TueMayTue2017

སྤེལ་དུས་མཐའ་མ།06:49:09 AM GMT

རྩོམ་གསར།:

ཨེ་ཙིའི་ནད་ཕོགས་པའི་སྐྱེ་པར་ཐོག་མར་ཐོན་པའི་ནད་རྟགས་དྲུག

ཨེ་ཙིའི་ནད་ཕོགས་པའི་སྐྱེ་པར་ཐོག་མར་ཐོན་པའི་ནད་རྟགས་དྲུག

ཨེ་ཙིའི་ནད་ཕོགས་པའི་སྐྱེ་པར་ཐོག་མར་ཐོན་པའི་ནད་རྟགས་གང་འདྲ་ཞིག་ཡོད་ཞེས་སྐྱེ་པ་མང་པོས་དེ་ལྟར་འདྲི་སྲིད།

 

གཤམ་དུ་ཨེ་ཙིའི་ནད་དུག་ཕོགས་པའི་སྐྱེ་པར་ཐོག་མར་ཐོན་པའི་ནད་རྟགས་གང་ཡོད་སྐོར་ངོ་སྤྲོད་ཞུ་རྒྱུ་ཡིན་པས། དེས་སྐྱེ་པ་ཚོར་ཨེ་ཙའི་ནད་སྔོན་འགོག་དང་ངོས་འཛིན་བྱེད་པར་ཕན་པ་ཐོན་རྒྱུའི་རེ་བ་ཡོད།
ཨེ་ཙིའི་ནད་ཕོགས་པའི་སྐྱེ་པར་ཐོག་མར་ཐོན་པའི་ནད་རྟགས་དྲུག །
དང་པོ། སྤྱིར་བཏང་གི་ནད་རྟགས།
བསྟུད་མར་ཚ་བ་རྒྱག་པ་དང༌། ལུས་ཟུངས་ཉམས་པ། ལུས་པོ་རྔུལ་བ། ལུས་ཡོངས་ཀྱི་རྨེང་འབྲས་སྐྲངས་པ། ཟླ་གསུམ་གྱི་ནང་ལུས་པོའི་ལྗི་ཚད་བརྒྱ་ཆ་༡༠%ཡན་ཆགས་པ། མང་ན་བརྒྱ་ཆ་༤༠%ཙམ་ཡང་ཆགས་སྲིད་ཀྱི་ཡོད། ནད་པའི་ལུས་པོ་དུས་རྒྱུན་ལས་ཧ་ཅང་མངོན་གསལ་འདོད་པོས་སྐམ་དུ་འགྲོ་གི་ཡོད།
གཉིས་པ། དབང་རྩའི་མ་ལག་ཀྱི་ནད་རྟགས།
མགོ་ཡུར་འཁོར་བ།  མགོ་ན་བ། ཚོར་ཤེས་ཉམས་པ། སྙིང་སྟོབས་ཞན་པ། བརྒྱལ་ཟེར་རྒྱག་པ། གྲིབ་སྐྱོན་ཕོག་པ། གླེན་ནད་ཕོགས་པ།
གསུམ་པ། འཇུ་བྱེད་མ་ལག་གི་ནད་རྟགས།
བཟའ་ཤུགས་ཞན་པ། སྐྱོག་མེར་ལངས་པ། སྐྱུག་པ། བཤལ་བ། ཚབ་ཆེའི་སྐབས་ཁྲག་བཤལ་བ། དུས་རྒྱུན་སྤྱོད་པའི་འཇུ་བྱེད་གཉན་ཚད་ཀྱི་སྨན་སོགས་ཀྱིས་ནུས་པ་མི་ཐོན་པ།
བཞི་པ། དབུགས་ལམ་གྱི་ནད་རྟགས།
དུས་ཡུན་རིང་པོ་གློ་ལུ་བ། བྲང་ཁ་ན་བ། དབུགས་གཏོང་དཀའ་བ། ཚབ་ཆེའི་སྐབས་ལུད་པར་ཁྲག་འདྲེས་ནས་ཐོན་པ།
ལྔ་པ།  ལུས་པོའི་ཕྱི་པགས་ཀྱི་ནད་རྟགས།
ཕྱི་པགས་ལ་སྣག་བརྒྱབ་ནས་ཕན་མེད་ཆགས་འགྲོ་བ་དང༌། ཆུ་འབུར་ཐོན་པ། དེ་བཞིན་ཁ་ནང་དང་གློ་ཡུ་ལ་གཉན་ཁ་རྒྱས་ནས་སྣག་རྒྱག་པ་སོགས་ཀྱི་ནད་རྟགས་ཐོན་གྱི་ཡོད།
དྲུག་པ། སྐྲན་གྱི་ནད་རྟགས།
འདྲ་མིན་གྱི་སྐྲན་ནད་ཕོགས་སྲིད་པ། ལུས་པོའི་ཕྱི་ངོས་ཀྱི་ཤ་ལྡོག་དམར་པོ་དང་ལི་ཁྲི་ལྡོག་གི་སྨ་ཤུལ་ཅན་ཐོན་པ། ཕོ་ཚན་དང་ལུས་པོའི་ཕྱི་ངོས་སུ་ཐོར་པ་ཐོན་པ་སོགས་ཀྱི་ནད་རྟགས་ཐོན་གྱི་ཡོད།
གོང་གི་ནད་རྟགས་དྲུག་པོ་དེ་ནི་ཨེ་ཙིའི་ནད་ཕོགས་པའི་སྐྱེས་པའི་ལུས་སྟེང་ནས་མངོན་པའི་ནད་རྟགས་ཤིག་ཡིན་ནའང་སྐྱེས་པ་དང་བུད་མེད་གཉིས་ཀྱི་ནད་རྟགས་མངོན་ཚུལ་ཐད་འདྲ་བའི་ཆ་བརྒྱ་ཆ་༩༨%ཙམ་ཟིན་གྱི་ཡོད།།
ཡོང་ཁུངས་ཆང་ས་དྲ་ཚིགས།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།