ThuNovThu2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

དེ་ལྟའི་ལྟ་བ་འཛིན་པའི་བོད་མི་ཞིག་མེད་པའི་རེ་བ་དང་སྨོན་ལམ་ཡོད།

མྱུག་གསར།

རྩོམ་རིག་མེ་ལོང་གི་ངོས་ནས་བོད་ཀྱི་སྐད་ཡིག་གི་རིན་ཐང་ངོས་འཛིན་གྱིས་མ་འོངས་རྒྱུན་འཁྱོངས་བྱ་ཐབས་དང༌།ལྷག་པར་དུ་བོད་ཀྱི་སྐད་ཡིག་གི་སྤུས་ཚད་གོང་མཐོར་དང་སྐད་ཡིག་གི་ཁོར་ཡུག་གཞི་ཁྱོན་ཇེ་ཆེར་ཡོང་ཐབས།དེ་བཞིན་མི་རབས་གསར་པ་རྣམས་ལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བདག་གཅེས་ཡོང་ཐབས་སོགས་ཀྱི་ཐོག་རྩོམ་པ་པོ་མྱུག་གསར་ལགས་སུ་བཅར་འདྲི་ཞུས་པ་གཤམ་བཀོད་ཡོད་པས་གཟིགས་ཞིབ་གནང་འཚལ།

 

༡ ༽ ཁྱོད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

ཕྲན་མིང་འཛིན་པ་སྤེན་པ་ཆུང་བདག་གམ་མྱུག་གསར་ནི། བོད་ལྗོངས་གཞི་རྩེ་ས་ཁུལ་དུ་ངུ་ངག་ཐོག་མར་གྱེར་ཞིང་། རང་གི་ཕུགས་བསམ་དང་མི་རིགས་ཀྱི་ཁུར་པོ་ཞིག་རྒྱབ་ཏུ་ཁྱེར་ནས་འཕགས་ཡུལ་དུ་ཆས་ཏེ། རྟ་བདུན་དབང་པོའི་བྱམས་བརྩེ་དང་བཤེས་གཉེན་དུ་མའི་ཐུགས་རྗེ་ལས་མ་སུ་རི་བོད་ཁྱིམ་དུ་ཤེས་རིག་ལ་གཞོལ་བའི་སྐལ་བཟང་བྱུང་ལ། ཕྱིས་སུ་རང་གི་འདོད་མོས་བཞིན་༢༠༡༣ལོར་ཝཱ་ཎ་གཙུག་ལག་སློབ་ཁང་དུ་རང་རིགས་ཀྱི་རིག་གཞུང་ལ་མིག་ཉུལ་བྱེད་ཤོར་ (འགྲུལ་བཞུད། ) ཅེས་པའི་རྩོམ་དེབ་ཅིག་ཀྱང་ཀློག་པ་པོའི་སྤྱན་ལམ་དུ་བསྟར་ཏེ། ད་ལྟ་ཡང་མུ་མཐུད་ནས་འདི་གར་ཤེས་རིག་གི་བདུད་རྩིར་རོལ་མྱོང་བྱེད་བཞིན་ཡོད།

༢ ༽ ད་ལྟའི་བོད་སྐད་ཡིག་གི་ཁྱབ་ཚད་སྔོན་ཆད་དང་བསྡུར་ན་ཅི་ལྟ་བུ་ཞིག་ཏུ་མཐོང་གི་ཡོད།

སྐབས་འདིར་བོད་ཀྱི་སྐད་ཡིག་ཅེས་པ་ངག་འགྲོས་སམ་ཁ་སྐད་ཙམ་མ་ཡིན་པར་གཞུང་ལུགས་དང་འབྲེལ་ནས་བརྗོད་ན། གནའ་རབས་བླ་ཆེན་དང་སྐུ་དྲག་འགའ་ཞིག་ལས།རང་རིགས་ནི་ཅི་འདྲའི་གླེན་ལྐུགས་ཅན་ཞིག་དང་མུན་ནག་གི་ཀློང་དུ་འཚོ་བའི་ཉམ་ཆུང་གི་མི་རིགས་ཤིག་ཡིན་པས་ཕྱི་ཡུལ་དང་འབྲེལ་ལམ་སོགས་ལ་སྟོང་ཆ་ཤིན་ཏུ་ཆེ་བས་བོད་ཀྱི་སྐད་ཡིག་ལྟ་ཅི།  མཐའ་ན་བོད་རིགས་ཞེས་པ་ཞིག་ཡོད་པའང་རྒྱལ་སྤྱིར་ཐོས་མྱོང་མེད་ངེསརེད།  འོན་ཀྱང་རྐྱེན་ངན་གྲོགས་ཤར་ཚུལ་གྱིས། ཀླ་ཀློའི་བཙན་གནོན་རྗེས་སུ་དབུལ་ཕྱུག་གི་དབྱེན་འབྱེད་མེད་པར་སེར་སྐྱ་ཅི་རིགས་ལ་ནང་བསྟན་ལ་སོགས་བོད་རིག་པར་ཐོས་བསམ་སློབ་གཉེར་བྱེད་པའི་སྐལ་བཟང་བྱུང་བ་ནས་བོད་ཀྱི་སྐད་ཡིག་གི་ཁྱབ་རྒྱ་ཇེ་ཆེར་སོང་ཡོད་ལ།  ལྷག་དོན་དུ་བོད་རྒྱུད་ནང་བསྟན་གྱི་རིན་ཐང་དང་༧རྒྱལ་བའི་མཛད་འཕྲིན་འབའ་ཞིག་ལས། བོད་ཀྱི་སྐད་ཡིག་ནི་བོད་རིགས་ཙམ་མ་ཡིན་པར་ཕྱི་རྒྱལ་མགོ་སེར་དག་གིས་ཀྱང་སྦྱོང་སྤྱོད་བྱེད་པའི་གནས་བབས་ཤིག་ཏུ་འགྱུར་ཡོད་པར་གཞིག་ན།  ད་ལྟའི་བོད་སྐད་ཡིག་གི་ཁྱབ་ཚད་སྔར་ལས་ཇེ་བཟང་དུ་སོང་ཡོད།

༣ ༽ བོད་རང་གི་ཡུལ་སྲོལ་གོམས་གཤིས་མངོན་ཐུབ་པའི་བོད་སྐད་ཡིག་འདི་མ་འོངས་པར་སྤུས་ཚད་ཇི་འདྲ་ཞིག་ཏུ་འགྱུར་གྱི་རེད།

དེང་གི་བོད་རིགས་གཞོན་སྐྱེས་ཚོར་གཞིག་ན།  སྦྲགས་སྐད་འབའ་ཞིག་ལ་བརྟེན་ནས་ཕན་ཚུན་ཁ་བརྡ་བྱེད་པ་དང་བོད་སྐད་ཡིག་ལ་རོལ་མྱོང་བྱེད་པའི་འདོད་པ་ཡང་དེ་ཙམ་མ་མཆིས་ཤིང་། བོད་སྐད་ལམ་ནས་ཁ་བརྡ་བྱེད་མཁན་དག་ཀྱང་ཕལ་ཚིག་དང་བརྡ་སྤྲོད་ཀྱི་གཤིས་ལུགས་དང་མི་མཐུན་པའི་ངག་འགྲོས་དང་རྩོམ་ཐུང་འགའ་ཞིག་སྤེལ་བའི་ཆ་ལུགས་ལ་གཞིག་ན།  རང་རིགས་ཀྱི་གཅེས་ནོར་དུ་འགྱུར་བའི་ནང་བསྟན་དང་རྩོམ་རིག་ལ་སོགས་པར་རོལ་མྱོང་ཡེ་ནས་བྱེད་མི་ཐུབ་པའི་གནས་བབས་ཤིག་ཏུ་འགྱུར་བར་སེམས།

༤ ༽ ད་ལྟའི་བོད་ཀྱི་མཐོ་རིམ་སློབ་གྲྭ་རྣམས་ཀྱིས་རིག་གནས་སྣ་མང་སྦྱང་ཆེད་གཞན་སྐད་སྟེང་ཆེད་ལས་སྦྱང་བ་མང་རུ་འགྲོ་བཞིན་པའི་དུས་སུ་བོད་སྐད་ཡིག་གི་ཆུ་ཚད་ཀྱིས་མ་འོངས་པར་ས་ཆ་ག་ཚོད་ཅིག་ཟིན་གྱི་རེད།

སྤྱིར་ན་བོད་སྐད་ཀྱི་ཁྱབ་ཚད་ནི་གནའ་རབས་ལས་རྒྱ་ཆེར་སོང་ཡོད་ལ་མཐའ་ན་མགོ་སེར་དག་གིས་ཀྱང་དེ་ལ་འབད་འབུངས་བྱེད་བཞིན་ཡོད་ཀྱང་།  དེ་དག་གི་ཁྲག་རྒྱུན་དུ་བོད་ཡིག་གི་ལམ་ནས་འཚོ་བ་མྱོང་རོལ་བྱེད་པ་ནི་ནམ་མཁའི་མེ་ཏོག་དང་གཉིས་སུ་མ་མཆིས་ཤིང་། བོད་ཕྲུག་མི་ཉུང་བ་ཞིག་ནི་ཕྱི་ཡུལ་གྱི་མཐོ་སློབ་ཏུ་སློབ་བཞིན་ཡོད་པས་རང་གི་སྐད་ཡིག་ལ་སྦྱོང་སྤྱོད་བྱེད་མཁན་ནི་མེད་ཟེར་ན་ཡང་ཆོག་པ་ཞིག་རེད་ལ།  ལྷག་དོན་དུ་བོད་ཀྱི་མཐོ་གྲྭའི་སློབ་མའི་གྲངས་ཚད་ནི་ཤིན་ཏུ་ཉུང་བའི་ཁར་ད་ལྟའི་བོད་ཀྱི་མཐོ་རིམ་སློབ་གྲྭ་རྣམས་ཀྱིས་རིག་གནས་སྣ་མང་སྦྱང་ཆེད་གཞན་སྐད་སྟེང་ཆེད་ལས་སྦྱང་བ་མང་དུ་འགྲོ་བཞིན་པའི་དུས་སྐབས་འདི་ནས་འུ་ཅག་གི་བོད་ཀྱི་སྐད་ཡིག་ཆུ་ཚད་ནི་ཅི་འདྲའི་ཡ་ང་བ་ཞིག་ཏུ་འགྱུར་བར་ངེས་པ་ནི་རྗེས་དཔག་ཚད་མས་རྟོགས་ངེས་ལགས།


༥ ༽ དེང་དུས་བོད་མི་འགའ་ཤས་ནས་ཡུལ་གྲུ་གཞན་གྱི་སྐད་ཡིག་ཤེས་ན་བོད་ཀྱི་སྐད་ཡིག་ཤེས་མི་དགོས་ཚུལ་ཤོད་མཁན་ལ་དགོངས་ཚུལ་གང་ཡོད།

དེ་ལྟ་བུའི་ལྟ་བ་འཛིན་པ་ནི་ནམ་ཡང་ནོར་འཁྲུལ་དང་མི་རིགས་རྩ་མེད་དུ་སོང་བའི་མཚན་མ་ཞིག་ཡིན་པས་མཐའ་གཅིག་ཏུ་དགག་པ་ཡོད་ལ་དེ་ལྟའི་ལྟ་བ་འཛིན་པའི་བོད་མི་ཞིག་མེད་པའི་རེ་བ་དང་སྨོན་ལམ་ཡང་བྱེད་བཞིན་ཡོད།

༦ ༽ མ་འོངས་པའི་བོད་ཀྱི་མི་རབས་གསར་བ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་ག་ཚོད་ཅིག་སྤྲོད་ཀྱི་རེད་བསམ།

བོད་སྐད་ཡིག་གི་རིན་ཐང་དང་ནང་བསྟན་གྱི་དར་ཁྱབ་ལ་གཞིག་ན། མ་འོངས་པའི་བོད་ཀྱི་མི་རབས་གསར་པ་རྣམས་ཀྱིས་བོད་སྐད་ཡིག་ལ་ཆེ་མཐོང་དང་འབད་བརྩོན་ཤུགས་ཆེ་བྱ་དགོས་པ་ཞིག་ཏུ་འགྱུར་ངེས་ཀྱང་། ད་ལྟའི་བོད་ཕྲུག་གི་སེམས་ཁམས་དང་དེ་དག་གིས་བོད་ཀྱི་སྐད་ཡིག་ལ་བཅངས་པའི་དུང་ཞེན་ལ་གཞིག་ན། མ་འོངས་པར་བོད་ཀྱི་མི་རབས་གསར་པ་ཚོས་བོད་ཀྱི་སྐད་ཡིག་ལ་མཐོང་ཆེན་མེད་པར།  དེ་ལས་ལྡོག་སྟེ་འཕྱ་སྨོད་བྱ་ཡུལ་ཞིག་ཏུ་འགྱུར་བར་སེམས།

༧ ༽ བོད་ཀྱི་སྐད་དང་ཡི་གེ་གཞི་རྒྱ་ཆེ་རུ་གཏོང་དགོས་པ་ཡིན་ན་ཁྱོད་ལ་ཐབས་ལམ་ཅི་ཞིག་ཡོད།

བོད་ཀྱི་སྐད་ཡིག་གི་གཞི་རྒྱ་ཆེ་རུ་གཏོང་དགོས་ན། ་དང་།ཁོ་བོའི་བསམ་པར་སྐད་ཡིག་དང་འབྲེལ་བའི་དགོད་བྲོའི་གཏམ་གླེང་དང་བརྙན་ཐུང་གང་མང་བཟོས་ཏེ་སྤྱི་ཚོགས་དྲྭ་ལམ་ཁག་ལ་འགྲེམ་རྒྱུ སྐད་ཡིག་གི་ལམ་ནས་གཞོན་ནུ་ཚོའི་སེམས་ཁམས་དགུག་ཕྱིར་སྒྱུ་རྩལ་གྱི་ལམ་ནས་ཡིག་གཟུགས་དང་རྩེད་རིགས་བཟོ་རྒྱུ། དེ་བཞིན་བོད་སྐད་ཤེས་པའི་རྒྱ་གར་བ་དང་ཕྱི་རྒྱལ་བ་དག་ལ་བོད་ཀྱི་སྐད་ཡིག་གི་རིན་ཐང་དང་། དེ་བཞིན་དགོད་བྲོ་བའི་སྐད་ཆ་འདྲ་བཤད་དུ་འཇུག་ནས་བོད་རིགས་ན་གཞོན་ཚོར་བསྟན་རྒྱུ་དེ་རེད།

རྩོམ་སྒྲིག་པ།   སྒྲེ་བོ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།