SatDecSat2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

གང་ལའང་བྲི་དགོས། གང་ནས་ཀྱང་བཤད་དགོས།

རི་སྔོན་འཕྲིན་ལས།

རྩོམ་རིག་མེ་ལོང་གི་ངོས་ནས་བོད་ཀྱི་སྐད་ཡིག་གི་རིན་ཐང་ངོས་འཛིན་གྱིས་མ་འོངས་རྒྱུན་འཁྱོངས་བྱ་ཐབས་དང༌། ལྷག་པར་དུ་བོད་ཀྱི་སྐད་ཡིག་གི་སྤུས་ཚད་གོང་མཐོར་དང་སྐད་ཡིག་གི་ཁོར་ཡུག་གཞི་ཁྱོན་ཇེ་ཆེར་ཡོང་ཐབས། དེ་བཞིན་མི་རབས་གསར་པ་རྣམས་ལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བདག་གཅེས་ཡོང་ཐབས་སོགས་ཀྱི་ཐོག་རྩོམ་པ་པོ་རི་སྔོན་འཕྲིན་ལས་ལགས་སུ་བཅར་འདྲི་ཞུས་པ་གཤམ་བཀོད་ཡོད་པས་གཟིགས་ཞིབ་གནང་འཚལ།

༡ ༽  ཁྱོད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།


ལན། ངའི་མིང་ལ་རི་སྔོན་འཕྲིན་ལས་ཟེར་ཞིང་། ངའི་ཕ་ཡུལ་མདོ་སྨད་ཀྱི་རྒན་གྱ་ཟེར་བ་དེ་ཡིན། ད་ལྟའི་ལས་གནས་དགེ་རྒན་གྱི་བྱ་བ་ཡིན།

༢ ༽  ད་ལྟའི་བོད་སྐད་ཡིག་གི་ཁྱབ་ཚད་སྔོན་ཆད་དང་བསྡུར་ན་ཅི་ལྟ་བུ་ཞིག་ཏུ་མཐོང་གི་ཡོད།
ལན། ད་ལྟའི་བོད་སྐད་ཡག་གི་ཁྱབ་ཚད་སྔོན་དང་བསྡུར་ན་ཧ་ཅང་གི་ཚད་མཐོན་པོ་རེད། སྔོན་མར་དགོན་སྡེ་ཁག་ན་མ་གཏོགས་བོད་སྐད་ཡིག་ཁྱབ་ཚད་ཧ་ཅང་ཆུང་། ད་ལྟ་དམངས་ཡོངས་ཀྱི་ལག་ལེན་དང་བེད་སྤྱོད་ཀྱི་གཞི་རྒྱ་ཧ་ཅང་ཆེ།

༣ ༽ བོད་རང་གི་ཡུལ་སྲོལ་གོམས་གཤིས་མངོན་ཐུབ་པའི་བོད་སྐད་ཡིག་འདི་མ་འོངས་པར་སྤུས་ཚད་ཇི་འདྲ་ཞིག་ཏུ་འགྱུར་གྱི་རེད།

ལན། འདི་ལ་ལན་ཅུང་ཁག་པོ་རེད། ད་ལྟའི་དུས་འདིར་ཁོར་ཡུག་གི་གནས་སྟངས་སོགས་ལ་གཞིག་ན། ཡུལ་སྲོལ་གོམས་གཤིས་ཀྱི་གནས་བབས་སོགས་ཇེ་སྡུག་ཏུ་འགྲོ་བཞིན། སྐད་ཡིག་ལའང་དེ་བཞིན་གོད་ཆག་རབ་དང་རིམ་པ་མི་མངོན་པའི་ཚུལ་དུ་འབྱུང་གིན་ཡོད་པ་རེད། ཐ་སྙད་གསར་བསྒྱུར་དང་སྦྲགས་སྐད་སོགས་གཞི་གཅིག་ཏུ་བསྲེས་དུས། ཡུལ་སྲོལ་གོམས་གཤིས་དང་མཐུན་པའི་བོད་སྐད་ཀྱི་རྨང་གཞི་མང་བོ་ཞིག་ཀྱང་རྨེག་མེད་དུ་འགྲོ་བཞིན་འདུག་པས།འདི་ནི་མ་འོངས་པའི་བོད་ཀྱི་གནས་བབས་ཀྱིས་ཐག་གཅོད་དགོས་པའི་གནད་དོན་ཞིག་ཏུ་འདུག

༤ ༽ ད་ལྟའི་བོད་ཀྱི་མཐོ་རིམ་སློབ་གྲྭ་རྣམས་ཀྱིས་རིག་གནས་སྣ་མང་སྦྱང་ཆེད་གཞན་སྐད་སྟེང་ཆེད་ལས་སྦྱང་བ་མང་རུ་འགྲོ་བཞིན་པའི་དུས་སུ་བོད་སྐད་ཡིག་གི་ཆུ་ཚད་ཀྱིས་མ་འོངས་པར་ས་ཆ་ག་ཚོད་ཅིག་ཟིན་གྱི་རེད།

ལན། ད་ལྟའི་བོད་ཀྱི་སློབ་ཆེན་དག་གི་ཆེད་ལས་དང་སྦྱང་བྱ། བོད་ཡིག་ལ་འཛིན་པའི་ལྟ་སྟངས་ངོས་ནས་ཅུང་བཟང་མོད། ཟུར་ངོས་གཞན་ཞིག་ནས་གླེང་ན་དེ་ཙམ་གྱིས་ཅི་ཡང་ནུས་པས། བོད་རང་གི་སློབ་ཆེན་ཁག་ལ་བརྟེན་ནས་ཁྱབ་ཚད་ཀྱི་ཐག་གཅོད་དགོས་དུས་རེ་བ་མི་འདུག་སྙམ།


༥ ༽ དེང་དུས་བོད་མི་འགའ་ཤས་ནས་ཡུལ་གྲུ་གཞན་གྱི་སྐད་ཡིག་ཤེས་ན་བོད་ཀྱི་སྐད་ཡིག་ཤེས་མི་དགོས་ཚུལ་ཤོད་མཁན་ལ་དགོངས་ཚུལ་གང་ཡོད།

ལན། དེ་ནི་མི་རིགས་དང་སྐད་ཡིག་ལ་གཏན་ནས་འགན་མ་ཁུར་བའི་བྱ་སྤྱོད་ཅིག་རེད།


༦ ༽ མ་འོངས་པའི་བོད་ཀྱི་མི་རབས་གསར་བ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་ག་ཚོད་ཅིག་སྤྲོད་ཀྱི་རེད་བསམ།

ལན།གཙོ་བོ་རང་གི་མི་རིགས་ཀྱིས་རང་གི་སྐད་ཡིག་ལ་མཐོང་ཆེན་སྤྲོད་མིན་དེ་རང་དང་གཞན་གཉིས་ཀྱི་གནད་དོན་རེད། གཞན་གྱི་གནད་དོན་དེ་ཁོར་ཡུག་དེའི་གནས་བབས་ཀྱི་བྱིན་པའི་དཀའ་ཁག་རེད། རང་གི་གནད་དོན་ནི་རང་ཉིད་ཀྱིས་རང་གི་སྐད་ཡིག་ལ་རིན་ཐང་དང་སྤྱོད་སྒོ་ཅི་ཙམ་སྤྲོད་མིན་རེད།

༧  ༽ བོད་ཀྱི་སྐད་དང་ཡི་གེ་གཞི་རྒྱ་ཆེ་རུ་གཏོང་དགོས་པ་ཡིན་ན་ཁྱོད་ལ་ཐབས་ལམ་ཅི་ཞིག་ཡོད།

ལན། བོད་ཀྱི་སྐད་དང་ཡི་གེ་གཞི་རྒྱ་ཆེ་རུ་གཏོང་དགོས་ན། ངེས་པར་དུ་སྤྱོད་སྒོ་ཆེ་རུ་གཏོང་སྟེ། གང་ལའང་བྲི་དགོས། གང་ནས་ཀྱང་བཤད་དགོས། སྔོན་མ་ནས་བོད་ཡིག་ཅེས་མཐོ་ས་ཞིག་ལས་དམའ་ས་ཞིག་ཏུ་མི་འཇོག་པ་དེས། བོད་ཀྱི་སྐད་ཡིག་གམ་ཡི་གེའི་གཞི་རྒྱ་ཆེ་རུ་གཏོང་མ་ཐུབ་པའི་གནད་དོན་ཞིག་རེད། མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱིས་རང་ཉིད་ཀྱི་གང་དུའང་བཀོལ་ངེས། ཡིན་ནའང་བོད་ཀྱིས་རང་ཉིད་ཀྱི་ཡི་གེ་མཐོ་ས་ཞིག་ལས་དམའ་ས་ཞིག་ཏུ་གཏན་ནས་བཀོལ་ཐུབ་ཀྱིན་མི་འདུག  འདིས་ནི་བོད་ཡིག་གི་སྤྱོད་སྒོ་ལ་ཚད་བཀག་བཟོས་པ་རེད། དེ་བས་བོད་ཡིག་གཞི་རྒྱ་ཆེ་རུ་འགྲོ་མ་ཐུབ་པ་རེད།

རྩོམ་སྒྲིག་པ།  སྒྲེ་བོ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།