TueSepTue2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

འདི་ངས་བློ་ཐག་ཆོད་པོས་ཞུ་ཐུབ།

མཚོ་མོ།

རྩོམ་རིག་མེ་ལོང་གི་ངོས་ནས་བོད་ཀྱི་སྐད་ཡིག་གི་རིན་ཐང་ངོས་འཛིན་གྱིས་མ་འོངས་རྒྱུན་འཁྱོངས་བྱ་ཐབས་དང༌། ལྷག་པར་དུ་བོད་ཀྱི་སྐད་ཡིག་གི་སྤུས་ཚད་གོང་མཐོར་དང་སྐད་ཡིག་གི་ཁོར་ཡུག་གཞི་ཁྱོན་ཇེ་ཆེར་ཡོང་ཐབས། དེ་བཞིན་མི་རབས་གསར་པ་རྣམས་ལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བདག་གཅེས་ཡོང་ཐབས་སོགས་ཀྱི་ཐོག་རྩོམ་པ་པོ་མཚོ་མོ་ལགས་སུ་བཅར་འདྲི་ཞུས་པ་གཤམ་བཀོད་ཡོད་པས་གཟིགས་ཞིབ་གནང་འཚལ།

༡ ༽ ཁྱོད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

འ་ཡི་མིང་ལ་བསོད་ནམས་མཚོ་མོ་ཟེརལ་སྐྱེས་ཡུལ་ལ་དྭགས་ནས་ཡིན།   འཛིན་རིམ་བཅུ་བར་དུ་ལ་དྭགས་བོད་ཁྱིམ་གཡུ་ལོ་བཀོ་ནང་སློབ་སྦྱོང་བྱས།  དེ་ནས་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་རྡ་སྟེང་བོད་ཁྱིམ་དུ་ཚོང་རིག་སྡེ་ཚན་ཐོག་སློབ་སྦྱོང་བྱས་པ་ཡིན།  ཕྱི་ལོ༢༠༡༤ལོར་བཱ་རོ་རྒྱ་གར་མཐོ་སློབ་བང་འཛུལ་ཞུགས་གནང་།   ད་ལྟའི་ཆ་ལ་ནོར་གླིང་བོད་རིག་གཞུང་གཅེས་འཛིན་ཁང་དུ་སློབ་སྦྱོང་བྱེད་བཞིན་ཡོད།

༢ ༽ ད་ལྟའི་བོད་སྐད་ཡིག་གི་ཁྱབ་ཚད་སྔོན་ཆད་དང་བསྡུར་ན་ཅི་ལྟ་བུ་ཞིག་ཏུ་མཐོང་གི་ཡོད།

ལན། སྤྱིར་བོད་ཀྱི་སྐད་ཡིག་གི་ཁྱབ་ཚད་འདིའི་སྐོར་བསམ་ཚུལ་བཤད་པར་ཧ་ཅང་དཀའ་ལས་འདུག ཁྱབ་ཚད་ཅེས་པ་འདི་ལ་བསམ་བློ་ཕྱོགས་གཉིས་ནས་གཏང་དགོས་སྙམ།
༡)རྒྱལ་ཁབ་གཞན་ལ་ཕར་ཁྱབ་ཚད།
༢)བོད་པ་རང་གིས་བཀོལ་སྤྱོད་བྱེད་པའི་ཁྱབ་ཚད་གཉིས་ལ་བཞག་དགོས་པར་སྙམ།
༡) ངས་སྐབས་སུ་བབ་པ་རྒྱལ་ཁབ་གཞན་ལ་ཕར་ཁྱབ་ཚད་སྐོར་རང་བློ་གང་ལྕོགས་ཀྱིས་བསམ་ཚུལ་ཙམ་བརྗོད་ན། སྔོན་ཆད་བོད་རང་བཙན་མ་ཤོར་བའི་སྔོན་ལ་རྒྱལ་ཁབ་གཞན་གྱི་མི་རྣམས་ཀྱིས་དོན་སྣང་དེ་ཙམ་མེད།དེང་སང་གཙོ་བོ་༧གོང་ས་རྒྱལ་བ་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོས་བཀའ་དྲིན་ལ་བརྟེན་ནས་མི་རིགས་གཞན་པའི་དོ་སྣང་ཧ་ཅང་བྱེད་ཀྱི་ཡོད་པ་མ་སད། སྦྱོང་མཁན་ཡང་མང་པོ་ཡོད་དཔེར་ན། བོད་ཀྱི་དཔེ་མཛོད་ཁང་དང་ས་རཱ་བོད་ཀྱི་མཐོ་སློབ། དགོན་པ་གྲྭ་ཚང་སོགས་ལ་ཡོད་རྒྱལ་ཁབ་མང་པོ་ནས་ཡོང་མཁན་ཡོད། དེ་ནི་ནང་ཆོས་རྩ་བ་ཆེན་པོ་ཡིན་པས་རྒྱུ་མཚན་སོགས་ཀྱི་ཡིན་སྲིད། གང་ལྟར་རྒྱལ་ཁབ་གཞན་ལ་ཧ་ཅང་ཤུགས་ཆེན་ཁྱབ་ཡོད།
༢) བོད་མི་ལ་ཉམས་རྒུད་དུ་ཕྱིན་ཡོད། རྒྱུ་མཚན་ནི་བཙན་བྱོལ་ལ་ཡོད་མཁན་རྣམས་ཀྱིས་ཕན་ཚུན་སྐད་ཆ་བཤད་སྐབས། བོད་སྐད་ནང་དུ་སྐད་རིགས་གཞན་པ་བསྲེས་མ་མང་དག་སྤྱོད་ཀྱི་ཡོད་པས་སོ།། བོད་ནང་ཡོད་པའི་བོད་མི་རྣམས་ལ་མཚོན་ན་རྒྱ་སྐད་དང་བསྲེས་ནས་སྤྱོད་ཀྱི་ཡོད་པས་རང་བཞིན་གྱི་མཉམ་རྒུད་དུ་འགྲོ་ཡི་ཡོད།

༣ ༽ བོད་རང་གི་ཡུལ་སྲོལ་གོམས་གཤིས་མངོན་ཐུབ་པའི་བོད་སྐད་ཡིག་འདི་མ་འོངས་པར་སྤུས་ཚད་ཇི་འདྲ་ཞིག་ཏུ་འགྱུར་གྱི་རེད།

ལན། དེ་བཤད་ཚོད་ཐེབས་ཀྱི་མི་འདུག ཡིན་ཡང་དེང་སང་སློབ་གྲྭ་ཁག་དང་བཙན་བྱོལ་དུ་ཡོད་པའི་མི་མང་རྣམས་ཀྱིས་བཀོལ་སྤྱོད་བྱེད་ཕྱོགས་ལ་བལྟས་ན་སྔར་གྱི་ཡུལ་སྲོལ་གོམས་གཤིས་མངོན་ཐུབ་པ་ཕར་ཞོགརང་ཅག་བོད་པའི་ངོ་བོ་མཚོན་པར་བྱེད་པའི་སྐད་ཡིག་འདི་བརླག་ས་རེད་བསམ་ནས་བློ་འཚབ་ཧ་ཅང་སྐྱེས་ཀྱིན་འདུག
༤ ༽ ད་ལྟའི་བོད་ཀྱི་མཐོ་རིམ་སློབ་གྲྭ་རྣམས་ཀྱིས་རིག་གནས་སྣ་མང་སྦྱང་ཆེད་གཞན་སྐད་སྟེང་ཆེད་ལས་སྦྱང་བ་མང་རུ་འགྲོ་བཞིན་པའི་དུས་སུ་བོད་སྐད་ཡིག་གི་ཆུ་ཚད་ཀྱིས་མ་འོངས་པར་ས་ཆ་ག་ཚོད་ཅིག་ཟིན་གྱི་རེད།

ལན། བོད་སྐད་ཡིག་གི་ཆུ་ཚད་ཀྱིས་ག་ཚོད་ཟིན་གྱི་ཡོད་མེད་སྐོར་ཏོག་ཙམ་བརྗོད་ན། སྤྱིར་རང་ཉིད་བོད་པ་ཞིག་ཡིན་པས་རང་གི་སྐད་ཡིག་ཐོག་ཏུ་དང་པོ་ཆེད་ལས་སྦྱོང་བར་ཧ་ཅང་གལ་ཆེན་ཞིག་མཐོང་གི་འདུགརང་གི་སྐད་ཡིག་ལ་དོ་སྣང་སྤུ་ཙམ་ཡང་མེད་པས་ཐོག་ནས་གཞན་སྐད་ཀྱི་ཐོག་ཏུ་ཆེད་ལས་སྦྱོང་བ་སོགས་བྱེད་ཚད་བོད་ཀྱི་སྐད་ཡིག་གི་ཆུ་ཚད་ནི་དམའ་བ་མ་ཟད་ལོ་རྒྱུས་ཙམ་ལས་མིག་མདུན་དུ་མཐོང་ཡ་མེད་པར་འགྱུར་སྲིད། རང་ཉིད་ཀྱི་སྐད་ཡིག་ཡག་པོ་ཤེས་མཁན་མང་པོ་ཞིག་གིས་གཞན་སྐད་ལ་ཆེད་ལས་སྦྱོང་བ་སོགས་བྱེད་ཚད། བོད་ཀྱི་སྐད་ཡིག་གི་ཆུ་ཚད་ཧ་ཅང་ཚད་མཐོ་བོར་གཏང་ཐུབ་སྙམ།    

༥ ༽ དེང་དུས་བོད་མི་འགའ་ཤས་ནས་ཡུལ་གྲུ་གཞན་གྱི་སྐད་ཡིག་ཤེས་ན་བོད་ཀྱི་སྐད་ཡིག་ཤེས་མི་དགོས་ཚུལ་ཤོད་མཁན་ལ་དགོངས་ཚུལ་གང་ཡོད།

ལན།དེ་ལ་བསམ་ཚུལ་ཙམ་བརྗོད་ན།དང་པོ་ངས་ཁོང་རྣམས་ལ་ཁྱེད་ཅག་དེ་འདྲ་གསུངས་དགོས་པའི་རྒྱུ་མཚན་ཞིག་དྲི་ན་འདོད། སྤྱིར་བོད་ཀྱི་སྐད་ཡིག་སྦྱོང་ན་ཁ་ལག་རག་གི་མ་རེད་ཅེས་གསུངས་མཁན་ཡོད་ཚུལ་གོ་མྱུང་། དེ་ནས་བོད་ཀྱི་སྐད་ཡིག་ཤེས་མི་དགོས་ཚུལ་གསུངས་མཁན་རྣམས་ལ་ཞུ་འདོད་པ་ནི། ཐོག་མར་རང་ཉིད་བོད་པ་ཡིན་པ་ངོ་ཤེས་དགོས།བོད་པ་ཡིན་པ་ངོ་ཤེས་དུས་བོད་པ་ཡིན་ན་བོད་པ་ཡིན་པའི་རྒྱུ་མཚན་དང་བོད་མི་ཞིག་ཡིན་པའི་མཚོན་བྱེད་ག་རེ་ཡོད་མེད་སོགས་ཤེས་དགོས། ང་ཚོ་རྒྱ་མི་རིགས་དང་ཐ་དད་ཡིན་པའི་སྒྲུབ་བྱེད་ཀྱང་སྐད་ཡིག་ལོགས་སུ་ཡོད་པ་སོགས་བཀོད་ཆོག རང་ཉིད་ཀྱི་སྐད་ཡིག་ལ་རང་ཉིད་ཀྱི་མཐོང་ཆེན་མ་བཞག་ན་གཞིན་གྱིས་ག་ལ་འཇོག  སྔར་གྱི་མཁས་པའི་གསུངས་ལས། གཞིན་གྱི་སྐད་ཡིག་ཤེས་ན་བཟང་མོད་ཀྱི། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན་ཞེས་སོགས་གསུངས་ཡོད། དེ་འདྲ་ཡིན་དུས་སྔར་ལབ་ཚར་ན་ཚར་བ་རེད། མ་འོངས་པར་བཅོས་དགོས་པ་ནི་གལ་ཆེན་ཞིག་ཏུ་མཐོང་།

༦ ༽ མ་འོངས་པའི་བོད་ཀྱི་མི་རབས་གསར་བ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་ག་ཚོད་ཅིག་སྤྲོད་ཀྱི་རེད་བསམ།

ལན། མ་འོངས་གསུངས་དུས་དེ་ལ་ལན་སྤྲོད་པར་ཧ་ཅང་དཀའ་ལས་རེད། ཡིན་ཡང་། ད་ལྟ་ལ་བལྟས་ནས་ལབ་ན་མི་ཐོག་འདིའི་བོད་མི་རྣམས་ཀྱི་བོད་ཀྱི་སྐད་ཡིག་གི་རིན་ཐང་དང་ཆེ་མཐོང་མ་བྱེད་ན། མི་རབས་རྗེས་མ་རྣམས་ཀྱི་དེ་ལས་ཆེ་མཐོང་བྱེད་མི་སྲིད་པ་ཞིག་རེད། འདི་ངས་བློ་ཐག་ཆོད་པས་ཞུ་ཐུབ།

༧ ༽ བོད་ཀྱི་སྐད་དང་ཡི་གེ་གཞི་རྒྱ་ཆེ་རུ་གཏོང་དགོས་པ་ཡིན་ན་ཁྱོད་ལ་ཐབས་ལམ་ཅི་ཞིག་ཡོད།

ལན། ཐབས་ལམ་ཡག་ཤོས་ནི། སྤྱིར་རང་ཉིད་ཀྱི་བཀོལ་སྤྱོད་ལེགས་པོ་བྱེད་དགོས། བོད་ཡིག་ལ་དོ་སྣང་མེད་མཁན་ཡིན་ན་དང་པོ་སྒྲུང་བཀླག་དགོས། ཉིན་ཐོ་འབྲི་དགོས། གཞན་ལ་སྐད་ཆ་བཤད་དུས་སྐད་བསྲེས་ནས་མ་བཤད་པར་སྐད་ཆ་ཡིན་ན་གཙང་མ་བཤད་རྒྱུ་དང་རྒྱ་སྐད་དང་དབྱིན་སྐད་སོགས་སྤྱོད་ཚད་གཙང་མ་ཞིག་སྤྱད་ན་རང་ཉིད་ཀྱིས་རང་བཞིན་གྱི་གཞི་རྒྱ་ཆེ་རུ་བཏང་ཐུབ། སོ་སོའི་བུ་ཕྲུག་ལ་བོད་སྐད་གཙང་མ་རྒྱག་འཇུག་རྒྱུ་དང་བོད་ཡིག་བཀོལ་སྤྱོད་བྱེད་འཇུག་རྒྱུ། སློབ་ཕྲུག་ནང་ལ་བོད་སྐད་གཙང་མ་མ་སྤྱོད་ཚད་གཞན་སྐད་ཚིག་གཅིག་བསྲེས་ན་སྒོར་མོ་ཆད་པ་གཅོད་རྒྱུ་དང་ཡང་ན་ལས་འགུལ་གཞན་པའི་ཆད་པ་གཅོད་པ་སོགས་རྩེད་མོ་དང་འབྲེལ་ནས་བྱེད་ཚད་གཞི་རྒྱ་ཆེ་རུ་འགྲོ་སྙམ། སྤྱིར་ཕ་མ་དང་ཡང་ན་དགེ་རྒན་སློབ་ཕྲུག་སོགས་སུ་ཡིན་ཡང་སྐད་བསྲེས་མཁན་རྣམས་ལ་བོད་སྐད་ཀྱི་རིན་ཐང་སོགས་ངོ་སྤྲོད་པའི་ཐོག་ནས་ལས་འགུལ་སྤེལ་ན་བོད་ཀྱི་སྐད་དང་ཡི་གེ་སོགས་གཞི་རྒྱ་ཆེ་རུ་ཏན་ཏན་གཏང་ཐུབ་སྙམ་མོ།།

མཇུག་མཐར་བཀྲིས་བདེ་ལེགས་ཞུ་བ་དང་ད་ལམ་གོ་སྐབས་འདིར་བརྒྱུད་ནས་བརྩེ་བའི་གྲོགས་ཕོ་མོ་ཡོངས་ལ་བོད་སྐད་གཙང་མ་ཞིག་དང་བོད་ཡིག་གང་ཐུབ་སྤྱོད་རོགས་ཞེས་སྙིང་ཁོང་རུས་པའི་གཏིང་ནས་ཞུ་བཞིན་ཡོད།

རྩོམ་སྒྲིག་པ།   སྒྲེ་བོ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།