MonAugMon2017

སྤེལ་དུས་མཐའ་མ།05:18:50 AM GMT

རྩོམ་གསར།:

བོད་ཀྱི་སྐད་ཡིག་དུས་རབས་ཀྱི་འགྲོས་དང་བསྟུན་ནས་འཕེལ་རྒྱས་འགྲོ་བཞིན་པ།

ཆ་འཕྲིན་ཚན་རྩལ་འཕེལ་རྒྱས་འགྲོ་བདངབོད་ཡིག་སློབ་མཁན་ཇེ་མང་དུ་འགྲོ་བ།

དེང་གི“ཆ་འཕྲིན་ཚན་རྩལ་འཕེལ་རྒྱས་འགྲོ་བ”དང“བོད་ཡིག་སློབ་མཁན་ཇེ་མང་དུ་འགྲོ་བ།” “བོད་ཡིག་ཚད་ལྡན་ཅན་དུ་གཏོང་པའི”དུས་རབས་ཀྱི་འཕེལ་ཕྱོགས་དེས། དུས་ཡུན་རིང་པོའི་ལོ་རྒྱུས་ལྡན་པའི་བོད་ཀྱི་སྐད་ཡིག་གངས་ལྗོངས་མཐོ་སྒང་གི་ཡུལ་ནས་ཇེ་རྒྱས་ཇེ་དར་དུ་བཏང་དང་གཏོང་བཞིན་ཡོད་པ་རེད།

གསར་འགོད་པ་ལྷ་སའི་དཔེ་ཁང་དང་ཚོང་ར་ཕྱིན་པའི་པའི་སྐབས་སུ། བོད་ཡིག་གི་དཔེ་ཆ་དང་བརྙན་གཟུགས་བརྩམས་ཆོས། ཚན་རྩལ་ཐོན་རྫས་སྣ་ཚོགས་ཡོད་པ་མཐོང་ལ། བོད་སྐད་ཀྱི་བརྙན་གཟུགས་འོད་སྡེར་དང་བོད་ཡིག་གི་ལག་འཁྱེར་ཁ་པར། བོད་རྒྱ་དབྱིན་གསུམ་གྱི་གློག་རྡུལ་ཚིག་མཛོད། བོད་ཡིག་གི་གཞུང་སྒྲུབ་མ་ལག་མཉེན་ཆས་སོགས་ཀྱིས་བོད་ཀྱི་སྐད་ཡིག་ཆ་འཕྲིན་གྱི་མྱུར་བགྲོད་གཞུང་ལམ་ལྟ་བུར་བསྐྱོད་དུ་བཅུག་པ་རེད།
ལྷ་སའི་སློབ་ཆུང་དང་པོའི་ལོ་རིམ་དྲུག་པའི་སློབ་མ་བསོད་ཁོ་ནང་མིས་ཁོ་ལ་སྟེར་བའི་ལོ་གསར་གྱི་ལེགས་སྐྱེསIPADལ་སྤྲོ་བ་ཆེན་པོ་རྒྱས་ཤིང་། ཁོས་བཤད་རྒྱུར། “ཉོ་བའི་སྐབས་ནས་ནང་དུ་བོད་ཡིག་གི་མཉེན་ཆས་ཡོད་ལ། བཙོང་མཁན་ཚང་གིས་ད་དུང་ཁོར་བོད་སྐད་ཀྱི་འགུལ་རིས་གློག་བརྙན་མི་ཉུང་བ་ཞིག་ཕབས་ལེན་བྱས་པ་རེད”ཟེར། ཁོའི་ཨ་ཕ་ཡོན་ཏན་ལགས་ཀྱི་ལག་འཁྱེར་ཁ་པར་ནས་ཀྱང་སྐབས་སྐབས་སུ་སྐད་འཕྲིན་གྱི་དྲིལ་བརྡ་གྲགས་འོང་ལ། ཡོན་ཏན་ལགས་ལ་ད་དུང་དགའ་ཕྱོགས་ཤིག་ཡོད་པ་ནི་པོད་ཕྲན་ལས་བོད་སྐད་ཀྱི་གཏམ་རྒྱུད་ཐུང་ངུ་རེ་བཙལ་ནས་རང་གི་བུ་ལ་བརྗོད་རྒྱུ་དེ་རེད།
འདི་དག་ཚང་མ་བོད་ཡིག་མཉེན་ཆས་ཞིབ་འཇུག་གསར་སྤེལ་དང་རྒྱ་ཁྱབ་དར་སྤེལ་བཏང་བའི་ཕན་འབྲས་ལས་ཐོབ་པ་ཡིན་ལ། ༢༠༠༤ལོའི་ཟླ༧པར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་བཟོ་ལས་དང་ཆ་འཕྲིན་ཅན་གྱི་ལས་ཁུངས་ཀྱིས《བོད་ཡིག་མཉེན་ཆས་གསར་སྤེལ་དང་རྒྱ་ཁྱབ་བཀོལ་སྤྱོད་བྱེད་པར་འབྲེལ་བའི་མཉམ་ལས་གྲོས་མཐུན་ཡི་གེ》བཞག་ཅིང་མ་དངུལ་སྒོར་ཁྲི༣༣༠༠བཏང་ལ། གཏགས་འཇུག་བྱེད་ཐབས་དང་སྒྲིག་བཟོའི་མ་ལག གཞུང་སྒྲུབ་མཉེན་ཆས། དྲ་ངོས་བལྟ་ཀློག་ཡོ་ཆས་སོགས་རྨང་གཞིའི་རང་བཞིན་གྱི་བོད་ཡིག་མཉེན་ཆས་ཁག་ཅིག་ཞིབ་འཇུག་གསར་སྤེལ་བྱས་པ་མ་ཟད། ཧུར་ཐག་སྒོས་རྒྱ་ཁྱབ་བཀོལ་སྤྱོད་བྱེད་དུ་བཅུག་ནས་བོད་ཡིག་དེ་སྨྱན་གཟུགས་ཀྱི་དུས་རབས་གསར་བ་ལ་སྐྱོད་པར་སྐུལ་འདེད་བཏང་པ་རེད།
ཕྱོགས་བཞི་མཚམས་བརྒྱད་དང་ལས་རིགས་སོ་སོའི་སྡེ་ནས་ཕེབས་པའི་བོད་ཡིག་སློབ་པར་སྤྲོ་བ་ཡོད་མཁན་རྣམས་ཀྱིས་“བོད་ཡིག་སློབ་པའི་མཁའ་དབུགས”ཤིག་བསྐྲུན་དང་སྐྲུན་བཞིན་ཡོད་ལ། “བོད་ཡིག་གི་ཡིག་གཟུགས་ལ་གསོན་ཤུགས་ལྡན་ཞིང་ཡི་གེའི་བར་ཁྱད་ཚད་དང་རན་ལ། ཧ་ཅང་ཡག་པོ་འདུག་པས་ངས་སློབ་བཞིན་པའི་སྒང་ཡིན།” ཞང་ཀང་ནས་ཕེབས་པའི་ལི་ཨ་ཅ་ལགས་དགུང་ལོ་དྲུག་ཅུ་ལོན་ཞིང་། ༢༠༠༩ལོར་ཐེངས་དང་པོར་བོད་ལྗོངས་སུ་ཡུལ་སྐོར་ལ་ཕེབས་པ་དང་། སྲང་བར་ནས་བོད་ཡིག་གིས་བྲིས་པའི་སྒོ་བྱང་རྣམ་མཐོང་རྗེས་སེམས་ལ་དགའ་བ་རྒྱས་ཤིང་། དེའི་རྗེས་སུ་མོས་ར་མོ་ཆེ་གཙུག་ལག་ཁང་གི་ཉེ་འགྲམ་གྱི་དུང་དཀར་སྐད་ཡིག་སློབ་གྲྭ་ནས་བོད་ཡིག་སློབ་འགོ་བརྩམས་པ་རེད།

དུང་དཀར་སྐད་ཡིག་སློབ་གྲྭའི་སློབ་གཙོ་བསྟན་འཛིན་དོན་འགྲུབ་ལགས་ཀྱིས་བཤད་རྒྱུར། དྲ་བ་དར་རྒྱས་སོང་བ་དང་བསྟུན་ནས་བོད་ཡིག་སློབ་མཁན་ཡང་ཇེ་མང་ནས་ཇེ་མང་དུ་འགྱུར་བཞིན་འདུག་ཅིང་། སློབ་གྲྭ་ལོ་ངོ༡༥ཡི་རིང་ལ་འཕེལ་རྒྱས་སོང་བ་བརྒྱུད་ནས། དང་ཐོག་སློབ་གྲྭ་ཚུགས་དུས་སུ་སློབ་མ༢༠ལྷག་ཡོད་པ་ནས་ད་ལྟ་དགེ་རྒན༢༦དང་སློབ་མ༨༠༠ལྷག་ལ་འཕེལ་ཡོད་ཅིང་། ས་གནས་དེ་གའི་སློབ་མ་ལས་གཞན་ད་དུང་ལི་ཨ་ཅ་ལྟ་བུའི་མེས་རྒྱལ་གྱི་ས་ཆ་གཞན་སོ་སོ་ནས་ཕེབས་པའི་བོད་ཡིག་སློབ་མཁན་ཡོད་པ་རེད་ཟེར།
བོད་ཡིག་འཕེལ་རྒྱས་འགྲོ་བའི་ཁྲོད་ནས་དུས་རབས་ཀྱི་སྐད་སྒྲ་ཡང་དག་པར་བརྒྱུད་སྒྲོག་བྱ་ཐུབ་པར་ཁག་ཐེག་ཡོང་ཆེད། བོད་ལྗོངས་ཀྱིས་བོད་ཡིག་ཚད་ལྡན་ཅན་དུ་སྒྱུར་བའི་བྱ་བར་ཤུགས་བསྣན་ཞིང་། བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཚོགས་ཀྱི་གཞུང་ལས་ཁང་སྒྲིག་སྒྱུར་ཅུའུ་སྒྲིག་སྒྱུར་ཁྲུའུ་ཡི་ཁྲུའུ་ཀྲང་ཡེ་ཤེས་བཟང་པོ་ལགས་ཀྱིས་གསར་འགོད་པར་བཤད་རྒྱུར། མིག་སྔའི་བར་དུ་བོད་ལྗོངས་ཀྱིས་བོད་ཡིག་སློབ་དེབ་ཁག་སོ་སོ་རིགས༢༢༢སྒྲིག་སྒྱུར་བྱས་ཤིང་། དེའི་ཁྲོད་དུ་རྩོམ་སྒྲིག་བྱས་པའི་སློབ་དེབ་རིགས༨༩དང་ཡིག་སྒྱུར་བྱས་པའི་སློབ་དེབ་རིགས༡༣༣ཡོད་ལ། ལོ་དགུའི་འགན་བབ་སློབ་གསོ་དང་མཐོ་འབྲིང་དཀྱུས་མའི་བསླབ་ཚན་ཚད་གཞིའི་སློབ་དེབ་རིགས་སོ་སོ་སྒྲིག་སྒྱུར་བྱེད་པའི་འགན་ཁུར་འགྲུབ་ཡོད་པ་དང་། བོད་རིགས་སློབ་མས་ཡང་དག་པའི་སྒོ་ནས་བོད་ཡིག་སློབ་པར་ཁག་ཐེག་ཡོང་བར་བྱས་ཡོད་པ་རེད།

མཚམས་སྦྱོར་གནང་པ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ་བོད་ལྗོངས་ཀྱིས《བོད་ཡིག་གི་བརྡ་ཆད་ཚད་ལྡན་ཅན་དུ་སྒྱུར་བའི་བྱ་བའི་སྤྱིར་བཏང་གི་རྩ་དོན་དང་ཐབས་ལམ》ཞེས་པ་དང་། 《ཐ་སྙད་གསར་བའི་ཡིག་སྒྱུར་དང་གཡར་ཚིག་བཀོལ་སྤྱོད་བྱེད་སྟངས》གཏན་འཁེལ་བཟོ་བ། 《ཚད་ལྡན་ཅན་གྱི་བོད་སྐད་གཏན་འཁེལ་བཟོ་བ》ཡི་འཆར་འགོད་བྱ་བ་འགྲུབ་ཡོད་པ་རེད། དེ་མིན་གཞན་ད་དུང་བོད་ལྗོངས་ཀྱིས་ལོ་རེ་རེར་ཐ་སྙད་གསར་བ་དཔྱད་ཞིབ་གཏན་འཁེལ་གནང་པའི་ཚོགས་འདུ་འཚོགས་ནས། ཐ་སྙད་གསར་བའི་ཡིག་སྒྱུར་ལ་གཅིག་གྱུར་སྒོས་ཚད་ལྡན་ཡོང་བར་བྱེད་ཅིང་། མིག་སྔར་བོད་ལྗོངས་ཀྱིས་ཐ་སྙད་གསར་བ༥༠༠༠ལྷག་དང་བོད་ཡིག་གི་ཚན་རྩལ་བརྡ་ཆད་ཁྲི༦ལ་ཉེ་བ། རྩིས་འཁོར་སྒྲོམ་ངོས་ཀྱི་བོད་ཡིག་ཐ་སྙད་ཁྲི༡༢བཅས་ལ་དཔྱད་ཞིབ་བྱས་ཏེ་གཏན་འཁེལ་མཛད་ཡོད་ལ།《རྒྱ་བོད་ཤན་སྦྱར་གྱི་གསར་བྱུང་མིང་མཛོད》པར་དུ་བསྐྲུན་ཡོད་པ་རེད།

ཡོང་ཁུངས་།བོད་ལྗོངས་རིག་གནས་དྲ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།