TueMayTue2017

སྤེལ་དུས་མཐའ་མ།06:49:09 AM GMT

རྩོམ་གསར།:

སྐད་དང་ཡི་གེ་ནི་མི་རིགས་ཀྱི་བླ་སྲོག་ཡིན།

སྐད་དང་ཡི་གེ་འདི་རང་མི་རིགས་ཀྱི་བླ་སྲོག་ཡིན་པ་བརྗེད་མི་རུང༌།

དེ་ཡང་ཆོས་རྗེ་འཇིགས་མེད་ཕུན་ཚོགས་མཆོག་གིས་“བོད་དག་མ་ཞིག་ཡིན་ཕྱིན་བོད་ཀྱི་སྐད་ཡིག་དག་མ་ཞིག་ངེས་པར་ཤེས་དགོས། ཤེས་པ་དེ་སྤྱོད་དགོས།

གལ་ཏེ་བོད་མི་རིགས་རང་གི་ཆོས་གོས་ཀྱང་མི་བྱེད། སྐད་ཡིག་དག་ཀྱང་མི་སྤྱོད་ན་དེའི་ཚེ་བོད་ཅེས་པའི་མིང་བོར་ཚར་བ་རེད་”ཅེས་གསུངས་པ་ལྟར། ཤ་རུས་བོད་ཡུལ་ནས་མཆེད་པའི་བོད་མི་ཞིག་ཡིན་ཕྱིན་རང་མི་རིགས་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་དེ་མི་རེ་རེར་འོས་འགན་ཡོད་པ་སྨོས་མེད་རེད། མི་རིགས་ཤིག་གི་སྐད་དང་ཡི་གེ་ཉམས་པ་དེ་ནི་མི་རིགས་དེ་ཉམས་པའི་ཐད་ཀའི་རྒྱུ་རྐྱེན་ཡིན་སྲིད་པས། དེང་སྐབས་སྤྱི་ཚོགས་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་སྐད་རིགས་གཞན་པ་དར་ཁྱབ་ཆེ་བས་འཚོ་བའི་ཁྲོད་གང་སར་འདྲེས་སྐད་དང་བསྲེས་སྐད་ཀྱིས་ཁེངས་འདུག ལྷག་པར་དུ་དེང་སྐབས་སློབ་མ་ཚོའི་འཚོ་བའི་ཁྲོད་སྐད་ཡིག་ནི་ཞི་ལའི་མདུན་གྱི་ཙི་གུ་ལྟར་ཇི་འདྲའི་ཉམ་ཆུང་བ་ཞིག་རེད་ཨང༌། གལ་ཏེ་བོད་རང་གི་སྐད་ཡིག་དེ་མི་སྤྱོད་ན་ཕ་མེས་ཡང་མེས་ཚོས་དཀའ་བ་ཁྱད་དུ་བསད་ཅིང་ངལ་བ་དང་དུ་བླངས་བའི་མཛད་རྗེས་དེ་ངལ་བ་འབྲས་མེད་ཞིག་ཏུ་གྱུར་བ་མ་ཡིན་ནམ།

གལ་ཏེ་མི་རིགས་ཤིག་ལ་སྐད་དང་ཡི་གེ་མེད་ན་དེ་ནི་ཆེས་མ་མཐའ་ཡང་མི་རིགས་དག་མ་ཞིག་མ་ ཡིན་པས། རང་མི་རིགས་ལ་མཚོན་ན་ཕ་མེས་ཡང་མེས་རྣམས་ཀྱིས་དེ་འདྲའི་རིན་ཆེན་ནོར་བུ་ལྟ་བུའི་རིག་གནས་ཕུན་སུམ་ཚོགས་པ་ཞིག་བཞག་པ་དེ་ང་ཚོ་རྗེས་རབས་པ་དག་གིས་མིག་དཔེར་བཟུང་ནས་འབད་པ་བརྒྱ་འགྱུར་བྱེད་དགོས་པ་ལས་དེར་མཐོང་ཆུང་དང་དམའ་འབེབས་བྱེད་ག་ལ་རུང༌། དེང་སྐབས་ཀྱི་དུས་འདིར་ན་གཞོན་ཚོའི་ཁྲོད་དུ་“ང་ཚོ་ནི་མི་རིགས་འདིའི་མ་འོངས་པ་ཡིན་”ཞེས་པའི་སྐད་ཆ་འདི་བཤད་མཁན་མང་ན་ཡང༌། མི་ལ་ལས་མི་རིགས་རང་ཉིད་ཀྱི་སྐད་ཡིག་གཅིག་པུ་གཙོ་བོར་བཟུང་ནས་སྦྱོང་བ་ལས་མི་རིག་གཞན་གྱི་རིག་གནས་དང་སྔོན་ཐོན་རིག་གནས་སྣང་མེད་དུ་འཇོག་གིན་ཡོད་པ་དང༌། ཡང་འགའ་རེས་རིག་གནས་གཞན་པར་སྦྱངས་བ་བྱེད་པ་ལས་རང་མི་རིགས་ཀྱི་སྐད་ཡིག་དགོས་མཁོ་མེད། སྤྱོད་ཡུལ་མེད༌། ངལ་བ་ལྷག་མ་ཞིག་རེད་སྙམ་གྱིན་འདུག

དེ་བས་“སྐད་བརྒྱ་ཤེས་ཀྱང་མང་བའི་སྐྱོན་མེད་ཀྱང༌།། ཕ་མས་བསླབས་པའི་རང་སྐད་དོར་བ་འདི།། མ་འོངས་རིགས་ཀྱི་སྲོག་རྩ་ཕྲ་མོ་དེ།། འཆད་པའི་སྔ་ལྟས་ཡིན་པ་ཤེས་པར་གྱིས།།”ཞེས་གསུངས་པ་ཡིན། དེའི་རྐྱེན་གྱིས་ང་ཚོས་སྐད་རིགས་མང་བོ་སྦྱང་བ་དེ་རང་གི་སྐད་ཡིག་ཉམས་པའི་རྐྱེན་དུ་མི་བསྒྱུར་བར། སྔོན་ཐོན་གྱི་རིག་གནས་དང་རང་མི་རིགས་ཀྱི་སྐད་ཡིག་ཟུང་འབྲེལ་བྱས་ཏེ། ཚན་རིག་རང་བཞིན་ལྡན་པའི་མི་རིགས་ཀྱི་སྐད་ཡིག་འདི་བོད་ཁམས་ལག་མཐིལ་ཙམ་དུ་བཀོལ་བས་མི་ཆོག་པར་འཛམ་གླིང་ཧྲིལ་བོར་ངོམ་སོ་བྱེད་ཆོག་པ་ཞིག་ཏུ་གཏོང་བ་དང༌། ཡང་མེས་ཚོའི་རེ་བ་དོན་ཡོད་ཅན་ཞིག་ཏུ་གཏོང་རྒྱུ་ཧ་ཅང་གལ་ཆེ་བ་ཡིན། ད་དུང་ང་ཚོའི་སྐད་དང་ཡི་གེ་འདི་རང་མི་རིགས་ཀྱི་བླ་སྲོག་ཡིན་པ་བརྗེད་མི་རུང་ལ། ཡང་མེས་ཚོའི་རྔུལ་ཁྲག་གིས་བསྐྲུན་པ་ཡིན་པ་དེ་བས་ཀྱང་བརྗེད་མི་རུང༌།

རེད་ལགས། ཕ་སྐད་གཙང་མ་འདི་ནི་ང་ཚོ་སྡོད་སའི་མགོ་སྦྲ་སྨུག་པོ་དང༌། ང་ཚོས་བཟའ་བའི་སྦྲང་དཀར་རྩམ་པ་ཇི་བཞིན་ནམ་ཡིན་ཡང་ང་ཚོའི་འཚོ་རྟེན་གྱི་གཞི་མ་ཡིན་ནོ།།

ཡོང་ཁུངས། བོད་ཀྱི་སྐད་ཡིག་དྲྭ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།