ThuOctThu2019

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

བོད་གངས་ཅན་ལྗོངས་ཀྱི་རྐྱང་གི་སྐོར་རོབ་ཙམ།

སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་རྐྱང༌།

རྐྱང་ནི་འོ་འཐུང་དང་རི་དྭགས་ཀྱི་སྡེ་རུ་གཏོགས་ཤིང༌། སྲོག་ཆགས་འདི་ལ་རིགས་མི་འདྲ་བ་གཉིས་ཡོད་པས། ཨེ་ཤི་ཡའི་རྐྱང་དང༌། ཨ་ཧཕི་རི་ཁའི་རྐྱང་གཉིས་ཡིན།

ཨ་ཧཕི་རི་ཁའི་རྐྱང་ལས་ཨེ་ཤི་ཡའི་རྐྱང་གཟུགས་སྟོབས་ཅུང་ཆེ་བ་ཡོད། ཨེ་ཤི་ཡའི་རྐྱང་ལ་ནང་གསེས་རིགས་གཉིས་སུ་དབྱེ་བ་ཕྱེ་ཡི་ཡོད་པ་དང༌། དེ་ནི་བོད་ཀྱི་རྐྱང་དང་སོག་པོའི་རྐྱང་གཉིས་ཡིན།

གོང་གསལ་རྐྱང་དེ་དག་གནས་ཡུལ་གྱི་དབྱེ་བ་ཙམ་ལས་མི་འདྲ་བའི་ཁྱད་པར་ཆེན་པོ་མེད། རྐྱང་ནི་རྒྱུན་དུ་རྩྭ་བཟའ་ཆུ་འཐུང་གཅིག་པུར་རོལ་བའི་སྲོག་ཆགས་ཤིག་ཡིན། སྲོག་ཆགས་འདིའི་གཟུགས་པོའི་རིང་ཚད་ལ་ཕི་ཊི་ ༢ ཙམ་དང༌། མཐོ་ཚད་ལ་ཕི་ཊི་ ༡་༢ ནས་ ༡་༤ བར་ལྷག་ཡོད།

ལྗིད་ཚད་ལ་སྤྱི་རྒྱ་ ༢༥༠ ནས་ ༤༠༠ བར་ཡོད། སྤྱིར་གཟུགས་དབྱིབས་དྲེལ་དང་འདྲ་པོ་ཡོད་པ་དང༌། རྣ་ཅོག་རིང་ལ་རྔ་མ་ཅུང་རིང་ཞིང་བོང་བུའི་རྔ་མ་དང་འདྲ་ཤས་ཆེ། ཁ་སྣ་དང༌། སུག་བཞི་རྣམས་སྐྱ་དཀར་ཡིན། ལུས་སྤྱིའི་སྤུ་མདོག་ཁམ་སྐྱ་ཡིན། དུས་བཞི་འགྱུར་ལྡོག་ལ་བརྟེན་ནས་སྤུ་མདོག་ཡང་འགྱུར་བ་འགྲོ་ཡི་ཡོད། རྐྱང་ནི་རྫི་སངས་པོ་དང༌། དྲི་ཚོར་རྣོ་རྐྱང་ནི་འོ་འཐུང་དང་རི་དྭགས་ཀྱི་སྡེ་རུ་གཏོགས་ཤིང༌། སྲོག་ཆགས་འདི་ལ་རིགས་མི་འདྲ་བ་གཉིས་ཡོད་པས། ཨེ་ཤི་ཡའི་རྐྱང་དང༌། ཨ་ཧཕི་རི་ཁའི་རྐྱང་གཉིས་ཡིན། ཨ་ཧཕི་རི་ཁའི་རྐྱང་ལས་ཨེ་ཤི་ཡའི་རྐྱང་གཟུགས་སྟོབས་ཅུང་ཆེ་བ་ཡོད། ཨེ་ཤི་ཡའི་རྐྱང་ལ་ནང་གསེས་རིགས་གཉིས་སུ་དབྱེ་བ་ཕྱེ་ཡི་ཡོད་པ་དང༌། དེ་ནི་བོད་ཀྱི་རྐྱང་དང་སོག་པོའི་རྐྱང་གཉིས་ཡིན།

རྐྱང༌།གོང་གསལ་རྐྱང་དེ་དག་གནས་ཡུལ་གྱི་དབྱེ་བ་ཙམ་ལས་མི་འདྲ་བའི་ཁྱད་པར་ཆེན་པོ་མེད། རྐྱང་ནི་རྒྱུན་དུ་རྩྭ་བཟའ་ཆུ་འཐུང་གཅིག་པུར་རོལ་བའི་སྲོག་ཆགས་ཤིག་ཡིན། སྲོག་ཆགས་འདིའི་གཟུགས་པོའི་རིང་ཚད་ལ་ཕི་ཊི་ ༢ ཙམ་དང༌། མཐོ་ཚད་ལ་ཕི་ཊི་ ༡་༢ ནས་ ༡་༤ བར་ལྷག་ཡོད།

ལྗིད་ཚད་ལ་སྤྱི་རྒྱ་ ༢༥༠ ནས་ ༤༠༠ བར་ཡོད། སྤྱིར་གཟུགས་དབྱིབས་དྲེལ་དང་འདྲ་པོ་ཡོད་པ་དང༌། རྣ་ཅོག་རིང་ལ་རྔ་མ་ཅུང་རིང་ཞིང་བོང་བུའི་རྔ་མ་དང་འདྲ་ཤས་ཆེ། ཁ་སྣ་དང༌། སུག་བཞི་རྣམས་སྐྱ་དཀར་ཡིན། ལུས་སྤྱིའི་སྤུ་མདོག་ཁམ་སྐྱ་ཡིན། དུས་བཞི་འགྱུར་ལྡོག་ལ་བརྟེན་ནས་སྤུ་མདོག་ཡང་འགྱུར་བ་འགྲོ་ཡི་ཡོད། རྐྱང་ནི་རྫི་སངས་པོ་དང༌། དྲི་ཚོར་རྣོ་ཞིང་དོགས་ཟོན་ཆེན་པོ་ཡོད།

བརྒྱུག་ན་བང་རྩལ་མགྱོགས་པོ་ཡོད་པས་ཆུ་ཚོད་རེ་ལ་སྤྱི་ལེ་ ༧༠ ཙམ་རྒྱུག་ཐུབ་ཀྱི་ཡོད་པ་དང༌། ཨ་ཧཕི་རི་ཁའི་རྐྱང་ཆུ་ཚོད་གཅིག་ལ་སྤྱི་ལེ་ ༥༠ ཙམ་ལས་རྒྱུག་ཐུབ་ཀྱི་མེད། བོད་ཀྱི་རྐྱང་ནི་ཁ་བ་བུ་ཡུག་དང་གྲང་ངར་ལ་བཟོད་ཐུབ་པའི་སྲོག་ཆགས་ཤིག་ཡིན་ལ། བོད་ས་སྟོད་སྨད་བར་གསུམ་ལ་འཚོ་གནས་བྱེད་ཅིང༌། གཙོ་བོ་བྱང་ཐང་སོགས་སུ་མཐོ་ཚད་མི་ཊར་ ༢༧༠༠ ནས་ ༥༣༠༠ བར་འཚོ་གནས་བྱེད། རྩྭ་ཟ་ཆེད་ཉིན་རེ་སྤྱི་ལེ་ ༥༠ ལྷག་ཙམ་འགྲོ་འོང་བྱེད། རྐྱང་གི་རྩྭ་ཟ་ཡག་ཤོས་ནི་ཕྱི་ཟླ་བརྒྱད་པ་དང་དགུ་པ་གཉིས་ཡིན།

ཉིན་རེ་ལ་རྩྭ་སྤྱི་རྒྱ་ ༤༥ ཙམ་བཟའ་ཡི་ཡོད། རྒྱུན་དུ་རྐྱང་ཁྱུ་ཚོགས་བྱས་ནས་སྡོད་ཀྱི་ཡོད་པ་དང༌། ཁྱུ་ཚོགས་རེ་རེའི་ནང་རྐྱང་ ༤ ནས་ ༣༠ ལྷག་བར་ཡོང་གི་ཡོད་པ་བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་ངོ་སྤྲོད་ནང་གསལ་འདུག ཕྱི་ཟླ་༩ པའི་ནང་ཕོ་མོ་གྲུས་རྩ་ལངས་ནས་སྦྱོར་བ་བྱེད་ཅིང༌། མངལ་གྱི་སྦྲུམ་ཡུན་ཟླ་ ༩ ཙམ་ཡིན། ལོ་གཉིས་གསུམ་ནང་ཕྲུ་གུ་རེ་བཙའ། སྐྱེ་འཕེལ་ཐེངས་གཅིག་ལ་རྐྱང་ཕྲུག་གཅིག་ལས་ལྷག་མི་བཙའ། རྐྱང་གི་ཚེ་ཚད་རིང་ཤོས་ནི་ལོ་ ༢༠ བར་སྡོད་ཀྱི་ཡོད། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་དུས་ཀྱི་ཁོར་ཡུག་སྲུང་སྐྱོབ་ནང་གསལ་བ་ལྟར་ན་བོད་རང་ལ་རྐྱང་གི་གྲངས་འབོར་ཁྲི་བཅུ་ལོན་གྱི་ཡོད་པ་བཤད་འདུག ལྷོ་ཨ་ཧཕི་རི་ཁའི་རྐྱང་ནི་ཕལ་ཆེར་ ༡༠༠༠ ཙམ་ལས་མེད་པར་བཤད།

བོད་ཀྱི་རྐྱང་ནི་འདས་པའི་ལོ་གྲངས་ ༥༠ ནང་རྔོན་རྒྱག་ཚད་ལས་བརྒལ་བ་བྱས་པའི་རྐྱེན་གྱིས་ད་ཆར་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱི་གྲས་སུ་ངོས་འཛིན་བྱེད་བཞིན་ཡོད་པ་དང༌། བོད་ཀྱི་རྐྱང་ནི་རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཛ་དྲག་ཟིན་ཐོ་དམར་པོའི་གྲས་སུ་བཞག་ཡོད་པ་དང༌། དེ་བཞིན་རྒྱལ་སྤྱིའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཉོ་ཚོང་གི་ཁྲིམས་ཡིག་ནང་རྐྱང་སྟོངས་ལ་ཉེ་བའི་སྲུང་སྐྱོབ་ཀྱི་རིམ་པ་གཉིས་པའི་གྲས་སུ་བཞག་ཡོད་པ་དང༌། རྒྱ་དཀར་ནག་གཉིས་ནང་སྲུངསྐྱོབ་ཀྱི་རིམ་པ་དང་པོའི་གྲས་སུ་བཞག་ཡོད་པ་རེད།

བརྒྱུག་ན་བང་རྩལ་མགྱོགས་པོ་ཡོད་པས་ཆུ་ཚོད་རེ་ལ་སྤྱི་ལེ་ ༧༠ ཙམ་རྒྱུག་ཐུབ་ཀྱི་ཡོད་པ་དང༌། ཨ་ཧཕི་རི་ཁའི་རྐྱང་ཆུ་ཚོད་གཅིག་ལ་སྤྱི་ལེ་ ༥༠ ཙམ་ལས་རྒྱུག་ཐུབ་ཀྱི་མེད། བོད་ཀྱི་རྐྱང་ནི་ཁ་བ་བུ་ཡུག་དང་གྲང་ངར་ལ་བཟོད་ཐུབ་པའི་སྲོག་ཆགས་ཤིག་ཡིན་ལ། བོད་ས་སྟོད་སྨད་བར་གསུམ་ལ་འཚོ་གནས་བྱེད་ཅིང༌། གཙོ་བོ་བྱང་ཐང་སོགས་སུ་མཐོ་ཚད་མི་ཊར་ ༢༧༠༠ ནས་ ༥༣༠༠ བར་འཚོ་གནས་བྱེད། རྩྭ་ཟ་ཆེད་ཉིན་རེ་སྤྱི་ལེ་ ༥༠ ལྷག་ཙམ་འགྲོ་འོང་བྱེད། རྐྱང་གི་རྩྭ་ཟ་ཡག་ཤོས་ནི་ཕྱི་ཟླ་བརྒྱད་པ་དང་དགུ་པ་གཉིས་ཡིན།

ཉིན་རེ་ལ་རྩྭ་སྤྱི་རྒྱ་ ༤༥ ཙམ་བཟའ་ཡི་ཡོད། རྒྱུན་དུ་རྐྱང་ཁྱུ་ཚོགས་བྱས་ནས་སྡོད་ཀྱི་ཡོད་པ་དང༌། ཁྱུ་ཚོགས་རེ་རེའི་ནང་རྐྱང་ ༤ ནས་ ༣༠ ལྷག་བར་ཡོང་གི་ཡོད་པ་བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་ངོ་སྤྲོད་ནང་གསལ་འདུག ཕྱི་ཟླ་༩ པའི་ནང་ཕོ་མོ་གྲུས་རྩ་ལངས་ནས་སྦྱོར་བ་བྱེད་ཅིང༌། མངལ་གྱི་སྦྲུམ་ཡུན་ཟླ་ ༩ ཙམ་ཡིན། ལོ་གཉིས་གསུམ་ནང་ཕྲུ་གུ་རེ་བཙའ། སྐྱེ་འཕེལ་ཐེངས་གཅིག་ལ་རྐྱང་ཕྲུག་གཅིག་ལས་ལྷག་མི་བཙའ། རྐྱང་གི་ཚེ་ཚད་རིང་ཤོས་ནི་ལོ་ ༢༠ བར་སྡོད་ཀྱི་ཡོད། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་དུས་ཀྱི་ཁོར་ཡུག་སྲུང་སྐྱོབ་ནང་གསལ་བ་ལྟར་ན་བོད་རང་ལ་རྐྱང་གི་གྲངས་འབོར་ཁྲི་བཅུ་ལོན་གྱི་ཡོད་པ་བཤད་འདུག ལྷོ་ཨ་ཧཕི་རི་ཁའི་རྐྱང་ནི་ཕལ་ཆེར་ ༡༠༠༠ ཙམ་ལས་མེད་པར་བཤད།

བོད་ཀྱི་རྐྱང་ནི་འདས་པའི་ལོ་གྲངས་ ༥༠ ནང་རྔོན་རྒྱག་ཚད་ལས་བརྒལ་བ་བྱས་པའི་རྐྱེན་གྱིས་ད་ཆར་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱི་གྲས་སུ་ངོས་འཛིན་བྱེད་བཞིན་ཡོད་པ་དང༌། བོད་ཀྱི་རྐྱང་ནི་རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཛ་དྲག་ཟིན་ཐོ་དམར་པོའི་གྲས་སུ་བཞག་ཡོད་པ་དང༌། དེ་བཞིན་རྒྱལ་སྤྱིའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཉོ་ཚོང་གི་ཁྲིམས་ཡིག་ནང་རྐྱང་སྟོངས་ལ་ཉེ་བའི་སྲུང་སྐྱོབ་ཀྱི་རིམ་པ་གཉིས་པའི་གྲས་སུ་བཞག་ཡོད་པ་དང༌། རྒྱ་དཀར་ནག་གཉིས་ནང་སྲུང་སྐྱོབ་ཀྱི་རིམ་པ་དང་པོའི་གྲས་སུ་བཞག་ཡོད་པ་རེད།

ཡོང་ཁུངས་བོད་ཀྱི་རང་བྱུང་ཁོར་ཡག་སྲུང་སྐྱོབ་ཀྱི་ཆ་འཕྲིན་དྲ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།