WedJanWed2018

སྤེལ་དུས་མཐའ་མ།08:20:03 AM GMT

རྩོམ་གསར།:

ཁོ་ཚོ་ལའང་ཁག་མེད་པ་ཞིག་རེད།

གྱད་མི།

རྩོམ་རིག་མེ་ལོང་གི་ངོས་ནས་བོད་ཀྱི་སྐད་ཡིག་གི་རིན་ཐང་ངོས་འཛིན་གྱིས་མ་འོངས་རྒྱུན་འཁྱོངས་བྱ་ཐབས་དང༌།ལྷག་པར་དུ་བོད་ཀྱི་སྐད་ཡིག་གི་སྤུས་ཚད་གོང་མཐོར་དང་སྐད་ཡིག་གི་ཁོར་ཡུག་གཞི་ཁྱོན་ཇེ་ཆེར་ཡོང་ཐབས།དེ་བཞིན་མི་རབས་གསར་པ་རྣམས་ལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བདག་གཅེས་ཡོང་ཐབས་སོགས་ཀྱི་ཐོག་རྩོམ་པ་པོ་གྱད་མི་ལགས་སུ་བཅར་འདྲི་ཞུས་པ་གཤམ་བཀོད་ཡོད་པས་གཟིགས་ཞིབ་གནང་འཚལ།

༡ ༽  ཁྱོད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།


གྱད་མི། དངོས་མིང་ལ་བསོད་ནམས་ཚེ་དབང་།སི་ཁྲོན་དཀར་མཛེས་ཁུལ་སྡེ་དགེ་རྫོང་གི་མི།གཞུང་ལུགས་སློབ་གཉེར་པ་དང་། སྙན་ངག་པ། འདས་མ་ད་གསུམ་ལ་མཆོད་མེ་དྲྭ་བ་གཙོས་པའི་འཕྲིན་སྟེགས་ཆེ་འབྲིང་ཆུང་གསུམ་དང་(གངས་དཀར་རི་བོ་)སོགས་དུས་དེབ་མི་ཉུང་བ་ཞིག་གི་ནང་དུ་རྩོམ་སྤེལ་མྱོང་ཡོད།


༢ ༽ ད་ལྟའི་བོད་སྐད་ཡིག་གི་ཁྱབ་ཚད་སྔོན་ཆད་དང་བསྡུར་ན་ཅི་ལྟ་བུ་ཞིག་ཏུ་མཐོང་གི་ཡོད།

སྐད་ཡིག་གི་ཐོག་ལ་སྔོན་ཆད་དང་བསྡུར་ན་ཉམས་རྒུད་ཅུང་འགྲོ་ཚར་ནའང་།ད་ལྟའི་ཆ་ནས་བཤད་ན་བོད་ཀྱི་ན་གཞོན་སློབ་མ་མི་ཉུང་བ་ཞིག་གིས་རང་ཉིད་ཀྱི་མེས་པོའི་དུར་བྱང་ལ་བསམ་བཞིན་བོད་ཆེན་པོའི་སྲོལ་རྒྱུན་གྱི་སྐད་དང་རིག་གནས་ལ་མཐོང་ཆེན་བྱེད་པ་མ་ཚད།སྐུ་ཤུའི་རྟགས་ཅན་གྱི་ཁ་པར་སྒོར་ཐོན་ནས་ད་བར་ཕྱོགས་བཞི་མཚམས་བརྒྱད་ལ་ང་ཚོའི་ཡི་གེའི་རླུང་རྟ་དར་བཞིན་པ་འདི་སྨྲོས་ག་ལ་དགོས།དེ་བཞིན་བོད་ཀྱི་གཅེས་ཕྲུག་སྐོར་ཞིག་གིས་དུས་དེབ་ཆེ་འབྲིང་ཆུང་གསུམ་ལ་དོན་གཉེར་བྱེད་པ་མ་ཚད་ད་རུང་རྩོམ་ཡོན་སོགས་སྐུར་རྒྱུ་ཡོད་པ་འདི་ང་ཚོའི་སྐད་ཡིག་གིས་ཟ་མ་མི་རག་ཟེར་ཐུབ་ཐབས་བྲལ་ལོ།།ཡང་བོད་ཀྱི་ན་གཞོན་ཁག་གཅིག་གིས་ནང་བསྟན་འདི་བོད་ལ་མེད་དགོས་རབས་སོགས་བཤད་མཁན་ཡོད་ཀྱང་དེ་དག་ནི་རང་མགོ་སྟ་རེ་ལས་མ་འདས་སོ།།

༣ ༽ བོད་རང་གི་ཡུལ་སྲོལ་གོམས་གཤིས་མངོན་ཐུབ་པའི་བོད་སྐད་ཡིག་འདི་མ་འོངས་པར་སྤུས་ཚད་ཇི་འདྲ་ཞིག་ཏུ་འགྱུར་གྱི་རེད།

མ་གཞི་དྲི་བ་འདི་ལ་ལན་ཧ་ཅང་ཕུལ་དཀའ་ཡང་།མུ་ནས་ང་ཚོའི་སྐད་དང་ཡི་གེ་འདི་འདྲ་ཞིག་ཏུ་གྱུར་ཚེ་མི་རིང་བ་ཉམས་རྒུད་ཆེན་པོ་འགྲོ་རྒྱུ་རེད་བསམ་གིན་ཡོད།རྒྱུ་མཚན་ནི་ད་ལྟའི་བོད་ཀྱི་སློབ་མ་ཡིན་པ་མ་ཚད་སློབ་ཆེན་འདོན་ཚར་མཁན་དག་གིས་བོད་སྐད་ཡིག་ལ་སློབ་གཉེར་བྱེད་སྟངས་ནི་ཧ་ཅང་དམན་ནོ།།ཁོ་ཚོ་ལའང་ཁག་མེད་པ་ཞིག་རེད་དེ།བོད་ཀྱི་སྐད་ཡིག་བེད་སྤྱོད་དབེན་པས་ཁོང་ཚོས་གཞན་སྐད་ལ་ཤུགས་སྣོད་ཆེ་རྒྱུ་རེད།དེའི་རྐྱེན་གྱིས་ང་ཚོ་ན་གཞོན་ཁག་གིས་བོད་ཡིག་ལ་མཐོང་ཆེན་མ་བྱས་ན་མི་རིང་བ་བོད་སྐད་ཡིག་མ་ཚད་བོད་པ་མགོ་ནག་ཀྱང་མེད་པའི་དོགས་པ་མཆིས།

༤ ༽  ད་ལྟའི་བོད་ཀྱི་མཐོ་རིམ་སློབ་གྲྭ་རྣམས་ཀྱིས་རིག་གནས་སྣ་མང་སྦྱང་ཆེད་གཞན་སྐད་སྟེང་ཆེད་ལས་སྦྱང་བ་མང་རུ་འགྲོ་བཞིན་པའི་དུས་སུ་བོད་སྐད་ཡིག་གི་ཆུ་ཚད་ཀྱིས་མ་འོངས་པར་ས་ཆ་ག་ཚོད་ཅིག་ཟིན་གྱི་རེད།

འཛམ་གླིང་ལ་གྲགས་པའི་བོད་སྐད་ཡིག་གི་གནས་བབ་ད་ལྟ་སྐྱོ་རུ་འགྲོ་བཞིན་ཡོད་པས་འདི་ལ་ང་ཚོས་བསམ་བློ་དང་འབྲེལ་བའི་སྐད་ཆ་མི་དགོས་ལ་ཆབ་སྲིད་དང་འབྲེལ་བའི་སྐད་ཆ་མི་དགོས་དེ་བས་ང་ཚོས་བོད་སྐད་ཡིག་ད་ལྟ་བེད་སྤྱོད་གཏོང་མཁན་ཅི་ཙམ་ཡོད་མིན་དེ་ཚད་གཞིར་བཟུང་ན་ཡོད་ཚད་ངང་གིས་རྟོགས་ཡོང་།

༥ ༽ དེང་དུས་བོད་མི་འགའ་ཤས་ནས་ཡུལ་གྲུ་གཞན་གྱི་སྐད་ཡིག་ཤེས་ན་བོད་ཀྱི་སྐད་ཡིག་ཤེས་མི་དགོས་ཚུལ་ཤོད་མཁན་ལ་དགོངས་ཚུལ་གང་ཡོད།

གཏམ་དེ་ནི་བདག་དང་དང་བདག་འདྲ་བ་དག་གི་རྣ་བར་ལྷུང་ཚེ་སེམས་པའི་དཀྱིལ་དུ་སྐྱོ་བའི་རྨ་ཁ་ཆེན་པོ་ཞིག་ཐོན་ཡང་།ཁོང་ཚོའི་ཁ་ལ་ཟས་ཞིག་རག་པ་དང་རྒྱབ་ལ་གོས་ཤིག་ལོན་པ་དེ་དག་ལ་བསམ་བཞིན་སྐྱོ་རུ་འགྲོ་བའི་བོད་ཀྱི་ཡིག་གེ་ལ་མཐོང་ཆུང་བྱས་པ་རེད།དེ་བས་བོད་ཀྱི་ན་གཞོན་ཞིག་ཡིན་ཕྱིར་ཐོག་མ་རང་གི་སྐད་དང་ཡི་གེ་ལ་སློབ་གཉེར་བྱས་ཏེ་རིམ་གྱིས་ཕྱི་གླིང་གི་སྐད་དང་ཡི་གེ་ལ་བརྩོན་དགོས།དེ་མིན་ང་ཚོ་བོད་པ་ཞིག་ཡིན་ནའང་བོད་ཀྱི་སྐད་ཡིག་མ་ཤེས་ཚེ།ཁྱེད་ཉིད་ལ་ཅི་འདྲའི་འཇོན་ཐང་དང་སྙན་གྲགས་ཡོད་ཀྱང་མིག་གཡས་པ་ཡོད་ཀྱང་གཡོན་པ་མེད་པ་དང་ཅི་ནས་ཀྱང་འདྲའོ།།

༦ ༽ མ་འོངས་པའི་བོད་ཀྱི་མི་རབས་གསར་བ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་ག་ཚོད་ཅིག་སྤྲོད་ཀྱི་རེད་བསམ།

ད་ལྟའི་ན་གཞོན་དག་གིས་བོད་སྐད་ཡིག་དང་ཆོས་རིང་གཞུང་སོང་ལ་མཐོང་ཆེན་མ་སྤྲད་ན་མ་འོངས་ཕྱི་རབས་པས་ཀྱང་དེ་ལྟར་བཞག་ངེས། དེ་བས་ང་ཚོ་ལ་རག་ལས་ཡོད།

༧ ༽ བོད་ཀྱི་སྐད་དང་ཡི་གེ་གཞི་རྒྱ་ཆེ་རུ་གཏོང་དགོས་པ་ཡིན་ན་ཁྱོད་ལ་ཐབས་ལམ་ཅི་ཞིག་ཡོད།

དམིགས་གསལ་བ་ཞིག་མེད་དེ།ང་ཚོས་ཕྱི་གླིང་ནང་གླིང་གང་ལ་ཡིན་ནའང་བོད་ཡིག་ཡོད་པར་བྱ་དགོས།དཔེ་ན་བོད་ཡིག་ཉམས་རྒུད་འགྲོ་ལ་ཁད་ཀུ་ཤུའི་རྟགས་ཅན་གྱི་ཁ་པར་དར་དེའི་ནང་དུ་བོད་ཡིག་ཡོད་པར་བྱས་ཡོད་པས་དེ་ནས་ང་ཚོའི་སྐད་ཡིག་འདི་གཞི་རྒྱ་ཆེན་པོ་སོང་ཡོད།

 

རྩོམ་སྒྲིག་པ།   སྒྲེ་བོ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།