MonOctMon2017

སྤེལ་དུས་མཐའ་མ།07:11:05 AM GMT

རྩོམ་གསར།:

རི་སྐྱེས་སྲོག་ཆགས་རྨ་བྱ་ངོ་སྤྲོད།

ཆེས་མཛེས་ལྡན་ཡིད་འོང་གི་འདབ་ཆགས་རྨ་བྱ།

རྨ་བྱ་ནི་བྱ་ཡི་ནང་ནས་ཆེས་མཛེས་ལྡན་ཡིད་འོང་གི་འདབ་ཆགས་རིགས་ཤིག་ཡིན་པ་དང༌། བྱ་འདིའི་འཚོ་གནས་བྱ་ཡུལ་གཙོ་བོ་རྒྱ་གར་ཡིན་ཞིང༌།

དེ་བཞིན་རྒྱ་ནག་དང༌། འབར་མ་སོགས་སུ་ཉུང་ཤས་འཚོ་གནས་བྱེད་ཀྱི་ཡོད། ཡིན་ནའང་བྱ་འདིའི་རིགས་རྒྱུད་མཆེད་ས་དང་གྲངས་འབོར་མང་ཤོས་ནི་རྒྱ་གར་ཡིན། བོད་ས་ཁུལ་གྱི་ལྷོ་ཡུལ་དང་མོན་ཡུལ་དུ་ཡོད་པར་གྲགས། སྤྱིར་རྨ་བྱ་ནི་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊར་༢༠༠༠གཡས་གཡོན་གྱི་དྲོད་ཚད་ཅུང་ཆེ་བའི་ས་ཁུལ་ལ་འཚོ་གནས་བྱེད་ཀྱི་ཡོད། བྱ་འདི་ཤིང་ནགས་སོགས་ཀྱི་གསེབ་ཏུ་ཁྱུ་ཚོགས་བྱས་ཏེ་ཕོ་གཅིག་གིས་མོ་བཞི་ལྔ་མཉམ་ཁྲིད་བྱས་ཏེ་སྡོད་ཀྱི་ཡོད།

རྨ་བྱ་ནི་བྱ་རིགས་ནང་ནས་འཕུར་རྩལ་ཆེས་ཞན་ཞིང༌། ཡིན་ནའང་རྒྱུག་པའི་ཚེ་ཆེས་མགྱོགས་པོ་ཡོད། བྱ་འདིའི་སྒྲོ་མདོག་ནི་ཤིན་ཏུ་མཛེས་ཤིང༌། བྱ་རིགས་གཞན་ལས་མཇུག་སྒྲོ་རིང་བ་ཡོད་ཅིང༌། ལུས་ཀྱི་རིང་ཚད་ལ་ཨིན་ཅི་༣༥ནས་༥༠བར་དང༌། མཇུག་སྒྲོ་རིང་ཚད་ལ་ཨན་ཅི་༦༠ཙམ་ཡོད། རྨ་བྱ་མོའི་མཇུག་སྒྲོ་ཕོ་ལྟར་རིང་པོ་མེད། བྱ་འདིའི་ཕོ་མོ་གཉིས་ཀའི་མཇིང་པ་རིང་ལ་སྒྲོ་མདོག་སྔོན་པོ་དང་སྤྱི་གཙུག་གི་སྒྲོ་མདོག་ལྗང་ཁུ་ཡིན།

མགོ་དང་ལུས་སྟོད་ཀྱི་སྤུ་མདོག་དག་སྔོ་ལྗང་འོད་དང་ལྡན་པ་ཞིག་ཡོད། ལུས་སྨད་དང་སྐེད་པ་ལྗང་ཁུ་ཡིན། མཇུག་སྒྲོ་གསེར་འོད་དང་སྔོ་ལྗང་གི་ཚོས་མདོག་ལྡན། སྒྲོ་རྩེ་ལ་སྒོར་སྒོར་གྱི་དབྱིབས་ལྟ་བུ་ཞིག་ཡོད། རྨ་བྱས་སྒྲོ་གུར་ཕུབ་ཚེ་མཛེས་སྡུག་ཡིད་འོང་རབ་ཏུ་འཕྲོག་ཅིང་མི་རྣམས་ལ་བལྟ་བའི་མིག་གིས་མི་བཟོད་པའི་ཚོར་སྣང་སྦྱིན་ཐུབ། འབྲུག་སྐད་རྒྱག་དུས་རྨ་བྱ་སྒྲོ་གུར་ཕུབ་ཀྱི་ཡོད་པ་བཤད་སྲོལ་ཡོད་ལ། དེ་དུས་རྨ་བྱ་མངལ་ཆགས་ཀྱི་ཡོད་པ་ཡང་བཤད་ཅིང༌། དེ་ནི་བོད་པའི་བཤད་རྒྱུན་ཙམ་ཡིན།

ཟས་སུ་གཙོ་བོ་འབྲུ་རིགས་དང༌། ཤིང་ཏོག་གི་རིགས། དེ་བཞིན་འབུ་སྲིན་དང༌། ཉ་སྦལ་རིགས་སོགས་ཅི་རིགས་ཁ་ཟས་སུ་ལོངས་སྤྱོད་བྱེད་ཅིང༌། ལྷག་པར་དུག་ཤིང་སོགས་བཟའ་རྒྱུར་ཤིན་ཏུ་ནས་དགའ་པོ་ཡོད་པ་མ་ཟད། དུག་རིགས་ཇི་ཙམ་ཁ་ཟས་སུ་སྤྱད་ན་དེ་ཙམ་གྱིས་སྒྲོ་མདངས་རྒྱས་ཤིང་མཛེས་སུ་འགྲོ་ཡི་ཡོད། ང་ཚོའི་བཤད་རྒྱུན་ལ་རྨ་བྱས་དུག་མི་ཟ་ན་སྒྲོ་མདངས་མི་རྒྱས་ཟེར་སྲོལ་ཡོད་པ་ལྟར་རོ།

རྨ་བྱའི་སྒྲོའི་ཆེད་དུ་ཚེ་སྲོག་མང་པོ་ཤོར་གྱི་ཡོད་པ་དང༌། སྒྲོ་མཛེས་ཆོས་ཆེད་དུ་གང་སར་བེད་སྤྱོད་བྱེད་ཅིང༌། བོད་པས་མཆོད་རྫས་སུ་བེད་སྤྱོད་བྱེད་སྲོལ་ཡོད། བྱ་འདི་སྟོངས་ལ་ཉེ་བའི་འདབ་ཆགས་ཤིག་ཡིན་པ་དང༌། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་གྲས་སུ་ཡོད་པས། རྒྱ་གར་ནང་གང་བྱུང་རྔོན་རྒྱག་དང་གཤོག་སྒྲོ་ཉོ་ཚོང་བྱེད་ཆོག་གི་མེད།།

ཡོངས་ཁུངས་བོད་ཀྱི་རང་བྱུང་ཁོང་ཡུག་སྲུང་སྐྱོབ་ཀྱི་ཆ་འཕྲིན་དྲ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།