་རིང་། རྩོམ་ཡིག་འབྲི་ཐབས།

༤༣ སྐྱ་བོའི་སློབ་གསོ།    དོ་རྒྱ་བསོད་ནམས་ཚེ་རིང་།    སློབ་གསོའི་མྱོང་བཤད།

༤༤ ཐོན་མིའི་ཞལ་ལུང་། ཚེ་ཏན་ཞབས་དྲུང་།     སུམ་རྟགས་མཐའ་དཔྱོད

༤༥ བརྡ་སྤྲོད་བློ་གསལ་དགའ་སྟོན།   དམུ་དགེ་བསམ་གཏན།  བརྡ་སྤྲོད།

༤༦ བརྡ་སྤྲོད་བློ་གསལ་འཇུག་ངོགས  དམུ་དགེ་བསམ་གཏན།  བརྡ་སྤྲོད།

༤༧ བརྡ་སྤྲོད་གསལ་བཤད་ངག་སྒྲོན། དཔའ་རིས་སངས་རྒྱས།   བརྡ་སྤྲོད།

༤༨ བརྡ་སྤྲོད་སྦྱོར་བ་རྣམ་བཞི། དཔའ་རིས་སངས་རྒྱས།   བརྡ་སྤྲོད།

༤༩ དག་ཡིག་རིག་པའི་གབ་པ་མངོན་ཕྱུང་།  དཔའ་རིས་སངས་རྒྱས།   དག་ཡིག

༥༠ དཔེ་ཆོས་རྣ་བའི་བདུད་རྩི།  དཔའ་རིས་སངས་རྒྱས།   དཔེ་ཆོས།

༥༡ སངས་རྒྱས་ཆོས་ལུགས་ཀྱི་སྤྱི་དོན་གསར་བཤད།  ཁུ་བྱུག     ནང་ཆོས་གསར་བཤད།

༥༢ ན་གཞོན་རབ་བྱེད།  བདུད་ལྷ་རྒྱལ་དང་མེ་ལྕེ་གཉིས་ཀྱིས་བསྒྱུར་བསྒྲིགས་བྱས།  བསྒྱུར་རྩོམ

༥༣ གཞོན་ནུའི་རབ་བྱེད། ཉི་གཞོན་གྱིས་བསྒྱུར་བསྒྲིགས་བྱས།    བསྒྱུར་རྩོམ

༥༤ གན་དྷིའི་རྣམ་ཐར་དང་གསུང་རྩོམ་བདེན་པའི་ཨུ་ཚུགས།     བསྒྱུར་རྩོམ

༥༥ མདོ་མཛངས་བླུན།  འགོས་ཆོས་གྲུབ་ཀྱིས་བསྒྱུར།    བསྒྱུར་རྩོམ

༥༦ ཕེ་གིན་ནས་མི་ཚེ་གླེང་བ།  བདུད་ལྷ་རྒྱལ་གྱིས་བསྒྱུར། བསྒྱུར་རྩོམ

༥༧ སྙན་ངག་གི་མཆོད་པ།    ཐེ་ཀེར་གྱིས་བརྩམས། ཆབ་བྲག་མགོན་པོ་སྐྱབས་ཀྱིས་བསྒྱུར། བསྒྱུར་རྩོམ

༥༨ བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན།  རྒྱ་ཡེ་བཀྲ་བྷོ་སོགས།     རྩོམ་རིག་ལོ་རྒྱུས

༥༩ བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་དང་དེ་དག་གི་དཔྱད་པ།   དཔའ་རྩེ་དང་ལྷ་རྒྱལ་ཚེ་རིང་།  རྩོམ་རིག་ལོ་རྒྱུས

༦༠ དམངས་སྲོལ་ཞིབ་འཇུག   གཅན་བཀྲ་བྷོ།    དམངས་སྲོལ།

༦༡ དམངས་སྲོལ་ཞིབ་འཇུག   རྒྱང་འཁོར་ཚེ་ཕུན། དམངས་སྲོལ།

༦༢ དོགས་སློང་སྙིང་སྟོབས།    ཞོགས་དུང་། འབོལ་རྩོམ

༦༣ དགག་སྒྲུབ་སྙིང་སྟོབས།    འགྱན་སངས་རྒྱས་དོན་གྲུབ།    འབོལ་རྩོམ

༦༤ འཚོལ་རྟོགས་སྙིང་སྟོབས།  བདུད་ལྷ་རྒྱལ།    འབོལ་རྩོམ

༦༥ མི་གཞིའི་སྙིང་སྟོབས། མེ་ལྕེ། འབོལ་རྩོམ

༦༦ བདེན་འཚོལ་སྙིང་སྟོབས།  བྱང་སྐར།   འབོལ་རྩོམ

༦༧ རིག་གནས་སྙིང་སྟོབས།    ཉི་གཞོན།  འབོལ་རྩོམ

༦༨ ཟ་མ་མོའི་སྐྱིད་སྡུག་གངས་མ་ཆར། འཇམ་དབྱངས་སྐྱིད།    འབོལ་རྩོམ

༦༩ རིག་གནས་དང་མི་གཤིས།  འགྱན་སངས་རྒྱས་དོན་གྲུབ།    འབོལ་རྩོམ

༧༠ རྩོམ་རིག་དང་མི།   བྱ་གཞུང་དབྱངས་བྷ།    འབོལ་རྩོམ

༧༡ བསམ་གཞིག་གི་ཁ་དོག    ཁྲི་སེམས་དཔའ།   འབོལ་རྩོམ

༧༢ དཔྱོད་ཤེས་རྒྱང་འབོད།    ཞོགས་དུང་། འབོལ་རྩོམ

༧༣ ང་ཚོ་སད་རན།     སྒོ་ཤེས་རབ་རྒྱ་མཚོ།     འབོལ་རྩོམ

༧༤ རྒྱུན་ཤེས་དང་ལམ། སྒོ་ཤེས་རབ་རྒྱ་མཚོ།     འབོལ་རྩོམ

༧༥ ན་གཞོན་གསར་བ།  ནུབ་བྱང་ཚང་གིས་བསྒྲིགས།    འབོལ་རྩོམ

༧༦ དམྱལ་ཟགས་ནང་ན་ཀུ་རེ་མེད།  ནག་པོ་སྐལ་བཟང་།     བརྩམས་སྒྲུང

༧༧ གཙུག་གཡུ།  གླང་འདུན་དཔལ་འབྱོར། བརྩམས་སྒྲུང

༧༨ མེས་པོ། ཚེ་རིང་དོན་གྲུབ།  བརྩམས་སྒྲུང

༧༩ རླུང་དམར་འུར་འུར། ཚེ་རིང་དོན་གྲུབ།  བརྩམས་སྒྲུང

༨༠ ཚེ་རིང་དོན་གྲུབ་ཀྱི་སྒྲུང་འབྲིང་བདམས་བསྒྲིགས།     ཚེ་རིང་དོན་གྲུབ།  བརྩམས་སྒྲུང

༨༡ ལྷིང་འཇགས་ཀྱི་རྩྭ་ཐང་།   སྟག་འབུམ་རྒྱལ།  བརྩམས་སྒྲུང

༨༢ རྡུལ་འཚུབ་དྭངས་སོང་།   ཨ་ལེ། བརྩམས་སྒྲུང

༨༣ བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད།    བྲག་གདོང་བཀྲས་གླིང་དབང་རྡོར།   བརྩམས་སྒྲུང

༨༤ ཙོང་ཁའི་རྒྱལ་བོ།   ཚེ་བརྟན་རྡོ་རྗེ།   ལོ་རྒྱུས་བརྩམས་སྒྲུང

༨༥ གངས་ཅན་བོད་ཡུལ་དུ་སྤྲིངས་བའི་འཕྲིན་ཡིག འབྲོང་བུ་རྡོ་རྗེ་རིན་ཆེན། ལོ་རྒྱུས་བརྩམས་སྒྲུང

༨༦ སྒྲུང་གཏམ་རླབས་ཀྱི་ཟེགས་མ། སྟོད་སྨད།     སྦྲང་ཆར་ལོ་འཁོར་༢༷དཔེ་ཚོགས།    བརྩམས་སྒྲུང

༨༧ སྙན་རྩོམ་ཅོ་ཀའི་དྲུག་འགྱུར།    སྟོད་སྨད།     སྦྲང་ཆར་ལོ་འཁོར་༢༷དཔེ་ཚོགས།    སྙན་ངག

༨༨ ལྷུག་རྩོམ་པད་མའི་ཟེའུ་འབྲུ།    སྦྲང་ཆར་ལོ་འཁོར་༢༷དཔེ་ཚོགས།    ལྷུག་རྩོམ

༨༩ སེམས་ཀྱི་བཞུར་རྒྱུན། གང་རྒྱན་མེ་ཏོག་གི་ལེགས་རྩོམ་གཅེས་བསྡུས། སྙན་ངག

༩༠ དུས་རབས་ཀྱི་འགྱུར་ཁུགས། དེང་རབས་བོད་ཀྱི་རྩོམ་པ་པོའི་སྙན་རྩོམ་ཕྱོགས་བསྒྲིགས།   སྙན་ངག

༩༡ ལག་རྩལ།    གཉན།    སྙན་ངག

༩༢ གངས་གྲོང་གི་རླུང་བུ།     འཇུ་སྐལ་བཟང་།  སྙན་ངག

༩༣ སྐད་ཆ་བསོར་མོ་རེ་བཤད་ན།     མདའ་བཙན་པོ།  སྙན་ངག

༩༤ མང་ཚོགས་སྒྱུ་རྩལ་གྱི་དཔེ་ཚོགས། མང་ཚོགས་སྒྱུ་རྩལ་ཁང་གིས་བསྐྲུན   སྣ་ཚོགས།

༩༥ ལྷ་གླིང་གབ་ཙེ་དགུ་སྐོར།   སྒྲུང་བ་གྲགས་པས་བཤད་པ།    གླིང་སྒྲུང་།

༩༦ ཧོར་གླིང་གཡུལ་འགྱེད།     གླིང་སྒྲུང་ །

༩༧ བདུད་གླིང་གཡུལ་འགྱེད།    གླིང་སྒྲུང་ །

༩༨ འཇང་གླིང་གཡུལ་འགྱེད།    གླིང་སྒྲུང་ །

༩༩ མོན་གླིང་གཡུལ་འགྱེད།      གླིང་སྒྲུང་ །

༡༠༠ ཤར་དུང་རི།   ནུབ་བྱང་ཚང་གིས་བསྒྲིགས།

རྩོམ་སྒྲིག་པ།  སྒྲེ་བོ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།