TueOctTue2017

སྤེལ་དུས་མཐའ་མ།09:34:26 AM GMT

རྩོམ་གསར།:

སྨེ་བ་ལ་ནད་འགྱུར་འབྱུང་སྲིད་དམ།

ཕྲ་ཕུང་རང་བཞིན་གྱི་སྨེ་བ་ནག་པོར་དབྱེ་བ་གསུམ་ཡོད།

ཕྲ་ཕུང་རང་བཞིན་གྱི་སྨེ་བ་ནག་པོ་ནི་ང་ཚོས་རྒྱུན་དུ་བཤད་ཀྱིན་པའི་སྨེ་བ་ཞེས་པ་དེ་ཡིན་ལ། ནང་དུ་ཕྲ་ཕུང་འདུས་ཡོད།

ཕྲ་ཕུང་རང་བཞིན་གྱི་སྨེ་བ་ནག་པོ་ལ་ཡང་སྐྱི་མོའི་ནང་གི་སྨེ་བ་དང་སྐྱི་མོ་དང་འབྲེལ་བའི་སྨེ་བ། སྐྱི་མོ་དང་ཡོངས་སུ་འདྲེས་པའི་སྨེ་བ་བཅས་གསུམ་དུ་དབྱེ་ཡོད། སྐྱི་མོའི་ནང་གི་སྨེ་བའི་ཕྲ་ཕུང་གི་ཚང་ནི་སྨར་པགས་ཀྱི་གོང་དུ་གནས་ལ། སྨེ་བའི་ཕྱི་ངོས་མཉམ་པའམ་ཡང་ན་འབུར་ཡོད། སྤྱིར་བཏང་དུ་དེའི་ཐོག་ཏུ་སྤུ་ཡང་སྐྱེས་ཡོད། སྨེ་བའི་ཕྲ་ཕུང་ཡོངས་རྫོགས་སྐྱི་པགས་ཀྱི་སྨར་པགས་ནང་རིམ་དུ་ཡོད་པས་ཅུང་བརྟན་འཇགས་ཡིན་ལ་ནད་འགྱུར་འབྱུང་མི་སྲིད།

སྐྱི་མོ་དང་འབྲེལ་བའི་ཕྲ་ཕུང་གི་ཚང་ནི་ཕྱི་པགས་ཀྱི་རྨང་གདན་དུ་གནས་ཤིང༌། དེའི་ཁ་དོག་ནི་ཁམ་སྐྱ་དང་ཁམ་ནག ལྗང་སྐྱ། སྔོ་ནག་བཅས་སུ་མངོན། ཕྱི་ངོས་མཉམ་པའམ་ཡང་ན་སྐྱི་པགས་ཀྱི་ངོས་སུ་ཅུང་ཙམ་འབུར་ཡོད། དེ་ཡང་ལག་མཐིལ་དང་རྐང་མཐིལ། མཚན་མ་དང་གསང་གནས་སོགས་སུ་འབྱུང་སླ། དེའི་སྟེང་སྤྱིར་བཏང་དུ་སྤུ་མི་སྐྱེ་ཞིང་ནད་འགྱུར་འབྱུང་ཡང་སྲིད། སྐྱི་མོ་དང་ཡོངས་སུ་འདྲེས་པའི་སྨེ་བའི་ཕྱི་པགས་དང་སྨར་པགས་ཚང་མའི་ནང་དུ་སྨེ་བའི་ཕྲ་ཕུང་གི་ཚང་ཡོད། སྤྱིར་བཏང་དུ་ཕྱི་པགས་ཀྱི་ངོས་སུ་འབུར་མེད་ཅིང་སྒོར་དབྱིབས་སམ་འཇོང་དབྱིབས་སུ་མངོན་ལ་ཆེ་ཆུང་མི་འདྲ་བ་སྣ་ཚོགས་ཡོད། ཁ་དོག་ནི་ནག་སྐྱ་ནས་ནག་རྐྱང་གང་རུང་དུ་མངོན། སྨེ་བ་དེ་ལ་སྐྱི་མོའི་ནང་གི་སྨེ་བ་སྐྱི་མོ་དང་འབྲེལ་བའི་སྨེ་བ་གཉིས་ཀའི་ཁྱད་ཆོས་ལྡན་པས། ནད་འགྱུར་གྱི་ཉེན་ཁ་ངེས་ཅན་ཞིག་ཡོད། འོན་ཀྱང་སྐྱི་མོ་དང་འབྲེལ་བའི་སྨེ་བ་དང་སྐྱི་མོ་དང་ཡོངས་སུ་འདྲེས་པའི་སྨེ་བ་གཉིས་ཀ་ཡང་འབྲས་སྐྲན་དུ་འགྱུར་བའི་སྐབས་ཤིན་ཏུ་ཉུང༌།

སྨེ་བ་མང་ཤོས་ལ་ནད་འགྱུར་འབྱུང་མི་སྲིད། འོན་ཀྱང་གཙུག་བརྡར་གྱི་ཕོག་ཐུག་བཟོས་ཚེ་ནད་འགྱུར་འབྱུང་སྲིད། དཔེར་ན་རྩ་གཅོད་མ་བྱས་པ་དང་འོད་ཕོག་པ། གློག་གི་ཚ་ལ་བརྒྱབ་པ། སྨན་གྱིས་རུལ་བར་བྱེད་པ་དང་རང་ལུས་ཀྱི་ནང་གི་ཟགས་ཐོན་མ་ལག་འཁྲུགས་པ་སོགས་ནི་སྐྱི་མོ་དང་འབྲེལ་བའི་སྨེ་བ་དང་ཡང་ན་སྐྱི་མོ་དང་ཡོངས་སུ་འདྲེས་པའི་སྨེ་བ་ལ་ནད་འགྱུར་བྱུང་ནས་སྨེ་སྐྲན་དུ་འགྱུར་བའི་རྒྱུ་རྐྱེན་དུ་འགྱུར་སྲིད། སྨེ་སྐྲན་གྱི་ནང་དུ་སྐྲན་ངན་གྱི་རིགས་ཤིག་ཡོད་ལ་དེ་ཡང་སྨེ་ངན་ཞེས་བསྡུ་ཆོག དེ་ནི་སྐྱི་པགས་དང་མཐོང་བྱེད་དྲ་སྐྱི། ཀླད་པའི་ནང་སྐྱི། ཐ་ན་ཕོ་རྒྱུའི་ལམ་གྱི་སྨེ་རྒྱུ་ཕྲ་ཕུང་བཅས་སུ་འབྱུང་བའི་སྐྲན་ངན་ཞིག་ཡིན། དེ་ལས་པགས་པ་ལས་བྱུང་བའི་གདོད་འབྱུང་སྐྲན་ངན་གྱིས་མང་ཤོས་ཟིན་ཡོད། མིག་སྔར་སྨེ་ངན་ལ་རིགས་བཞི་ཡོད་པར་འདོད་དེ། དེ་དག་ནི་ཕྱི་པགས་སུ་མཆེད་པ་ཅན་དང་ཚིགས་མདུད་ཅན། གྲོ་ཐིག་ལྟ་བུའི་སྨེ་བ། ཡན་ལག་གི་སྣེའམ་འབྱར་སྐྱིའི་གྲོ་ཐིག་སྨེ་བ་ཅན་བཅས་ཡིན།

ཡོངས་ཁུངས་ཁམས་པའི་དྲ་བ།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།