ཨེ་ཛིའི་ནད་དུག་མཁའ་དབུགས་ཁྲོད་ཀྱི་འཚོ་གནས་དུས་ཚོད།

ཨེ་ཛིའི་ནད་དུག་གི་འདྲ་རིས།

མིའི་ལུས་ཁམས་ལས་ཁ་བྲལ་བའི་རྗེས་ཀྱི་གཤེར་གཟུགས་ཁྲོད་འདྲེས་ཡོད་པའི་HIVཡི་སྐོར་གཤམ་གསལ།

༡ མིའི་ལུས་པོ་ལས་བྲལ་རྗེས་དྲོ་འཇམ་གྱི་གཤེར་གཟུགས་གྱི་ཁོར་ཡུག་ཁྲོད་HIVདུས་ཡུན་ཉིན་བཅོ་ལྔའི་རིང་འཚོ་གནས་ཐུབ་ཀྱི་ཡོད།
༢ ལུས་ཁམས་ས་བྲལ་རྗེས་ཁྲག་སམ་གཤེར་གཟུགས་སྐམ་མེད་པ་དང་དྲོད་ཅུང་ལྡན་པའི་གཤེར་གཟུགས་ནང་HIVདུས་ཡུན་ཆུ་ཚོད་༩༦ཙམ་སོང་ཡང༌།  སྔར་བཞིན་འཚོ་གནས་ཀྱི་ནུས་པ་ལྡན་ཡོད།  ཁབ་སོགས་ཀྱི་རྩེ་མོའི་ཆེ་ཆུང་ཅི་ལྟར་ཡོད་ནའང་ཁྲག་ཐིག་པ་གཅིག ། རྨེང་བུའི་ཕྲ་ཕུང་སོས་པ་ཞིག་དང་ཐུག་ན་HIVསྔར་བཞིན་བསྐྱར་གསོ་ཐུབ་ཀྱི་ཡོད་ལ་འགོད་ཁྱབ་ཀྱི་ནུས་པའང་ཡོད་པ་ཞིག་རེད།
༣ HIVཡི་ནད་དུག་འགོད་ཡོད་པའི་དངོས་པོར་མ་ཐར་ཡང་ཉིན་གསུམ་གྱི་ནང་ཚུན་དུ་འགོད་ཁྱབ་ཀྱི་ནུས་པ་ལྡན་ཡོད།
༤ ཁྲག་གཤེར་ནང་HIVཡི་འདྲེས་ཚད་ཉུང་ངུ་ཡིན་པ་གང་ཞིག་ཁྲག་གཤེར་སོགས་སྐམ་པོར་འགྱུར་ན།  ཆུ་ཚོད་གཉིས་ཀྱི་རྗེས་ནད་དུག་འགོད་ཁྱབ་ཀྱི་ནུས་པ་ཉམས་འགྲོ་གི་ཡོད་པར་བཤད།
༥ HIVའདྲེས་ཚད་མཐོ་བའི་ཁྲག་གཤེར་སོགས་སྐམ་པོར་འགྱུར་ནའང་ཆུ་ཚོད་༢ནས་༤བར་རྨེང་གཤེར་ཁྲ་ཕུང་དང་ཕྲད་ན་སླར་ཡང་བསྐྱར་གསོ་ཐུབ་ཀྱི་ཡོད་པར་བཤད།།
ཡོང་ཁུངས་ཆང་ས་དྲ་ཚིགས།