SatDecSat2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

སྔོན་ཆད་རིག་གནས་ཆེ་ཆུང་བཅུ་རུ་ཕྱེ་ཡོད་པ་དེ་དེང་སང་དེ་ལས་མང་དུ་བགོ་ཆོག

འབུམ་གངས་སྨྱུག

རྩོམ་རིག་མེ་ལོང་གི་ངོས་ནས་བོད་ཀྱི་སྐད་ཡིག་གི་རིན་ཐང་ངོས་འཛིན་གྱིས་མ་འོངས་རྒྱུན་འཁྱོངས་བྱ་ཐབས་དང༌།ལྷག་པར་དུ་བོད་ཀྱི་སྐད་ཡིག་གི་སྤུས་ཚད་གོང་མཐོར་དང་སྐད་ཡིག་གི་ཁོར་ཡུག་གཞི་ཁྱོན་ཇེ་ཆེར་ཡོང་ཐབས།དེ་བཞིན་མི་རབས་གསར་པ་རྣམས་ལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བདག་གཅེས་ཡོང་ཐབས་སོགས་ཀྱི་ཐོག་རྩོམ་པ་པོ་འབུམ་གངས་སྨྱུག་ལགས་སུ་འདྲི་ཞུས་པ་གཤམ་བཀོད་ཡོད་པས་གཟིགས་ཞིབ་གནང་འཚལ།

༡ ༽  ཁྱོད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།



ངའི་མིང་ལ་འབུམ་རྒྱུད་རྟ་མགྲིན་བཀྲ་ཤིས་དང་སྨྱུག་མིང་དུ་འབུམ་གངས་སྨྱུག་ཅེས་འབོད།དུས་རབས་གོང་མའི་ལོ་རབས་དགུ་བཅུ་པའི་སྨད་དུ་མདོ་ཁམས་སྟོད་ཀྱི་ཡུལ་ཤུལ་ས་ཆའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས།སློབ་གྲྭ་ཆེ་འབྲིང་ཆུང་གསུམ་རིམ་བཞིན་བརྒྱུད་དེ་མཐར་ཕྱིན་ནས་ཡིག་བསྒྱུར་དང་རྩོམ་རིག་གསར་རྩོམ་བཅས་ཀྱི་ལས་ཀར་འཇུག་གིན་ཡོད།

༢ ༽ ད་ལྟའི་བོད་སྐད་ཡིག་གི་ཁྱབ་ཚད་སྔོན་ཆད་དང་བསྡུར་ན་ཅི་ལྟ་བུ་ཞིག་ཏུ་མཐོང་གི་ཡོད།

བོད་ནང་ཁུལ་ལ་ན་མཚོན་ན་སྔོན་ལས་ལེགས་ཕྱོགས་ཀྱི་འགྱུར་བ་དང་ངན་ཕྱོགས་ཀྱི་འགྱུར་བ་གཉིས་ཀ་འདུག་མོད།དེ་གཉིས་ཞིབ་བསྡུར་ཞིག་བྱས་ཚེ་ངན་ཕྱོགས་དེ་ལྟོས་བཅས་ཀྱིས་ཤས་ཆེ་བར་འདོད།ངས་བཤད་པའི་ལེགས་ཕྱོགས་ཞེས་པ་ནི་དེང་སང་མི་རིགས་གཞན་གྱི་སྐད་ཤེས་མཁན་དང་དེ་དག་གི་ལེགས་ཆ་ཚུར་ལེན་བྱེད་མཁན་བཅས་ཅུང་མང་ལ།བོད་ནང་གི་ཤེས་ཡོན་ཅན་ཕལ་ཆེར་གྱིས་བོད་ཀྱི་སྐད་ཡིག་གི་རྨང་གཞིའི་སྟེང་རྒྱ་ཡིག་ཀྱང་ཤེས།ད་དུང་དབྱིན་ཡིག་སོགས་སྐད་རིགས་གཞན་ཤེས་མཁན་ཡང་འདུགངན་ཕྱོགས་ཀྱི་འགྱུར་བ་ཞེས་པ་ནི་བོད་ཀྱི་སྐད་ཡིག་བསླབ་ན་མདུན་ལམ་མེད་པ་འདོད་མཁན་དང་བོད་ཀྱི་སྐད་ཡིག་གཏན་ནས་མི་ཤེས་མཁན་བཅས་ཇེ་མང་ནས་ཇེ་མང་རེད།དེ་ལྟར་ས་ཆ་འགའ་ནས་བོད་ཀྱི་སྐད་ཡིག་རྒུད་པའི་ལམ་དུ་ཕྱོགས་ཟིན།ཉེན་ཁ་ཡང་ཇེ་ཆེ་ནས་ཇེ་ཆེ་རེད།


༣ ༽ བོད་རང་གི་ཡུལ་སྲོལ་གོམས་གཤིས་མངོན་ཐུབ་པའི་བོད་སྐད་ཡིག་འདི་མ་འོངས་པར་སྤུས་ཚད་ཇི་འདྲ་ཞིག་ཏུ་འགྱུར་གྱི་རེད།

མ་འོངས་པར་འདི་ལྟར་འགྱུར་ཞེས་མ་འོངས་ལུང་བསྟན་ལྟ་བུ་ཞིག་བཤད་ཁག་པོ་རེད་མོད།རིམ་གྱིས་རིག་ཚན་སྣ་ཇེ་མང་དང་ཞིབ་འཇུག་གི་ལས་སྣེ་ཇེ་མང་དུ་འགྲོ་ཐུབ་སྙམ།སྔོན་ཆད་རིག་གནས་ཆེ་ཆུང་བཅུ་རུ་ཕྱེ་ཡོད་པ་དེ་དེང་སང་དེ་ལས་མང་དུ་བགོ་ཆོག དཔེར་ན་ལོ་རྒྱུས་རིག་པ་དང་དམངས་སྲོལ་རིག་པ། བརྡ་སྤྲོད་རིག་པ་སོགས་ལྟ་བུ་མང་ངོ།། ཞིབ་འཇུག་གི་ལས་སྣེ་ཡང་འཛམ་གླིང་གི་ས་ཆ་མང་པོར་རིགས་སྣ་ཚོགས་ཡོད་པ་ལྟར་རེད།

༤༽ ད་ལྟའི་བོད་ཀྱི་མཐོ་རིམ་སློབ་གྲྭ་རྣམས་ཀྱིས་རིག་གནས་སྣ་མང་སྦྱང་ཆེད་གཞན་སྐད་སྟེང་ཆེད་ལས་སྦྱང་བ་མང་རུ་འགྲོ་བཞིན་པའི་དུས་སུ་བོད་སྐད་ཡིག་གི་ཆུ་ཚད་ཀྱིས་མ་འོངས་པར་ས་ཆ་ག་ཚོད་ཅིག་ཟིན་གྱི་རེད


བོད་རིགས་སློབ་ཆེན་པ་ཚང་མས་བོད་ཀྱི་སྐད་ཡིག་གི་ཆེད་ལས་གཉེར་དགོས་པའི་རེ་བ་ཡང་གཏན་ནས་འདོན་མི་རུང་སྙམ།གནད་དོན་གཙོ་བོ་ནི་རྩོམ་རིག་དང་ཡིག་བསྒྱུར་བཅས་སྣ་རེ་གཉིས་ལས་བོད་ཀྱི་སྐད་ཡིག་གི་སྟེང་ནས་དཔལ་འབྱོར་རིག་པ་དང་མིའི་རིགས་རིག་པ་བཅས་རིག་ཚན་སྣ་མང་ཆེད་ལས་སུ་གཉེར་མི་ཐུབ་པ་འདི་ཡིན་སྙམ།གཞན་གནད་དོན་གཙོ་བོ་ཞིག་ནི་སློབ་ཆུང་ནས་མཐོ་འབྲིང་གི་བར་དུ་བོད་ཀྱི་སྐད་ཡིག་གི་རྨང་གཞི་ཡག་པོ་འཇོག་ཐུབ་མེད་པ་ནི་འཇིགས་དགོས་པའི་གནས་སོ།།དཔེར་ན་ཡུལ་ཤུལ་སོགས་ནས་མཐོ་འབྲིང་མཐར་ཕྱིན་ཟིན་པའི་སློབ་མས་ཉིན་ཐོ་ཡག་པོ་ཞིག་ཀྱང་འབྲི་ཤེས་མཁན་དཀོན་པས།མ་འོངས་པར་བོད་ཀྱི་སྐད་ཡིག་གི་ཆུ་ཚོད་ཅུང་ཟད་ཡོད་མཁན་ག་ཚོད་འབྱུང་བ་ཚོད་དཔག་ཅིག་བྱས་ན་ཤེས་ཐུབ་བོ།།

༥ ༽ དེང་དུས་བོད་མི་འགའ་ཤས་ནས་ཡུལ་གྲུ་གཞན་གྱི་སྐད་ཡིག་ཤེས་ན་བོད་ཀྱི་སྐད་ཡིག་ཤེས་མི་དགོས་ཚུལ་ཤོད་མཁན་ལ་དགོངས་ཚུལ་གང་ཡོད།


དེ་ནི་རྩ་བར་དོར་ནས་ཡལ་གར་འཇུ་བར་འདོད་པའི་འཁྲུལ་སྣང་རང་རེད་འདོད།རང་གི་སྐད་ཡིག་ནི་རང་གི་འདུ་ཤེས་དང་བསམ་གཞིག་བཅས་ཀྱི་ཞིང་ས་གཤིན་པོ་དེ་ཡིན་པས།དེ་དང་བྲལ་ནས་རིག་གནས་གཞན་ལ་འཇུག་ཀྱང་འདུ་ཤེས་དང་བསམ་གཞིག་གི་འཐུས་སྒོ་མ་ཚང་བའི་མི་ནད་རོ་ཞིག་ལས་ཅི་ཡང་མིན།

༦ ༽ མ་འོངས་པའི་བོད་ཀྱི་མི་རབས་གསར་བ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་ག་ཚོད་ཅིག་སྤྲོད་ཀྱི་རེད་བསམ།


དེ་ཡང་གོང་དུ་བརྗོད་པ་ལྟར་འདི་འདྲ་འགྱུར་གྱི་རེད་ཅེས་བརྗོད་ཁག་པོ་རེད།འོན་ཀྱང་བོད་ཀྱི་སྐད་ཡིག་འདི་ཉེན་ཁ་ཇེ་ཆེར་འགྱུར་བ་དང་བསྟུན་དེ་ལ་ལྷག་ཏུ་དོ་སྣང་བྱེད་མཁན་གྱི་བོད་པ་འགའ་ཡང་འབྱུང་ངེས་རེད་དྲན།སྤྱི་ཡི་ཆ་ནས་བལྟས་ན་དོ་སྣང་བྱེད་མཁན་ཇེ་ཉུང་དུ་འགྲོ་ཡང་སྲིད།

༧ ༽ བོད་ཀྱི་སྐད་དང་ཡི་གེ་གཞི་རྒྱ་ཆེ་རུ་གཏོང་དགོས་པ་ཡིན་ན་ཁྱོད་ལ་ཐབས་ལམ་ཅི་ཞིག་ཡོད།

རང་ཉིད་བོད་སྐད་ཡིག་གི་དགེ་རྒན་ཞིག་ཏུ་འགྱུར་ཨེ་ཐུབ་བལྟ་བའམ།ཡང་ན་བོད་ཀྱི་རིག་གཞུང་ཞིབ་འཇུག་པ་ཞིག་ཏུ་ཨེ་འཁྱོངས་ལ་འབད་པ་བཅས་བྱེད་འདོད།གཞན་ད་དུང་རང་གི་ཁྱིམ་ཚང་གཙོས་ཉེ་འཁོར་གྱི་མི་དག་ལ་བོད་ཀྱི་སྐད་ཡིག་གི་གལ་ཆེན་རང་བཞིན་དང་ད་ལྟའི་གནས་བབས་བཅས་ངོ་སྤྲོད་བྱེད་པ་དང་།མཁོ་གལ་ཆེ་བའི་རིག་གནས་གཞན་བོད་ཀྱི་ཡི་གེར་འགྱུར་བར་ཤུགས་རྒྱག་པ་བཅས་སོ།།

 

རྩོམ་སྒྲིག་པ།  སྒྲེ་བོ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།