MonJulMon2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

བོད་མི་འདི་དག་ནི་རང་རྒྱུད་སྒོ་རུ་ཕུད་དེ་གཞན་རྒྱུད་པང་དུ་ཉར་ནས་གསོ་སྐྱོང་བྱེད་དགོས་ཟེར་བ་དང་གཅིག་མཚུངས་རེད།

ཀརྨ་མཚོ་མོ།

རྩོམ་རིག་མེ་ལོང་གི་ངོས་ནས་བོད་ཀྱི་སྐད་ཡིག་གི་རིན་ཐང་ངོས་འཛིན་གྱིས་མ་འོངས་རྒྱུན་འཁྱོངས་བྱ་ཐབས་དང༌། ལྷག་པར་དུ་བོད་ཀྱི་སྐད་ཡིག་གི་སྤུས་ཚད་གོང་མཐོར་དང་སྐད་ཡིག་གི་ཁོར་ཡུག་གཞི་ཁྱོན་ཇེ་ཆེར་ཡོང་ཐབས། དེ་བཞིན་མི་རབས་གསར་པ་རྣམས་ལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བདག་གཅེས་ཡོང་ཐབས་སོགས་ཀྱི་ཐོག་རྩོམ་པ་པོ་ཀརྨ་མཚོ་མོ་ལགས་སུ་བཅར་འདྲི་ཞུས་པ་གཤམ་བཀོད་ཡོད་པས་གཟིགས་ཞིབ་གནང་འཚལ།

༡ ༽ ཁྱོད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།


ལན། ངའི་མིང་ལ་ཀརྨ་མཚོ་མོ་ཟེར། ཕ་ཡུལ་ཁམས་ནང་ཆེན་ནས་ཡིན། གཞི་རིམ་སློབ་གྲྭ་ནས་སློབ་ཆེན་
བར་དུ་རྒྱ་གར་ནས་འགྲིམས། ད་ལྟ་བོད་ནས་སློབ་ཆེན་འདོན་བཞིན་པ་ཡིན།

༢  ༽ ད་ལྟའི་བོད་སྐད་ཡིག་གི་ཁྱབ་ཚད་སྔོན་ཆད་དང་བསྡུར་ན་ཅི་ལྟ་བུ་ཞིག་ཏུ་མཐོང་གི་ཡོད།

ལན། ད་ལྟའི་བོད་སྐད་ཡིག་ཁྱབ་ཚད་སྔོན་ཆད་དང་བསྡུར་ན་ཁྱབ་ཧ་ཅང་ཆེན་པོ་རེད་འདུག་སྙམ།དེ་ཁྱབ་ཆེ་ཚུལ་ཇི་འདྲ་ཞིག་རེད་འདུག་ཟེར་ན།རང་རེའི་བོད་པའི་སྤྱི་ཚོགས་ཀྱི་ཁྲོད་དུ་དར་ཁྱབ་སོང་བ་མ་ཡིན་པར།ཕྱི་རྒྱལ་ཁབ་ཁག་གི་ནང་དུ་ཐུན་མོང་མ་ཡིན་པའི་བོད་ཀྱི་སྐད་ཡིག་འདི་ལ་སྦྱང་བརྩོན་བྱེད་མཁན་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་འདུག

༣ ༽ བོད་རང་གི་ཡུལ་སྲོལ་གོམས་གཤིས་མངོན་ཐུབ་པའི་བོད་སྐད་ཡིག་འདི་མ་འོངས་པར་སྤུས་ཚད་ཇི་འདྲ་ཞིག་ཏུ་འགྱུར་གྱི་རེད།

ལན།བོད་རང་གི་ཡུལ་སྲོལ་གོམས་གཤིས་མངོན་ཐུབ་པའི་བོད་སྐད་ཡིག་འདི་མ་འོངས་པར་སྤུས་ཚད་ཇི་འདྲ་ཞིག་ཏུ་འགྱུར་རྒྱུ་རེད་ཟེར་ནས་ཁ་ཚོན་གཅོད་དཀའ་མོ་རེད་དེ་ད་ལྟའི་གནས་བབས་ལ་གཞིགས་ཏེ་མ་འོངས་ཚོད་དཔག་ཅིག་བྱས་ན། བོད་རང་གི་ཡུལ་སྲོལ་གོམས་གཤིས་མངོན་ཐུབ་པའི་སྐད་ཡིག་དྭངས་མ་ཞིག་མ་འོངས་པར་ལྷག་རྒྱུ་ནི་ཧ་ལམ་ཉིན་མོའི་སྐར་མ་དང་མཚན་མོའི་རྨི་ལམ་རེད།གང་ཡིན་ཟེར་ན་མི་ཡུལ་ནས་དབྱིན་སྐད་མ་ཤེས་ན་ངོ་ཚ་བ་དང་རང་ཡུལ་ནས་རྒྱ་སྐད་མ་ཤེས་ན་ཁ་སྐྱེངས་པ། ཁ་སྐྱེངས་དང་ངོ་ཚའི་ཁྲོད་ནས་རང་རེའི་སྐད་ཡིག་དྭངས་མ་ཟེར་བ་ཞིག་གར་སོང་ཆགས་མེད་དུ་འགྱུར་ལ་ཉེ།

༤ ༽ ད་ལྟའི་བོད་ཀྱི་མཐོ་རིམ་སློབ་གྲྭ་རྣམས་ཀྱིས་རིག་གནས་སྣ་མང་སྦྱང་ཆེད་གཞན་སྐད་སྟེང་ཆེད་ལས་སྦྱང་བ་མང་རུ་འགྲོ་བཞིན་པའི་དུས་སུ་བོད་སྐད་ཡིག་གི་ཆུ་ཚད་ཀྱིས་མ་འོངས་པར་ས་ཆ་ག་ཚོད་ཅིག་ཟིན་གྱི་རེད།

ལན།བརྒྱ་ཆ་བརྒྱའི་ནང་ནས་ལྔ་བཅུ་ཙམ་ཟིན་ཐུབ་ན་ཨང་དང་པོ་རེད།ཚང་མས་རང་ཉིད་ཀྱིས་ཁ་གསོ་ཐབས་དང་ནམ་ལངས་ཐབས་ལ་འབད་ཅིང་བྲེལ་བ་མ་གཏོགས་བོད་སྐད་ཡིག་གི་གནས་བབ་ལ་སེམས་ཁྲལ་དང་དོག་ཁུར་བྱེད་མཁན་འགའ་ཙམ་རེད།

༥ ༽ དེང་དུས་བོད་མི་འགའ་ཤས་ནས་ཡུལ་གྲུ་གཞན་གྱི་སྐད་ཡིག་ཤེས་ན་བོད་ཀྱི་སྐད་ཡིག་ཤེས་མི་དགོས་ཚུལ་ཤོད་མཁན་ལ་དགོངས་ཚུལ་གང་ཡོད།

ལན། དེ་ལྟར་བཤད་མཁན་བོད་མི་འདི་དག་ནི་རང་རྒྱུད་སྒོ་རུ་ཕུད་དེ་གཞན་རྒྱུད་པང་དུ་ཉར་ནས་གསོ་སྐྱོང་བྱེད་དགོས་ཟེར་བ་དང་གཅིག་མཚུངས་རེད།

༦ ༽ མ་འོངས་པའི་བོད་ཀྱི་མི་རབས་གསར་བ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་ག་ཚོད་ཅིག་སྤྲོད་ཀྱི་རེད་བསམ།

ལན། མ་འོངས་པའི་བོད་ཀྱི་མི་རབས་གསར་བ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་ག་ཚོད་ཅིག་སྤྲོད་མི་སྤྲོད་ནི་ད་ལྟའི་མི་རབས་འདི་ལ་ཐུག་ཡོད་པས། ད་ཆ་སྲོག་དབུགས་ཆད་ལ་ཉེ་བའི་སྐད་ཡིག་འདིར་མ་འོངས་པའི་མི་རབས་ཀྱིས་གཞི་གང་ཞིག་ལ་འཛིན། གང་ཞིག་ལ་འཐམ། གང་ཞིག་ལ་འཇུ། ཇི་ལྟར་བྱ། ལྡོག་ཏུ་མེད་པའི་དྲི་རྟགས་ཆེན་པོ་ཞིག་རེད།

༧ ༽ བོད་ཀྱི་སྐད་དང་ཡི་གེ་གཞི་རྒྱ་ཆེ་རུ་གཏོང་དགོས་པ་ཡིན་ན་ཁྱོད་ལ་ཐབས་ལམ་ཅི་ཞིག་ཡོད།

ལན། སྤྱིར་སྐད་ཡིག་ཅིག་གཞི་རྒྱ་ཆེ་རུ་གཏོང་དགོས་ན་ཐབས་ལམ་སྣ་ཚོགས་ཡོད་པ་ལས་རང་ཉིད་ཀྱིས་བསམ་ཚུལ་ཐུང་ཐུང་ཞིག་བརྗོད་ན། དང་པོ། བོད་པའི་སྤྱི་ཚོགས་ཀྱི་ཁྲོད་དུ་སྐད་ཡིག་གི་གོ་ས་མཐོ་རུ་གཏོང་རྒྱུ། གཉིས་པ། ཕ་མ་དང་དགེ་རྒན་གྱིས་བུ་ཕྲུག་གི་མདུན་དུ་ར་མ་ལུག་གི་སྐད་ཆ་མི་བཤད་པར་བོད་སྐད་དྭངས་མ་ཞིག་སྤྱོད་ཐབས་ལ་འབད་པ།
གསུམ་པ། རྗེས་རབས་པ་རྣམས་ལ་མི་རིགས་ཤིག་ཡིན་ན་དེར་ཐུན་མོང་མ་ཡིན་པའི་སྐད་ཡིག་ཅིག་དགོས་པའི་གལ་གནད་ངོས་འཛིན་ཐུབ་པར་བྱ་རྒྱུ།

རྩོམ་སྒྲིག་པ།  སྒྲེ་བོ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།