ThuAugThu2019

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

བུ་མོ་ལོ་ཆུང་ཚོས་ཟླ་མཚན་འབབ་དུས་ཤེས་དགོས་པའི་སྐོར།

བུ་མོ་ལོ་ཆུང་ཚོས་ཟླ་མཚན་འབབ་དུས་ཤེས་དགོས་པའི་སྐོར།

སྤྱིར་བུ་མོ་རྣམས་ལ་ཟླ་མཚན་འབབ་པ་ནི། ལང་ཚོ་དར་ལ་བབས་པའི་རྟགས་ཡིན་ལ། ཟླ་མཚན་ཐོག་མར་འབྱུང་བའི་དུས་ཚོད་ནི། སྤྱིར་བཏང་ལུས་ཁམས་རྒྱུན་ལྡན་གྱི་བུ་མོ་རྣམས་རང་ལོ་བཅུ་གཉིས་ནས་བཅོ་ལྔར་ཐོན་སྐབས་ལུས་ཀྱི་སྟོབས་མདངས་རྒྱས་ཤིང༌། ལང་ཚོ་དར་ལ་བབས་ནས་ལུས་ཟུངས་གསོ་བྱེད་ཀྱི་རྐྱེན་ཁྲོས་ཁམས་དམར་གསོག་པ་ལས། ཟླ་མཚན་འབབ་མགོ་ཚུགས་པ་དང༌། རང་ལོ་ཞེ་ལྔ་ནས་ལྔ་བཅུ་ལ་སླེབས་དུས་ལུས་ཀྱི་སྟོབས་མདངས་ཉམས་པས་ཟླ་མཚན་ཆད་འགྲོ་བ་ཡིན། ཟླ་མཚན་དེ་རྒྱུན་ལྡན་གྱི་བུད་མེད་མང་ཆེ་བར་ཟླ་བ་རེ་རེ་བཞིན་ཏེ་ཉིན་ཉེར་བརྒྱད་ཀྱི་མཚམས་ནས་ཉིན་གསུམ་ནས་ལྔའི་བར་དུ་བུ་སྣོད་ནས་རྡོལ་ཏེ་མངལ་སྒོ་ནས་ཕྱིར་འབབ་ཀྱིན་ཡོད་པ་དང༌། ཟླ་མཚན་མ་བབ་གོང་ཉིན་གཅིག་གཉིས་ནས་ལུས་ཤེད་ཉམས་པ་དང༌། སྒྱིད་ལུག་པ། རྐེད་པ་དང་རྒྱུ་ཞབས་ན་བ། ནུ་མ་གཡོ་བའམ་ཆེ་རུ་འགྲོ་བ་སོགས་རྒྱུན་ལྡན་མིན་པའི་རྟགས་དུ་མ་འབྱུང་བ་ཡིན།

ཟླ་མཚན་ཐེངས་དང་པོ་བབ་པ་ནས་བཟུང་ཟླ་བ་གཅིག་ཡས་མས་རེར་ཐེངས་རེ་འབབ་ཀྱིན་ཡོད་པ་དང༌། ཐེངས་རེར་ཉིན་གསུམ་ནས་ལྔ་ཙམ་འགོར་རྗེས་གཞི་ནས་ཟླ་མཚན་འབབ་མཚམས་ཆད་པ་རེད།

གཉིས་པ། ཟླ་མཚན་འབབ་པའི་སྐབས་སུ་དོ་སྣང་བྱེད་དགོས་པའི་སྐོར། ཟླ་མཚན་འབབ་པའི་སྐབས་སུ་ཁ་ཟས་ཚ་སྐྱུར་རིགས་དེ་འདྲ་མི་བསྟེན་པ་དང༌། ཆུ་གྲང་ལ་མི་རེག་ཅིང་བཟའ་ཟླ་གཉིས་མཉམ་དུ་དེ་བས་ཀྱང་འདུག་མི་རུང༌། སྐབས་དེར་རྐང་ཐུང་དང་འདོམ་ཤོག་གཙང་མ་ཡིན་དགོས། རས་མི་གཙང་བ་དང༌། སྲང་བལ་རལ་བ། རྩུབ་ཅིང་མི་གཙང་བའི་ཤོག་བུ། ཕྱིང་བ་སྲ་ཞིང་དྲི་མ་ཅན་བཅས་ཀྱི་འདོམ་ཤོག་རྩ་བ་ནས་བཀོལ་མི་རུང༌། དེའི་རྒྱུ་མཚན་ནི། དངོས་པོ་དེ་དག་གི་ཐོག་ཏུ་ནད་འབུ་ཕྲ་མོ་ཤིན་ཏུ་མང་པོ་ཡོད་པ་དང་དངོས་པོ་སྲ་མཁྲེགས་ཀྱིས་སྐྱེས་ལམ་གྱི་ཁ་དང་བརླ་རྩ་དག་ལ་ཡང་སྐྱོན་བྱེད་པའི་རྐྱེན་གྱིས་རེད། ཟླ་མཚན་འབབ་དུས་བུ་སྣོད་ནང་དུ་རྨ་ཁ་རིམ་པ་གཅིག་ཆགས་ཡོད་པར་མ་ཟད། བུ་སྣོད་ཀྱི་ཁ་ཡང་གདང་ཡོད་སྟབས་གལ་ཏེ་མི་གཙང་བའི་དངོས་པ་དེ་དག་འདོམ་ཤོག་ཏུ་བྱས་ན། འབུ་ཕྲས་གོ་སྐབས་དེ་དང་བསྟུན་ནས་བུ་སྣོད་ནང་འཛུལ་ཡོང་སྟེ། བུ་སྣོད་ནང་སྐྱིའི་གཉན་ཚད་སོགས་ཀྱི་ནད་རིགས་དུ་མ་སློང་བ་ཡིན། དེ་བས་འདོམ་ཤོག་དེ་དུག་སེལ་བྱས་ཡོད་པའི་ཤོག་བུའམ་དུག་སེལ་བྱས་ཡོད་པའི་སྲིང་བལ་དག་བཀོལ་སྤྱོད་བྱེད་དགོས།

རྐང་ཐུང་གི་རྒྱུ་ཆ་རས་གཙང་མ་ཡིན་དགོས་ཤིང༌། རྐང་ཐུང་དེའང་རྒྱུན་དུ་ཆུ་གཙང་མས་བཀྲུས་ནས་ཉིན་གཉིས་ནས་གསུམ་གྱི་ནང་དུ་བརྗེ་སོར་རེ་བྱས་ན་ལེགས།

གསུམ་པ། ཟླ་མཚན་འབབ་དུས་སྐྱེས་ལམ་ལ་གཙང་སྦྲ་བྱེད་དགོས།

ཟླ་མཚན་འབབ་དུས་ཉིན་ལྟར་མཚན་མོར་ཆུ་དྲོ་འཇམ་གྱིས་སྐྱེས་ལམ་ཐེངས་རེར་བཀྲུ་བ་དང༌། ལྷག་པར་དུ་དབྱར་ཁར་དེ་བས་ཀྱང་གཙང་སྦྲར་དོ་སྣང་བྱེད་དགོས། ཡིན་ནའང་སྐྱེས་ལམ་བཀྲུ་སྐབས་འབུ་ཕྲས་ཆུ་དང་མཉམ་དུ་བུ་སྣོད་ནང་འཛུལ་ནས་ཟླ་མཚན་ལས་གྱུར་བའི་ནད་སྣ་ཚོགས་འབྱུང་བ་སྔོན་འགོག་བྱེད་ཆེད། ཁྲུས་གཞོངས་ནང་དུ་མི་འཁྲུ་བར་ཡར་ལངས་ནས་བཀྲུས་ན་བཟང༌།

བཞི་བ། ཟླ་མཚན་དུས་ཀྱི་ངལ་རྩོལ་བྱེད་སྟངས།

སྤྱིར་ཟླ་མཚན་འབབ་དུས་རང་རྩོལ་ཅུང་ཟད་རེ་དང་སྤྱིར་བཏང་གི་ལུས་རྩལ་བྱེད་སྒོའི་ནང་ཞུགས་ཆོག་རུང༌། ངལ་རྩོལ་ལྗིད་མོ་ཁུར་འདེགས་ཆུར་ཞུགས་སོགས་གཏན་ནས་བྱེད་མི་རུང་ལ། རྒྱུག་རྩལ་དང་འགྲན་སྡུར་བྱེད་པ། ཡང་ན་དེ་མིན་གྱི་དྲག་ཤུགས་ཆེ་བའི་ལུས་རྩལ་ནང་ཞུགས་མི་རུང༌།

ལྔ། ཟླ་མཚན་དུས་ཀྱི་ནད་འགོག་ནུས་པ།

སྤྱིར་བུད་མེད་རྣམས་ལ་ཟླ་མཚན་འབབ་དུས་ལུས་ཀྱི་ནད་འགོག་ནུས་པ་ཅུང་ཟད་ཉམས་ཞན་དུ་གྱུར་ཡོད་པས། ཆམ་པ་དང་ནད་ཡམས་གཞན་དག་སྔོན་འགོག་བྱེད་པའི་ཆེད་དུ་ཆུའི་ནང་ལ་མི་ཞུགས་པ་དང་བརླན་ས་ནས་མི་འདུག་པ་སོགས་བྱེད་དགོས།

དྲུག ཟླ་མཚན་དུས་ཀྱི་ཟས་དང་སྤྱོད་ལམ་སྐོར།

སྤྱིར་ན་བུ་མོ་རྣམས་ལ་ཟླ་མཚན་འབབ་དུས་ཁ་ཟས་རིགས་ལ་སུར་པན་དང་སྔོ་ཚོད། ཙོང༌། སྒོག་པ་ལ་སོགས་པའི་ཟས་སྐོམ་རློན་པའམ་འཁྱགས་པ། ཡང་ན་ཁ་ཚའི་རིགས་རྣམས་ཟ་མི་རུང༌། སྤྱོད་ལམ་གྱི་ཐད་ནས་གོང་དུ་བཤད་པ་ལས་གཞན། ད་དུང་སེམས་ཁམས་སྐྱིད་པོར་གནས་དགོས། སྤྱིར་ལོ་ཆུང་བུ་མོ་རྣམས་ལ་ཟླ་མཚན་ཐོག་མར་འབབ་དུས་ད་དུང་ཁམས་དམར་གྱི་སྣོད་འཚར་ལོངས་ལེགས་པོ་བྱུང་མེད་པས་ཟླ་མཚན་དེ་འདྲའི་རྒྱུན་ལྡན་མིན་མོད། ལོ་གཅིག་ནས་གཉིས་ཙམ་འགོར་ན་རིམ་གྱིས་རྒྱུན་ལྡན་དུ་འགྱུར་སྲིད་པས་དེར་སྐྲག་མི་དགོས་པ་ཡིན།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།